Video Overview
Kato Kyi from Sonak village in Tsekhok tells the story of how two robbers aquired a demoness's invisbility cloak.
རྐུན་མ་གཉིས་ཇག་ལ་འགྲོ་སྐབས་ལམ་བར་ནས་འདྲེ་མོ་ཞིག་དང་འཕྲད་པ་དང་འདྲེ་མོ་དེ་བསད་རྗེས་ཁོའི་ལག་ལ་མི་སྣང་བར་བྱེད་པའི་གོས་ཆེན་ཞིག་ཐོབ་པ་བརྗོད་ཡོད།
བརྙན་ཐུང་འདིར་རྐུན་མ་གཉིས་བརྐུ་བྱེད་དུ་འགྲོ་སྐབས་ལམ་བར་དུ་འདྲེ་མོ་ཞིག་གིས་རྗེས་འདེད་བྱས་པ་དང་། སྐྱེས་པ་གཅིག་གི་ཆུང་མ་ཡིན་ཁུལ་བྱས་ནས་ཁོ་ལ་མགོ་སྐོར་བཏང་བ་རེད། ཆུང་མ་འགོར་བར་སྐྱེས་པས་ཀྱང་འདྲེ་ཡིན་པ་ཚོར་བ་དང་ཁོ་ནི་འདོན་མཁན་ཞིག་ཡིན་པས། སྒང་མགོ་ཞིག་ནས་གདུགས་དཀར་འདོན་ཞོར་དང་མདེའུ་ཞིག་ལ་ཕུ་བཏབ་ནས་བསྡད། རྗེས་ནས་མདེའུ་དེས་འདྲེ་མོ་བསད་པ་དང་། དེའི་ཤུལ་ན་གོས་ཤིག་ལུས་ཡོད་པ་དེ་ནི་མི་སྣང་བར་བྱེད་པའི་གོས་ཡིན་པས། དེའི་རྗེས་ནས་ཁོས་རྒྱུན་དུ་མི་སྣང་བར་བྱེད་པའི་གོས་དེ་ཁྱེར་ནས་བརྐུ་ལ་སོང་བ་རེད།
讲述了两个小偷在路上遇到了妖精,当他消灭了妖精后得到了隐身衣的故事。
这段故事讲述了两个小偷在路上被妖魔跟踪,装成了其中一位男子的妻子。当他带回的路上准备陷害,在没害到自己之前他把妖魔给消灭了。他得到了妖魔的隐身衣,之后每次去偷东西时都带上隐身衣。
- མི་གསུམ་ཅན་ཞིག་ཡིན་ལ་བརྗེད་སོང་བ་ཡིན།
- ཚིག་གཉིས་གསུམ་ལས་མེད་གི
- མི་གཉིས་རྐུས་ལ་སོང་བ་ཡིན།
- མི་གཉིས་ཕྱི་དྲོ་ཞིག་ལ་རྐུས་ལ་འགྲོ་ཟེར་བས་རྟ་ལ་ཞོན་ནས་སོང་།
- སོང་དུས་ཁོ་གཉིས་ཀྱི་རྗེས་ལ་བུ་མོ་ཞིག་རྒྱུགས་ནས་ཡོང་།
- རྒྱུགས་ནས་ཡོང་དུས་མི་གཅིག་གི་ཆུང་མ་ཡིན་པ་འདྲ།
- མི་གཅིག་གི་ཆུང་མ་ཡིན་པ་འདྲ།
- དེ་ནས་ཡོང་སྟེ།
- ཁོ་གཉིས་ལ་བུ་གཅིག་ཡོད།
- ངེད་གཉིས་ཀྱིས་བུ་ལ་ན་བྱུང་།
- ཁྱོད་འགྲོ་ཉན་རྒྱུ་མ་རེད་ཟེར།
- ངོ་མས་ཁོའི་ཆུང་ཡིན་པ་འདྲ།
- ཁོ་འགྲོ་ཉན་རྒྱུ་མ་རེད།
- བུ་ལ་ན་བྱུང་ན་ཁོ་འགྲོ་ས་ཞིག་གང་ན་ཡོད།
- ཁྱོད་སོང་དང་ལག་ལ་ཨེ་ཡོང་གི་ལྟོས།
- ང་ཕྱིར་ལ་འགྲོ་ཟེར་ནས་ཁོ་ཕྱིར་ལ་ཡོང་།
- ཕྱིར་ཡོང་དུས་བུ་ལ་ན་བྱུང་ན་དལ་མོར་འདུག་ས་གང་ན་ཡོད་ཟེར་ནས།
- ཇེ་མགྱོགས་སུ་བཏང་ནས་སོང་ན་བུད་མེད་དེ་རྗེས་བཅད།
- རྟ་ཡི་རྗེས་བཅད།
- འདི་ཅི་འདྲའི་དགོད་སྤྱད་འདོད་ནས།
- རྟ་ཡི་བང་གི་ནང་ནས་རྒྱུགས་ནས་སོང་ན་ཡང་རྗེས་ཆོད།
- འདི་རང་བཞིན་གྱི་མི་ཞིག་མ་རེད་འདོད་ནས།
- ཕྱིར་བལྟས་བས་རྐང་བ་ས་ལ་ཐུག་མེད་པ་མཐོང་།
- ཡོང་བས་འདྲེ་ཡིན་པ་ཤེས།
- དེ་ནས་རྒྱུགས་ནས་སོང་ན་རྗེས་མི་ཆོད་རྒྱུ་མེད།
- དེ་ནས་སོང་ནས་ས་རུབ་སོང་།
- ངེད་གཉིས་འགྲོ་བའི་དུས་ཚོད་མེད་གི
- བུད་མེད་ཀྱིས་ངེད་གཉིས་འདི་ནས་འདུག་ཟེར།
- ངེད་གཉིས་ཀྱིས་བུ་ལ་ན་ཚ་བྱུང་ན་འདུག་ས་ཞིག་གང་ན་ཡོད་གི་ཟེར།
- བུ་ལ་སྐྱོན་མེད་གི་ཟེར།
- སྐྱོན་ཡོད་པ་ཞིག་མ་རེད།
- འདུག་ཟེར་བ་དང་ཁོ་ཡིས་འདྲེ་ཡིན་པ་ཤེས་ཡོད་པས་འདུག་ན་འདུག་ཟེར།
- ཁོ་གདུགས་དཀར་འདོན་མཁན་ཞིག་ཡིན།
- འདུག་ན་འདུག་ཟེར་ནས་བསྡད།
- ཇག་པ་མང་བ་རེད།
- ངེད་གཉིས་ཀྱི་རྟ་ལག་ནས་རྐུན་མས་ཁྱེར་ར།
- ཁྱོད་རྟ་ཡི་རྩིབ་ནས་ཉོལ་དང་རྟ་སྲུང་ནས་བསྡད།
- ང་སྒང་མགོ་གན་ན་སོང་ནས་སོ་རྒྱག་ནས་འདུག་ཟེར།
- མོ་རྟ་ཡི་རྩིབ་ནས་བསྐྱུར་ཏེ།
- ཁོ་སྒང་མགོ་ལ་སོང་ནས་ཆུ་བྱང་ཞིག་བཟུང་སྟེ།
- ཆུ་ཞིང་དེ་ཁྱེར་ནས་སོང་ཏེ།
- སྒང་མགོ་དེ་ནས་ཉལ་བའི་ཚུལ་བཅོས་ཏེ།
- ཁོ་ཕར་ལ་སོང་ནས་གདུགས་དཀར་བཏོན་ནས་བསྡད།
- དགོང་མོ་བོའུ་རྡེའུ་ཞིག་ལ་ཕུ་བཏབ་ནས་གདུགས་དཀར་བཏོན་ནས་བསྡད།
- བར་ཞིག་ལ་ནམ་གུང་ལ་ཐོན་དུས་འདྲེ་མོ་ལངས་ནས་ཡོང་།
- ལངས་ནས་ཡོང་སྟེ་ས་ཏོ་ཞིག་གིས་ཆུ་བྱང་ལ་བརྒྱབ།
- གཉིད་ཡོད་མེད་ལ་བལྟས།
- འགུལ་རྒྱུ་མེད་པའི་གཉིད་ཡོད་འདོད་ནས་དགའ།
- ཐེའུ་ཐེའུ་ཟེར།
- དེ་ནས་ཚུལ་རོལ་ལ་ཡོང་ནས་ཡང་ས་ཏོ་ཞིག་བླངས་ནས་བརྒྱབ།
- ཡང་འགུལ་རྒྱུ་མེད་པས་ཐེའུ་ཐེའུ་ཟེར།
- དེ་ནས་ཡང་ཚུལ་རོལ་ལ་ཡོང་ནས་ས་ཏོ་ཞིག་བླངས་ནས་བརྒྱབ།
- དེ་ནས་གཉིད་ཡོད་འདོད་ནས་སྣ་ཕུ་ཐུང་ནས་བླངས་དུས།
- ལྕགས་ཀྱི་མཆུ་ཏོ་བསྲིང་ནས་ཡོང་།
- ལྕགས་ཀྱི་མཆུ་ཏོ་སྐྱེས་ནས་ཡོང་བས།
- དེ་དུས་བོའུ་རྡེའུ་ཕུ་བཏབ་ཡོད་པ་དེ།
- བོའུ་ཡི་ཁོག་ཏུ་བཞག་ནས་བྲང་ཁར་བརྒྱབ་པས།
- ས་ཆ་ལུང་བ་དེ་འུར་གྱིས་བཀང་སོང་།
- ནངས་མོར་བལྟས་དུས་ཅི་ཡང་མེད།
- རས་རལ་བ་ཞིག་ཡོད།
- རས་རལ་བ་ཞིག་དང་།
- འདྲེ་མོ་དེའི་ཤུལ་ན་རས་རལ་བ་ཞིང་དང་སྡུད་ཆག་ཅིག་ལས་མེད།
- དེ་ནས་ཁོ་ཡིས་སྡུད་མ་མར་འཕངས་ནས།
- རས་རལ་བ་དེ་རུམ་ན་བཅུག་ཏེ་རྟ་ཞོན་ནས་ཡུལ་ལ་ཡོང་།
- ཡུལ་ལ་ཡོང་དུས།
- ཁོ་ཚང་གི་ཞོལ་དེ་ན་བྲག་སྣ་ཞིག་ཡོད།
- སྣ་ཁ་དེ་ནས་བུད་དུས་བུས་སྒོ་ཁ་ནས་རྩེད་བཞིན་འདུག
- དེ་ནས་ཡོང་དུས་ཁོ་མིས་མི་མཐོང་བ་རེད།
- བུ་ཡིས་མ་མཐོང་བ་རེད།
- དེ་ནས་ཡོང་སྟེ་རྟ་སྒོ་ནས་བཏག་སྟེ།
- ཡར་ལ་ཁྱིམ་ན་ཡོང་དུས།
- ཁོའི་ཆུང་མ་ཡིས་གོ་ཁ་ནས་ཕང་འཁེལ་ནས་བསྡད་ཡོད།
- ང་ཐོན་ཡོད་ཟེར་དུས་ཆུང་མ་ཡིས་མ་མཐོང་བ་རེད།
- ཆུང་མ་ཡིས་ངོ་ཞོག་ཞོག་གི་ལོག་ནས་སྐྲག་པ་དང་འདྲ།
- འདི་སྐྲག་རྒྱུ་རེད་འདོད་ནས་མྱུར་དུ་ཕྱིར་སོང་ནས།
- རྟ་ཞོན་ནས་ཕྱིར་སྣ་ཁ་དེ་མན་ཆད་ལ་སོང་སྟེ།
- རུམ་གྱི་རས་ཆད་དེ་བསྡུས་ནས།
- ཡོང་དུས་བུ་ཡིས་མཐོང་བ་རེད།
- ཨ་ཕ་ཐོན་ཐལ་ཟེར་ནས་རྒྱུགས་ནས་ཡོང་།
- ཆུང་མ་ཡང་སྔོན་ལ་བུད་ནས་དེ་ལྟར་བྱས།
- དེའི་རྗེས་ནས་ཁོས་རས་ཆད་དེ།
- རུམ་ན་བསྡུས་ནས་བརྐུ་རུ་སོང་ན་མིས་མ་མཐོང་བ་རེད།