29 Dec 2015
1 min 56 sec
Video Overview
Creators:
Tibetan & Himalayan Library
This is a video of Tsethar Bum from Yonru Village in Chentsa singing a song called "The Girl’s Karma." This song is part of a collection of folk songs from the Rebgong cultural area.
འདི་ནི་མདོ་སྨད་རེབ་གོང་ཕྱོགས་ཀྱི་དམངས་གླུ་ཞིག་སྟེ། ནང་དུ་བུ་མོ་གནས་མ་ཞིག་གི་ལས་དབང་བརྗོད་ཡོད།
གླུ་འདིའི་ནང་དུ་བྱ་ངང་པ་དཔེ་དང་མ་བུ་མོ་དཔེ་ཅན་དུ་བྱས་ནས། བྱ་ངང་པ་བྲག་ནས་རྒས་དགོས་པ་ངང་པའི་སྔོན་ལས་དང་བུ་མོ་གནས་ཡུལ་ནས་རྒས་དགོས་པ་བུ་མོའི་སྔོན་ལས་ཡིན་པར་བརྗོད་དེ། བུ་མོ་གནས་མའི་སྡུག་ཡུས་བརྗོད་ཡོད།
- ཡ་་་་ཡ་རེ་་་་་ངས་ཡ་རེ་ལེན། །
- བྱ་ངང་པ་སེར་བོ་༼ཡེ་་འདི༽བྲག་ནས་སྐྱེས། །
- བྲག་ནས་སྐྱེས་ཏེ༼ཡེ་་འདི༽མཚོ་ནས་རྒས། །
- རྒས་དགོས་ནོ་ངང་པའི༼ཡེ་་འདི༽སྔོན་ལས་རེད། །
- མ་བུ་མོ་སྐྱེས་སྐྱེས༼ཡེ་་འདི༽ཡུལ་ནས་སྐྱེས། །
- འདི་ཡུལ་ནས་སྐྱེས་ཏེ༼ཡེ་་འདི༽གནས་ནས་རྒས། །
- རྒས་དགོས་ནོ་བུ་མོའི༼ཡེ་་འདི༽སྔོན་ལས་རེད། །