Skip to main content Skip to search
17 Aug 2018
8 min 52 sec
Video Overview
Creators: 
Dudul Dorjee, Tibetan & Himalayan Library, Tsering Drolma

འདི་ནི་ཁྱིམ་ཚང་ཞིག་ལ་བུ་བུ་མོ་གཉིས་ཡོད་པར་གཅེན་མོ་འདྲེ་མོ་ཞིག་ཡིན་པས་གཅུང་བོས་མཐར་གཅེན་མོ་འདྲེ་མོ་བཏུལ་བའི་་གཏམ་རྒྱུད་ཅིག་ཡིན།

གཏམ་རྒྱུད་འདིའི་ནང་དུ་ཁྱིམ་ཚང་ཞིག་ལ་བུ་བུ་མོ་གཉིས་ཡོད་པར་གཅེན་མོ་འདྲེ་མོ་ཞིག་ཡིན་པས་ཉིན་རྒྱུན་ཕྱུགས་ཟོག་བསད་ནས་བཟས། གཅུང་བོས་ཤེས་ནས་ཕ་མ་ལ་བཤད་ཀྱང་མ་ཉན་པས་ས་མཐར་བྲོས། ས་མཐའ་ནས་ཁོས་སྟག་ཁྱི་གཟིག་ཁྱི་གཉིས་བསྐྱབས་ཤིང་རྒྱལ་པོ་ཚང་ཞིག་ཏུ་གཡོག་བྱས། ནམ་ཞིག་ཁོ་ཕྱིར་ཕ་ཡུལ་དུ་ལོག་པ་ན་གཅེན་མོ་འདྲེ་མོས་ཕ་མ་གཉིས་ཀྱང་བསད་འདུག ཁོའང་བཟུང་ནས་གསོད་གྲབས་བྱེད་སྐབས་ཁོ་བྲོས་ཏེ་སྡོང་མགོར་འཛེགས་པ་དང་། སྔར་ནས་གྲ་སྒྲིག་བྱས་པའི་སྟག་ཁྱི་གཟིག་ཁྱི་གཉིས་བཏང་བས་འདྲེ་མོའི་མཆེ་བ་འགའ་རི་བོང་སོགས་ཀྱིས་བརྐུས་པ་དང་སྟག་ ཁྱི་གཟིག་ཁྱི་གཉིས་ཀྱིས་མོ་བཟས་ཟོས་ནས་ཁོས་སྟག་ཁྱི་གཟིག་ཁྱི་གཉིས་ཁྲིད་དེ་ཕྱིར་སོང་ནས་སྐྱིད་པོར་བསྡད།

这个故事主要讲述了一户人家有两个孩子,一个姐姐和一个弟弟。姐姐是一个女魔,弟弟则想办法降服了女妖姐姐。

这个故事主要讲述了一户人家有两个子女,一个姐姐和一个弟弟。姐姐是个魔女,每天以吃家里的牲畜为生。弟弟发现后告诉了父母,可父母没有听他的话。无奈之下,弟弟逃到了偏远的地方。在那里,他拯救了一只老虎和一只豹。他也在国王家当了佣人。有一天,他回到家里发现魔女姐姐把父母杀死了。他也被抓起来,正当妖女姐姐准备吃他的时候,他逃走爬上了一棵大树。然后,他放开早已准备好的虎豹,让它们去追杀魔女姐姐。不幸,魔女的尖牙被几只兔子偷走了。最后,魔女姐姐被两只虎豹杀死了。弟弟带着他的豹虎回到老家,过上了幸福的生活。

The story of a young boy who finds out his elder sister is actually a demon and how he kills her with the help of a tiger and leopard.

Transcript search
No results found for this search
0 of 0