Video Overview
This story tells how a goddess's son was rescued by a hermit.
- འབྲུག་སྐྱིད།གནའ་ཞིག་ལ།
- ཨ་ཁུ་མཚམས་པ་ཞིག་ཡོད་ནི་རེད།
- དེའི་གམ་ན་བུ་ཞིག་ཡོད་ནི་རེད།
- ཚེ་གང་བོར་བུ་ཡིས་ཝ་བསད་ནས།
- ཨ་ཁུ་མཚམས་པ་རྔ་འཛུགས་བྱིན་པ་རེད།
- ཉིན་ཞིག་ལ་བུ་དེས་རི་བོང་བསད་ནས་ཨ་ཁུ་མཚམས་པར་རྔ་འཛུགས་བྱིན།
- ཨ་ཁུ་མཚམས་པ་ངུས་ནས་བསྡད་ཡོད།
- ཨ་ཁུ་མཚམས་པ་ལགས་ཚེ་གང་བོར་ངས་ཝ་བསད་ནས་བྱིན་པ་ཡིན།
- དེ་རིང་རི་བོང་བསད་ནས།
- ཁྱོད་དེ་ལ་ངུ་བ་ཡིན་ནམ།
- དེ་མིན་ཏེ་དོ་དགོང་ཁྱོད།
- དོ་དགོང་ཁྱོད་ལ་བཟང་རྒྱུ་མ་རེད།
- དོ་དགོང་ཁྱོད།
- ཁྱེད་ཀྱི་ཨ་མ་དེ་ཚོ་འདྲེ་ཡིན་ནི་རེད།
- དེ་ཚོས་ཟ་རྒྱུ་རེད་ཟེར།
- དེར་ཁོ་རག་ཡིད་མི་ཆེས་ཟེར།
- དོ་དགོང་ཁྱོད་ཡུལ་ནས་འདུག་མི་ཉན་ཟེར།
- དེ་ན་ཨ་ཁུ་མཚམས་པ་ང་ཁྱོད་ཡོད་ས་ལ་ཡོང་ནས་འདུག་ཟེར།
- ང་ཡོད་སར་ཡོང་ན་ཡང་ཕན་ཐོགས་མེད་གི་ཟེར།
- ཁྱོད་གང་ལྟར་ཡུལ་ནས་འདུག་མི་ཉན།
- ཨ་ཁུ་མཚམས་པས་དེ་ལྟར་བཤད།
- དེ་ནས་བུ་དེ་ཡུལ་ལ་སོང་ནས།
- དོ་དགོང་ང་ཨ་ཁུ་མཚམས་པ་ཡོད་སར་འགྲོ་དགོས་ཟེར།
- མ་འགྲོ་ཟེར།
- ཨ་མས་མ་འགྲོ་ཟེར།
- ཁོ་འགྲོ་རྒྱུ་ཟེར་ནས་ཕར་སོང་ནས་མུན་རུབ་དུས།
- ཕྱིར་འོག་ལ་འཛུལ་ཏེ་བལྟས་ནས་བསྡད།
- དགོང་མོ་ཨ་མས་ཅིག་གྲྭ་སྒྲིག་བྱེད་བཞིན་ཡོད།
- ཁོ་རྗེས་དེད་ནས།
- རྗེས་དེད་ནས་བལྟས་ནས་བསྡད་དུས།
- ལུང་བ་ཞིག་གི་མདོ་ན་ཕར་རྡུམ་ནག་ལྡང་ཆེན་པོ་ཞིག་ཡོད།
- དེའི་མཐའ་ན་མི་མང་པོ་ཞིག་ཚོགས་ཡོད།
- དེ་ནས་ཕ་རྡོ་དེ་ཕྱིས་ནས།
- ཕ་རྡོ་དམར་ལངས་སེ་སོང་།
- དེ་ནས་འདྲེ་མོ་དེར་དེ་རིང་ཁྱོད་ཀྱིས་བུ་ཟ་དགོས་པ་རེད་ལ།
- མོའི་བུ་ཨ་ཁུ་མཚམས་པ་ཡོད་སར་ཞག་གི་འདུག་གི་བུད་སོང་ཟེར།
- དེ་ནས་གཅིག་ལ་ཁྱེད་ཀྱི་རྒད་པོ་ཟ་ཟེར།
- རྒད་པོ་རི་དྭགས་རྔོན་དུ་བུད་སོང་ཟེར།
- དེ་ནས་ཅིག་ཚང་གི་བུ་ཕྲུག་ཟ་ཟེར་ནས།
- ལག་རིང་མ་ཡིས་ལག་པ་བསྲིང་ཟེར་ནས།
- ཁོ་ཡི་ཨ་མའི་ལག་པ་བསྲིངས་ནས་བྱིས་པ་ཞིག་དྲུད་ནས་བུད་ཡོང་།
- དེ་ནས་ཁོ་སྐྲག་ནས་བྲོས་ནས་ཡོང་སྟེ།
- ཕྱི་ནས་འོག་ལ་འཛུལ་ནས་བསྡད་དེ།
- ཕྱིའི་ནངས་མོར་ཁྱིམ་ལ་སོང་ནས།
- ནོར་ལྡང་ལྡང་འོག་ལ་བུད་སོང་།
- དེ་ནས་ཨ་མ་ཡིས་དེ་ལྟར་བཤད།
- བུ་སོང་ནས་རྡོ་ཁྱེར་ཤོག་ཟེར།
- ལག་རིང་མ་ཡིས་ལག་པ་སྲིངས་ཁོ་ཡིས་དེ་ལྟར་བཤད།
- འདི་ཡིས་ཅི་འདྲ་ཞིག་བཤད་ཟེར་ནས།
- ས་སྤར་བ་གང་གིས་བརྒྱབ།
- བུ་དེ་ཁྱི་ཡིས་ལོག་སོང་།
- ཁྱི་དེ་རྒྱུགས་ནས་སོང་སྟེ།
- ཨ་ཁུ་མཚམས་པ་ཡོད་སར་སོང་ནས།
- ཨ་ཁུ་མཚམས་པ་ཡིས།
- སྤུ་གསང་ལ་ཡི་གེ་ཞིག་བཏགས་ནས།
- ཉག་ག་གསུམ་གྱི་ཕ་རོལ་ན་དགོན་པ་ཞིག་ཡོད།
- ཁྱོད་དེར་སོང་།
- དགོན་བདག་གི་བླ་མའི་མདུན་ནས།
- ཁྱོས་ཡི་གེ་དེ་བསྟན་ནས་དེ་ལྟར་འཕག་ར་བྱས།
- དེ་ནས་ཁོ་རྒྱུགས་རྒྱུགས་ནས།
- ཉག་ག་གསུམ་གྱི་ཕ་རོལ་ལ་སོང་ནས།
- དགོན་པ་དེར་སོང་ནས།
- དགོན་བདག་གི་བླ་མའི་མདུན་ནས།
- ཡི་གེ་དེ་བསྟན་ནས་འཕག་ར་བྱས།
- བླ་མ་ཡིས་བལྟས་ནས།
- བླ་མ་སྒོར་བུད།
- སྒོར་བུད་དུས།
- འདྲེ་རྒན་མ་ཡིས་བུ་ཞིག་བདའ་ནས་ཡོང་བཞིན་ཡོད།
- དེ་ནས་བླ་མས་ཕྱག་ལེབ་ཅིག་གིས་བརྒྱབ་ནས།
- ཤུལ་ན་འཁྲུད་སྲན་ལྡུམ་ཆགས་ཤིག་ལས་མེད་ནི་རེད་ཟེར།