Video Overview
འདི་ནི་ཁྱིམ་ཚང་ཞིག་ལ་བུ་བུ་མོ་གཉིས་ཡོད་པར་གཅེན་མོ་འདྲེ་མོ་ཞིག་ཡིན་པས་གཅུང་བོས་མཐར་གཅེན་མོ་འདྲེ་མོ་བཏུལ་བའི་་གཏམ་རྒྱུད་ཅིག་ཡིན།
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- ཁྱིམ་ཚང་ཕྱུག་པོ་ཚང་ལ་རྒད་པོ་རྒན་མོ་གཉིས་ཡོད།
- བུ་བུ་མོ་གཉིས་ཡོད།
- བུ་མོ་ནོར་རྫི་ཡིན།
- བུ་ལུག་རྫི་ཡིན།
- ཐང་ཆེན་ཞིག་ཡོད།
- བུ་དེས་ལུག་དེད་ནས་ཚེ་གང་བོར་དེ་ཐུར་ལ་འཚོས།
- ལུང་ཆེན་ཞིག་ཡོད།
- བུ་མོས་ཚེ་གང་བོར་ནོར་དེད་ནས་དེ་གྱེན་ལ་འཚོས།
- དེ་ནས་བུ་དེའི་ལུག་ལོ་རེ་རེར་ཇེ་མང་དུ་སོང་།
- བུ་མོའི་ནོར་དེ་ལོ་རེ་རེར་ཇེ་ཉུང་དུ་སོང་།
- དེ་ནས་བུ་དེ་ཡིས་ངའི་ཨ་ཅེ་ཡི་ནོར་དེར་ཅི་ཞིག་བྱུང་སོང་ངམ་ཞེས།
- ཇེ་ཉུང་ནས་ཉེ་ཉུང་ཡིན་པ་ཅི་ཡིན་ནམ་ཞེས་བཤད།
- དེ་ནས་ཁོ་ཡིས་ཨ་ཕ་ཨ་མ་གཉིས་ལ།
- ཁོའི་ལུག་ཇེ་མང་ཡིན་ལ་ཨ་ཅེ་ཡི་ནོར་ཇེ་ཉུང་རེད་ཟེར།
- དེ་ཅི་ཡིན་ནམ་ཟེར།
- དེ་ནས་ཉིན་ཞིག་ཨ་ཅེ་ལ་ཡིད་མ་ཆེས་པར་རྗེས་དེད་ནས་སོང་།
- ལུང་ཆེན་ནག་ལྡང་ཞིག་གི་ནང་དུ་ནོར་དེད་ནས་སོང་།
- དེ་ནས་ཕ་རོལ་ན་བྲག་ཁུང་ནག་ལྡང་ཞིག་ཡོད་པ་རེད།
- དེའི་སྒོ་ཁར་སོང་ནས།
- མོ་ཡིས་མཛོ་དམར་པོ་དེ་བཟུང་ནས་མགོ་སྐོར་ནས་ས་ལ་བརྒྱབ་པས།
- ཤ་ཁོག་སྟོད་ཡར་ལ་བཞག་ནས།
- ཁོག་སྨད་བཅད་དེ་ཁྲག་འཐུང་ནས།
- རོ་སྟོད་ཀྱི་ཤིག་བཏུས་ནས།
- མོ་ཡིས་མོ་ཡི་རོ་སྟོད་ཀྱི་ཤིག་བཏུས་ནས་བསྡད།
- དེ་ནས་ཁོ་ཕྱིར་ཡོང་ནས།
- ཁོ་རང་གི་ཨ་ཕ་ཨ་མ་གཉིས་ལ།
- ངེད་ཚང་གི་ཨ་ཅེ་དེ་ཡ་མཚན་ཞིག་རེད།
- ལོ་རེ་བསྡད་ནས་ནོར་ཇེ་ཉུང་རེད།
- ཁོའི་ལུག་ཇེ་མང་ཡིན་པ་དེ་ཅི་ཞིག་ཡིན་ནམ་ཟེར།
- ཁྱོད་ཁ་རོག་སྡོད་ཅེས་ཁོ་ལ་སྡིག་སྨོད་བྱས།
- དེ་ནས་ཕྱི་ཉིན་ཡང་ཁོ་རྗེས་དེད་ནས་སོང་ནས་བལྟས་དུས།
- ཡང་ལུང་བ་ནག་ལྡང་ཞིག་གི་ནང་དུ་དེད་ནས་སོང་སྟེ།
- བྲག་ཁུང་ནག་ལྡང་གི་སྒོ་ནས།
- གཡག་སེར་པོ་ཞིག་བཟུང་ནས་མགོ་སྐོར་ནས་ཐང་ལ་བརྒྱབ་པས།
- ཁོག་སྟོད་བཅད་ནས་ཁོག་སྨད་ཡར་ལ་བཞག་ནས།
- ཁྲག་འཐུང་སྟེ་རོ་སྟོད་ཀྱི་ཤིག་བཏུས་ནས་བསྡད།
- དེ་ནས་ཁོས་མདའ་ཞིག་འཕངས་ནས།
- མདའ་ཞིག་འཕངས་ནས་སེན་མོ་ཁ་མཚམས་ལ་འཁེལ་བ་ལྟར།
- མདའ་ཞིག་འཕངས་པས་མཐེ་མོ་བཅད།
- བཅད་ནས་ཁོ་ཕྱིར་ཡུལ་ལ་ཡོང་།
- ངེད་ཚང་གི་ཨ་ཅེ་འགྲིག་མི་འདུག་ཟེར་བས།
- ཁ་ནག་གོ་དེ་ལྟར་མ་བཤད་དམ་ཟེར་ནས་ཨ་མ་ཨ་མ་གཉིས་ཀྱིས་སྡིག་སྨོད་བྱས།
- ཁོ་ཁ་སང་སོང་ན་མཛོ་དམར་པོ་ཞིག་བསད་པ་དང་།
- དེ་རིང་སོང་ན་གཡག་སེར་པོ་ཞིག་བསད་པ་རེད།
- ཁྱོད་ཁ་རོག་སྡོད་ཟེར་ནས་སྡིག་སྨོད་བྱས།
- ཁོ་མི་འདུག་འགྲོ་རྒྱུ་ཟེར།
- ཁྱོད་མ་སོང་ཟེར་ནས་སྡིག་སྨོད་བྱས་ནས་ཁོ་བུད་སོང་།
- དེ་ནས་ཕ་རོལ་ཞིག་ལ་ཐང་ཆེན་ཞིག་རྒྱུད་ནས་སོང་དུས།
- དེ་ནས་ནགས་གསེང་ཞིག་ལ་ཐོན་དུས།
- སྟག་ཕྲུག་གཟིག་ཕྲུག་གཉིས་ངུས་ནས་བསྡད་ཡོད།
- ཁྱོད་གཉིས་ཅི་ཞིག་ལ་ངུ་བ་ཡིན་ཟེར།
- ཁོང་གཉིས་དུག་སྦྲུལ་གྱིས་ཟ་རྒྱུ་ཟེར།
- དུག་སྦྲུལ་ཡོང་བཞིན་ཡོད།
- ཉག་ག་གན་ནས་དུག་སྦྲུལ་ཞིག་ཡོང་ནས་ཁོང་གཉིས་ཟོས་འཇོག་པ་རེད་ཟེར།
- ཉག་ག་ཞིག་བསྟན་པ་རེད།
- ཁོས་ཁྱོད་གཉིས་སྐྱོབ་ཟེར།
- ཁོ་ཉག་ག་དེར་སོང་ནས།
- ཁོ་ཡིས་གྲི་ཤུན་ཕུབ་ནས།
- གྲི་ཡོ་ས་ལ་བཙུགས་ནས་ས་ལ་གདབ།
- རྩེ་ཁ་གནམ་ལ་བསྐོར་ནས་བུད་ཡོང་།
- ཡོང་ནས་ཁོ་ཚོས་བལྟས་ནས་བསྡད་དུས།
- དུག་སྦྲུལ་ཞིག་ཐོན་པ་རེད།
- ཉག་ག་དེའི་ཁ་བཅད་ནས་བསྡད།
- དུག་སྦྲུལ་ཞིག་ཡོང་ནས།
- དེ་ནས་དེ་དག་ནུར་ནས་ཐོན་ཐལ་ཟེར་ནས།
- གྲི་ཡི་རྩེ་མོ་ལ་ཁོ་ཡིས་ཁོ་བཀབ་ནས་བསད་པ་ཡིན།
- དེ་ནས་སྟག་ཕྲུག་གཟིག་ཕྲུག་གཉིས་ཀྱི་ཨ་མ་དེ་ཡོང་ནས།
- ཁོ་མིད་པ་རེད།
- སྟག་ཕྲུག་གཟིག་ཕྲུག་གཉིས་ངུས་ནས།
- ཁོང་གཉིས་ཀ་དྲིན་ཅན་ཞིག་གིས་དེ་རིང་སྐྱོབ་པ་ཡིན།
- ཁྱོད་ཀྱིས་ཟོས་པ་རེད་ཟེར།
- དེ་ནས་མོས་ཁ་ཐོ་སོ་ཐོག་བརྒྱབ་མེད།
- ཁྱེད་གཉིས་ཀྱིས་མོའི་སྒལ་དཀྱིལ་ལ་ཁུ་ཚུར་གྱིས་རྒྱོབ།
- མོ་སྐྱུག་ཡ་ཞེས་དེ་ལྟར་བཤད།
- དེ་ནས་ཡ་ཡ་ཟེར་ནས་ཁོ་གཉིས་ཀས།
- སྒལ་དཀྱིལ་ལ་ཁུ་ཚུར་གྱིས་བརྒྱབ་ནས་སྐྱུག་པ་རེད།
- ཁ་ཐོ་སོ་ཐོག་དེ་འདྲ་མ་བརྒྱབ་པས་ཁོ་ལྡིང་ནས་བུད་སོང་།
- དེ་ནས་མོ་ལ་སྟེར་རྒྱུ་ཅི་ཡང་མེད།
- སྟག་ཕྲུག་གཟིག་ཕྲུག་གཉིས་ཁྱོད་པ་བྱིན་པ་ཡིན།
- དེ་ཁྲིད་ནས་ཁྱོད་སོང་ཟེར།
- དེ་ནས་ཁོ་ཡིས་དེ་གཉིས་ཁྲིད་ནས་སོང་།
- རྩེ་ཞོར་དུ་སྟག་ཕྲུག་གཟིག་ཕྲུག་དང་མཉམ་དུ་རྒྱལ་བོ་ཞིག་གི་འདབས་སུ་སོང་ནས།
- རྒྱལ་བོ་ཚང་གིས་ཨ་རོད་བུ་ཚ།
- ཁྱོད་ངེད་ཚང་ནས་མག་པ་བསྡད་ན་མི་ཆོག་གམ་ཟེར།
- དེ་ཆོག་ཟེར་ནས་དེ་ཚང་ནས་མག་པ་བསྡད།
- དེ་ནས་ཁོ་ཡིས་ཨ་ཕ་དང་ཨ་མ་གཉིས་ལ་སེམས་ཁུར་བྱས་ནས།
- ཁོས་སྡུག་བསྔལ་བྱས་ནས་བསྡད་པས།
- ཁོང་གི་ཨ་ཡེ་དེས་ཁྱོད་ཀྱི་གདོང་ལ་མཛུམ་མདངས་མེད་པ་ཅི་ཡིན།
- ཁྱོད་མི་སྐྱིད་དམ་མི་སྤྲོའམ།
- དེ་ནས་ཁོ་མི་སྐྱིད་པ་མ་རེད།
- མི་སྤྲོ་བ་མ་རེད།
- ཁོ་ལ་ཨ་ཅེ་འདྲེ་མོ་ཞིག་ཡོད།
- ཁོའི་ཨ་ཕ་ཨ་མ་གཉིས་ཡོད་མེད་ཀྱང་མི་ཤེས།
- ཁོ་བལྟ་རུ་འགྲོ་དགོས་ཟེར།
- དེ་ལྟར་ལམ་ལ་ཆས་རྒྱུར་གྲ་སྒྲིག་བྱས།
- ཁོའི་ཨ་ཡེ་དེས་ཁྱོད་དེ་ལྟར་འགྲོ་ན་འགྲོ་རུ་མི་འཇུག
- ཁྱོད་འགྲོ་ན་ངེད་གཉིས་འགྲོ་ཟེར།
- དེ་ནས་ངེད་གཉིས་ཀ་མ་འགྲོ།
- ཁྱོད་སྡོད་ཟེར།
- ཁྱོད་ཀྱིས་འོ་མ་ཐལ་ཙེ་གང་དང་ཁྲག་ཐལ་ཙེ་གང་གཉིས།
- གཤིབ་སྟེར་བཞག་ནས་ཁྱོད་ཀྱིས་བལྟས་ནས་སྡོད།
- འོ་མ་ཐལ་ཙེ་གང་ཁྲག་གི་ནང་དུ་ལྡིང་དུས།
- ཁོ་ལ་སྐྱོན་མེད།
- ཁྱོད་སྡོད་དང་ཁོ་ཡོང་ཟེར།
- ཁྲག་ཐལ་ཙེ་གང་བོ་འོ་མའི་ནང་དུ་ལྡིང་ལ་ཉེ་དུས།
- ཁྱོད་ཀྱིས་སྟག་ཕྲུག་གཟིག་ཕྲུག་གཉིས་ཐོང་དང་།
- དེ་ལྟར་བྱས་ན་ང་སྐྱོབ་ཏུ་ཡོང་ནི་རེད།
- ལྡིང་ཚར་ན་ཁོ་ཡོང་རྒྱུ་མེད།
- དེ་ལྟར་བཤད་ནས་ཁོ་བུད་སོང་།
- དེ་ནས་ཡ་ཡ་ཟེར་ནས།
- མོས་ཁྲག་ཐེལ་ཙེ་གང་དང་འོ་མ་ཐེལ་ཙེ་གང་བཞག་ནས།
- མོས་དེ་ལ་བལྟས་ནས་བསྡད།
- ཁོ་སོང་དུས་རྒྱུ་ཚར་ནས་ར་ངན་མ་གཏོགས་མེད།
- ཁོ་སོང་ནས་ར་ངན་གྱི་ཕྲ་ཁུང་ནང་ནས་ཁ་རོག་གེར་བལྟས་དུས།
- ཨ་ཕ་དང་ཨ་མ་བསད་ནས་པགས་པ་སྐྱ་བ་བཅོས་ནས།
- ནང་དུ་རྩྭ་གང་རེ་བརྫངས་ནས་ཡར་སྒྱེ་མར་སྒྱེ་གཉིས་བཞག་ནས།
- མོས་དེ་ལ་ཁ་བརྡ་བྱས་ནས་བསྡད་ཡོད།
- དེ་ནས་ཁོས་རིག་སོང་།
- རིག་སོང་བས་རྒྱུགས་ཏེ་ཨ་སྐྱིད་ལ་མཉམ་དུ་ཐོན་ཐལ་ཟེར་ནས་བཟུང་།
- བཟུང་ནས་ཨ་ཕ་ཨ་མ་གཉིས་དེར་བཞག་ནས།
- མོར་ཟ་རྒྱུ་འཐུང་རྒྱུ་ཅི་ཡང་ཡོད་པ་མ་རེད།
- ཨ་ཕ་ཨ་མ་གཉིས་ལོ་ལོན་ནས་ཤི་སོང་།
- མོ་ལ་ཁ་བརྡ་བྱེད་ས་མེད་པས།
- ཨ་ཕ་ཨ་མ་གཉིས་ཀྱིས་ཁོག་ལ་རྩྭ་བརྫངས་ནས།
- མོས་དེ་ལ་ཁ་བརྡ་བྱས་ནས་བསྡད་ཡོད་ཟེར།
- ད་ལྟ་ཁྱོད་ཐོན་པ་ཤིན་ཏུ་ལེགས་པོ་རེད།
- ངེད་གཉིས་ལ་སྐོལ་རྒྱུ་ཅི་ཡང་མེད་མོད།
- མྱུར་དུ་ཆུ་སླ་ང་གང་བླུགས་ནས་ཁོ་གསོད་རྩིས་བྱས།
- དེ་ནས་ཁོས་ཤེས་ནས།
- ཨ་ཅེ་ཁོ་སྒོ་ལ་སོང་ནས་ཕྱིར་ཡོང་ཟེར།
- མོས་ཁྱོད་མ་འགྲོ་ཟེར།
- སྒོར་མ་འགྲོ་ཞེས་འགྲོ་རུ་མ་བཅུག
- དེ་ནས་ཨ་ཅེ་ཁྱོད་ཀྱིས་ངའི་སྐེ་ལ་ཐག་པ་རྒྱོབ།
- ཁོས་སྐེད་པ་ཐག་པ་བརྒྱབ་ནས་ཁྱོད་ཀྱིས་བཟུང་ནས་སྡོད་དང་།
- ཁོས་ཐག་པ་དེའི་རིང་ཐུང་ནས་སྒོ་ལ་བུད་རྗེས་ཁོ་ཕྱིར་ཡོང་ཟེར།
- ཁྱོད་ཀྱིས་ཁྱིམ་ནས་བཟུང་ནས་སྡོད།
- ཡ་ཡ་ཟེར་ནས་ཐག་པ་སྐེད་ལ་བརྒྱབ་ནས།
- སྐེད་ལ་ཐག་པ་བརྒྱབ་ནས་མོས་ཁྱིམ་ནས་བཟུང་སྟེ་བསྡད།
- ཁོ་མྱུར་དུ་སོང་ནས་ཕག་ཕྲུག་ཞིག་དང་།
- བྱ་ཕོ་ཞིག་གི་སུག་པའི་སྟེང་དུ་བརྒྱབ་ནས་བྲོས་སོང་།
- དེ་ནས་མོས་འཐེན་དུས་བྱ་ཕོ་ཡིས་ཀོ་ཀོ་ཀོ་ཟེར།
- ཁྱོད་ཀྱིས་ད་རུང་ཀོ་ཀོ་ཀོ་ཟེར་བ་ལ།
- ངས་ཁྱོད་གསོད་རྩིས་བྱེད་པ་ཤེས་བཞིན་མེད་གི
- གསོད་རྒྱུ་ཡིན་པ་ཤེས་བཞིན་མེད།
- ཁོ་ཡིས་ད་རུང་ཀོ་ཀོ་ཀོ་ཟེར་བ་རེད།
- མོ་ཁྱིམ་ནས་བགད་དེ་བསྡད།
- དེ་ནས་ཅུང་ཙམ་བསྡད་ནས་འཐེན་དུས།
- ཡང་ཀོ་ཀོ་ཀོ་ཟེར་ནས་ཡོང་རྒྱུ་མེད་གི
- དེ་ནས་མོས་བལྟས་དུས་ཤེས་སོང་།
- བདའ་ནས་ཁོ་བྲོས་བྲོས་ནས་སྡོང་བོ་ཞིག་གི་རྩེ་ལ་ཐོན།
- རྗེས་ཆོད་དུས།
- དེ་ནས་བདའ་དུས།
- མོ་ཡིས་སྡོང་བོ་དེ་ཟོས་པ་རེད།
- ཟ་དུས་ཝ་ཞིག་བུད་ཡོང་།
- ཝ་མོས་ཨ་ཅེ་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་ཟེར།
- མོའི་ལག་ཏུ་ཤ་ཡོང་ནས་ཤོར་སོང་།
- མོས་དེ་ལག་ཏུ་ཨེ་ཡོང་བསམ་ཡོད།
- ཁྱོད་ཀྱིས་ང་ལ་མཆེ་བ་ཞིག་བྱིན་ལ།
- མོས་ཁྱོད་བརྐོ་རོགས་བྱེད་ཟེར།
- དེ་ནས་མཆེ་བ་ཞིག་བབས་ནས་མཆེ་བ་དེ་ཁྱེར་ནས་བྲོས་སོང་།
- དེ་ནས་ཡང་རི་བོང་ཞིག་ཐོན་པ་རེད།
- ཨ་ཅེ་ཁྱོད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད་ཟེར།
- མོའི་ལག་ཏུ་ཤ་ཡོང་ནས་ཤོར་སོང་།
- མོས་དེ་ལག་ཏུ་ཨེ་ཡོང་བསམ་ཡོད།
- ཁྱོད་ཀྱིས་ང་ལ་མཆེ་བ་ཞིག་བྱིན་ལ།
- ངའི་ཁྱོད་བརྐོ་རོགས་བྱེད་ཟེར།
- དེ་ནས་མཆེ་བ་ཞིག་བབས་ནས་དེར་བྱིན།
- ཡང་ཁྱེར་ནས་བྲོས་སོང་།
- དེ་ནས་སྡོང་བོ་ཟོས་ཚར་ལ་ཉེ་དུས།
- སྟག་ཁྱི་གཟིག་ཁྱི་གཉིས་ཀྱིས་དྲིལ་བུ་སིལ་ལི་ལི་བྱས་ནས་ཡོང་བ་རེད།
- དེ་ནས་ཨ་རོད་བུ་གན་ཅི་རེད་སྒྲ་ཞིག་གྲགས་པ་དེ།
- ཅི་ཡང་མ་རེད།
- ཁྱོད་ཀྱིས་དེ་ཟ་ཨེ་ཐུབ་ལྟོས་དང་།
- དེ་ནས་ཅུང་ཙམ་གྱི་རྗེས་ནས་ཨ་རོད་བུ་གན་ཅི་རེད་ཟེར།
- ཅི་ཡང་མ་རེད།
- ཁྱོད་ཀྱིས་དེ་ཟ་ཨེ་ཐུབ་ལྟོས་ཟེར།
- དེ་ནས་ཟས་ནས་ཚར་ལ་ཉེ་དུས་སྟག་ཕྲུག་གཟིག་ཕྲུག་གཉིས་ཐོན་པ་རེད།
- དེ་ནས་སྟག་ཕྲུག་གཟིག་ཕྲུག་གཉིས་ཀྱིས་མོ་ཡི་མགོ་གྱེན་ནས་ཟོས་པ་རེད།
- ཁོས་སྟག་ཕྲུག་གཟིག་ཕྲུག་གཉིས་ཁྲིད་ནས་ཕྱིར་སོང་སྟེ།
- ཚང་མ་སྐྱིད་པོ་བདེ་མོ་བྱས་ནས་བསྡད་པ་ཡིན།