Skip to main content Skip to search
17 Aug 2018
4 min 13 sec
Video Overview
Creators: 
Dudul Dorjee, Tibetan & Himalayan Library

This story tells how a goddess's son was rescued by a hermit.

འདི་ནི་ཨ་མ་འདྲེ་མོ་ཡིན་པའི་བུ་ཞིག་རི་ཁྲོད་པས་ཇི་ལྟར་བསྐྱབས་པའི་སྐོར་གྱི་གཏམ་རྒྱུད་ཅིག་ཡིན། 

གཏམ་རྒྱུད་འདིའི་ནང་དུ་བུ་ཆུང་ཞིག་གིས་དུས་རྒྱུན་རི་དྭགས་བརྔན་ཏེ་ཝའི་མཇུག་མ་རི་ཁྲོད་པ་ཞིག་ལ་སྦྱིན།  ཉིན་ཞིག་ཁོས་རི་ཁྲོད་པར་རི་བོང་མཇུག་མ་ཞིག་སྦྱིན་པ་ན།  རི་ཁྲོད་པ་ངུས་བྱུང་། རྒྱུ་མཚན་དྲིས་པ་ན་རི་ཁྲོད་པས་བུ་ལ་ཁྱོད་ཀྱི་ཨ་མ་འདྲེ་མོ་ཞིག་ཡིན་ཟེར། བུ་དོགས་པས་ངང་མཚན་མོ་ཨ་མའི་རྗེས་འབྲང་ནས་སོང་བ་ན་འདྲེ་ཚོགས་བྱེད་ས་རུ་ཐོན།  སྤྱིར་ན་དེའི་དགོང་མོ་བཟའ་བྱ་བུ་དེ་ཡིན་ཡང་བུ་ལག་ལ་མ་ཐོབ་པས་ཨ་མ་འདྲེ་མོ་ལག་རིང་མས་བྱིས་པ་གཞན་ཞིག་ཁྱེར་ནས་འདྲེ་ཚོགས་ཀྱིས་བཟས། ཕྱི་ཉིན་ཨ་མ་འདྲེ་མོས་བུས་རང་ཉིད་སུ་ཡིན་ཤེས་པ་ན་ས་སྤར་བ་གང་གིས་བུ་ཁྱི་གུར་བསྒྱུར།  ཁྱི་གུ་བྲོས་ནས་རི་ཁྲོད་པའི་སར་ཐོན་ཞིང་རི་ཁྲོད་པས་འདྲེ་མོ་ཕྱགས་མ་ཞིག་ཏུ་བཏང་ནས་བུ་བསྐྱབས། 

这是一则关于女妖的儿子如何被一个修行人解救的故事。

这则故事主要讲述了一位男孩儿经常狩猎,并常常把狐狸的尾巴送给一位山中的隐修人。有一天,他给那位隐修人送去了一只兔子的尾巴,那位修行人看到兔子的尾巴就哭了起来。男孩很不解,于是问修行人为什么要哭。修行人答道因为男孩的母亲是位女妖。儿子半信半疑,便在当晚悄悄跟着母亲来到了魔鬼聚集的地方。当天晚上魔鬼的晚餐就是这个男孩儿。由于找不着儿子,长臂妖女给群魔送来了另一位男孩儿作为晚餐。第二天,女妖知道儿子已经发现自己的真实身份。于是,用巴掌大的一块泥土将儿子变成了一只小狗。随后,小狗逃到了山中隐修人那里,修行人将女妖变成了扫帚,从而将小男孩儿解救了出来。

Transcript search
No results found for this search
0 of 0