Video Overview
Kato Kyi from Sonak village in Tsekhok tells the story of a man who was killed while out robbing others and became a ghost.
བརྙན་འདིར་ཁྱིམ་ཚང་ཞིག་གི་ཁྱིམ་བདག་ཇག་ཏུ་སོང་ནས་གཞན་གྱིས་བསད་པ། ཁོ་རང་འདྲེ་རུ་གྱུར་ནས་རང་གི་བཟའ་མི་གང་བོར་གནོད་པ་བྱས་ཚུལ་བརྗོད་ཡོད།
བརྙན་འདིར་ཁྱིམ་ཚང་ཤིག་གི་ཁྱིམ་བདག་ས་ཆ་གཞན་དུ་ཇག་ལ་འགྲོ་སྐབས་གཞན་གྱིས་བསད་པས། འདྲེ་རུ་གྱུར་ནས་བཟའ་མི་གང་བོར་གནོད་པ་གང་མང་བྱས་པ་ཡིན། རེ་ཞིག་ཁྱིམ་ཚང་དེ་ལ་གནས་མཇལ་བ་གཉིས་ཡོང་ནས་གནས་ཚང་བཏང་བ་དང་། དེ་ལས་གཅིག་ལའང་འདྲེ་ཡིས་གནོད་པ་བྱས་པས། གྲོགས་པའི་ཁོ་རང་སྔགས་པ་ངོ་མཚར་ཅན་ཞིག་གི་མདུན་དུ་བསྐྱལ་ནས་བུད་སོང་། སྔགས་པས་དེ་ལ་བྱབས་ཁྲུས་སོགས་གང་མང་བྱས་ནས་དྲག་རྗེས་སུ་འདྲེ་དེ་བཏུལ་དུ་འགྲོ་རུ་བཅུག་པ་དང་། འདྲེ་དེ་བཏུལ་རྗེས་མི་རྣམས་ཀྱིས་བློ་བདེ་བག་ཕེབས་ཀྱི་འཚོ་བ་རོལ་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
这段视频讲述了一位家长去外地打劫,不幸被人所杀。成了妖怪开始伤害的自己家人的故事。
这段视频讲述了有一次一位家长去打劫的路上被人害死了,之后那位家长变成了魔鬼,每天都会来伤害自己的家人。有一天有两位香客到他家来借宿,女主把把事情的经过告诉了他们,他们还是住了下来。那天晚上妖魔害了其中一位香客,他的朋友把他送到了一位非常了不起的禅师身边,禅师通过各种方法治救了他,并派他去除掉妖魔。除掉 妖魔之后他们就过上了幸福安逸的日子。
- གནའ་ཞིག་ལ་ཁྱིམ་ཚང་ཞིག་གི་བཟའ་དཔོན།
- ཇག་ལ་སོང་ནས་བསད་པ་རེད།
- ཇག་ལ་སོང་ནས་བསད་པ་རེད།
- དེ་ནས་དེ་འདྲེ་རུ་ལོག་ནས་བཟའ་ཚང་དེ་འདུག་གི་མ་བཞག
- བཟའ་ཚང་མང་ལ་བྱིས་པ་ཡང་མང་གི
- ནངས་མོར་བལྟས་དུས་བྱིས་པ་གཅིག་རེ་ཡི་དབུགས་བླངས་ཡོད།
- མེད་དེ་ཤི་སོང་།
- དེ་ནས་མ་བུ་ཚོས་མ་བཟོད་པར།
- དགོང་མོ་དགོང་ཇ་ཅི་ཞིག་བཅོས་ན་དེ་ཡི་ནང་ནས།
- ཟ་མ་དེ་ཧུབ་ཅིག་བླངས་ནས་ཁ་ལེབ་ཐོག་ལ་བཞག་སྟེ་མ་སོང་མི་ཉན།
- དེ་ལྟར་བྱས་ན་དེ་འཐུང་ནས་ཕྱིར་བུད་འགྲོ།
- དེ་ནས་ཤུལ་ན་ཡོད་པའི་མ་བུ་ཚོ་ཐང་ལ་སོང་ནས་ཉལ་དགོས།
- ཉིན་ཞིག་ལ་མཇལ་བ་གཉིས་ཀྱིས།
- གནས་ཚང་ཐོངས་ཟེར་ནས་ཁོ་ཚང་ལ་ཡོང་།
- ཡོང་དུས་གནས་ཚང་བཏང་ན་ཆོག་མོད།
- དགོང་མོ་ངེད་ཚང་ནས་ཞག་གིས་འདུག་མི་ཉན་ཟེར།
- གཞན་པ་དེ་སྐྲག་ནས།
- རྒན་མོ་དེས་ངེད་མ་བུ་ཚོ་བཤད་སྲོལ་མེད་པ་འདི་འདྲ་ཞིག་ཡིན་ཟེར།
- དེ་ནས་ངེད་ཚོ་དེ་ལྟར་འདུག་ཏུ་མི་འཇུག
- འདྲེ་རུ་ལོག་ནས།
- ཁྱོད་གཉིས་ཀྱང་ནང་ནས་ཉལ་ཉན་རྒྱུ་མ་རེད།
- འབྲོག་པའི་ར་ནང་ནས་ཉལ་ཉན་རྒྱུ་མ་རེད།
- དེ་ནས་ཟ་མ་དགོང་མོ་དགོང་ཇ་ཅི་ཞིག་བཟོས་ཡོད་ན།
- དེའི་ནང་ནས་སྔོན་ལ་ཅུང་ཙམ་ཞིག་བཅུས་ནས་ཡར་ལ་བཞག་སྟེ།
- བཟའ་ཚང་གང་བོས་འཐུང་ནས།
- དེ་ནས་ང་ཚོ་ཐང་ལ་ཉལ་དུ་འགྲོ་རྒྱུ།
- ཁྱོད་གཉིས་ཀྱང་ཐང་ནས་ཉལ་ན་ཞེས་རྒན་མོ་ཡིས་དེ་ལྟར་བཤད།
- གཅིག་གིས་ངེད་གཉིས་ཐང་ལ་འགྲོ་ནས་ཉལ་ཟེར།
- སྐྲག་པ་དང་དེ་འདྲ་ཞིག་ཡིན་ན་ནུས་རྒྱུ་མ་རེད།
- གཅིག་གིས་ཅི་ཞིག་བྱེད་ངེས་ཏེ་་སྐྱོན་ཡོད་ནི་མ་རེད།
- འདུག་ཅེས་བཤད་ནས་བཀོད་པ་མེད།
- གཉིས་ཀ་ར་ནང་ནས་ཉལ་ནས་བསྡད།
- གཅིག་ཡར་གྱི་རྩ་དེ་ན།
- སྐྲག་གི་ཟེར་བ་དེ་འབྲོག་པའི་སྟོད་ཀྱི་རྩ་དེ་ནས་ཉལ།
- གཅིག་ཡར་ཁའི་རྩ་ནས་འཕྲེད་དུ་ཉལ་བ་ཡིན།
- མི་སྐྲག་གི་ཟེར་བ་དེ།
- དེ་ནས་མི་སྐྲག་གི་ཟེར་བ་དེ་གཉིད་སོང་།
- སྐྲག་གི་ཟེར་བ་དེ་གཉིད་མ་ཁུགས་པར།
- དོ་དགོང་འདི་ལ་ཐོན་རྒྱུ་ཞིག་ཡོད་རྒྱུ་རེད།
- ཅིག་ཡོང་རྒྱུ་ཡོད་པ་རེད་འདོད་ནས།
- གཉིད་མ་ཐུབ།
- གཉིད་མ་ཐུབ་པར་བསྡད་དུས་ནམ་གུང་ཞིག་ལ།
- རྟ་ནག་པོ་ཞིག་ལ་ཞོན་ནས་མདུང་ཞིག་ལག་ལ་བཟུང་ནས་ཐོན་བྱུང་།
- ཡོང་ནས་སྒོ་ཁ་ནས་བབས་ཏེ།
- མདུང་སྒོ་ཁ་ནས་ས་ལ་གདབ་སྟེ།
- རྟ་སྒོ་ཆེན་ལ་བཏགས་ནས།
- ར་མཐའ་སྐོར་ནས་ཡོང་དུས་ཁོ་སྒོ་ནང་ལ་ཡོང་མ་ཐུབ་པ་རེད།
- ཁོ་གཉིས་ལ་དོགས་ཟོན་བྱས་ཏེ།
- ཡོང་མ་ཐུབ་པར་སྒོ་ནང་ནས་ཡར་འཛུལ་རྩིས་བྱས་ནས།
- མཐའ་སྐོར་ཏེ་ར་ཡི་གྲུ་ཁ་ནས་འཛུལ་རྩིས་བྱས།
- དེ་ནས་གྲུ་ཁ་གོང་མ་ནས་འཛུལ་རྩིས་བྱས།
- དེ་ནས་མར་གྱི་གྲུ་ཁ་ཚོ་ནས་ཙམ་ཙམ་བྱས་ནས་བཀོད་པ་མེད་པས།
- སྟེང་ནས་མར་ལ་ལྡིང་བས།
- ཁ་ལེབ་ཐོག་ལ་ཟ་མ་བཞག་ཡོད་པ་དེ་འཐུང་བ་དང་ཟོས་ནས།
- མི་སྐྲག་གི་ཟེར་མཁན་ཡར་ཁའི་རྩ་ན་ཉལ་ཡོད་པ།
- ཉལ་ཡོད་པ་དེའི་རྐང་པའི་འཐེན་ནས་བུད་སོང་།
- དེ་ཕར་ལ་སོང་དུས་བུ་དེ་ཅིག་གིས་བཟུང་ཡོད།
- མི་སྐྲག་གི་ཟེར་ནས་བསྡད་ཡོད་པ་དེར་སྐྱོན་མེད།
- དེ་ནས་སང་ཉིན་ནངས་མོར་རྒན་མོ་དེས་འདི་འདྲ་ཞིག་ཡིན་ནི་རེད།
- ཁྱོད་གཉིས་མདང་དགོང་ནང་ནས་མ་ཉལ་ཟེར་ན་ཁ་མི་ཉན།
- ཡུལ་ནསམ་ཉལ་ཟེར་ན་བཀོད་པ་མེད་གི
- ཅི་ཞིག་བྱེད་ཟེར།
- རོགས་པ་དེས་ཅི་བྱེད།
- ངས་འདི་ཁྱེར་ནས་འགྲོ་ཟེར།
- རོགས་པ་དེས་ཁྲིད་ནས།
- སྔགས་པ་ངར་བ་ཞིག་ཡོད་པ་རེད།
- དེའི་རྩིབ་ལ་སོང་ནས།
- དེའི་རྩིབ་ལ་སྐྱེལ་རྗེས་རོགས་པ་དེ་བུད་སོང་།
- དེ་ནས་སྔགས་པ་དེས་ཆོས་བཏོན་པས་ཁོ་དྲག་སོང་།
- དྲག་སོང་བ་རེད།
- དེ་ནས་དྲག་རྗེས་སྔགས་པ་དེ་ཡིས།
- འདྲེ་དེ་བཏུལ་བའི་ནུས་པ་ཁྱོད་ཡོད་གི
- ཁོ་གསོན་འདྲེ་ཞིག་ཏུ་ལོག་ཡོད།
- དེ་བཏུལ་བའི་ནུས་བ་ཁྱོད་ལ་ཡོད་གི་ཟེར།
- ས་ཆ་ཞིག་བཤད་ནས།
- ཁྱོད་ས་ཆ་དེར་སོང་ནས་སྡོད་དང་།
- རི་ཞིག་བབས་ཡོད་པ་དང་འདྲ།
- ཁྱོད་ཀྱི་ཚོར་སྣང་ལ་གཞུང་ཁོག་དེ་ཐུར་ལ་རི་ཞིག་འབབ།
- བབས་དུས་དེའི་ནང་ནས་གོན་པ་ནག་པོ་གོན་པ་ཞིག་གིས།
- ཚོགས་འདུ་འཚོག་ཅེས་ཀུ་འདེབ།
- དེ་དུས་ཁྱོད་ཀྱིས་ཅི་ཡང་མ་བྱེད།
- ཁོའི་ལག་ལ་བོའུ་རྡེའུ་ཞིག་བཞག
- དེ་དུས་ཁྱོད་ཀྱིས་ཅི་ཡང་མ་བྱེད།
- དེའི་འཕྲོ་ནས་ཚོགས་འདུ་འཚོགས།
- དེ་ནས་ཁོ་ཡིས་བཤད་པའི་སྐབས་ལ་ཁྱོད་ཀྱིས་རྒྱོབ་ཟེར།
- སྲོག་ལ་འབབ་པར་བྱས་ནས་རྒྱོབ་ཟེར།
- ཡ་ཟེར་ནས་སྒང་མགོ་དེ་ནས་བལྟས་དུས།
- ས་ཆ་དེའི་སྒང་མགོ་ནས་བལྟས་དུས།
- ས་རུབ་མ་རུབ་ཀྱི་བར་ལ།
- གཞུང་ཁོག་ཐུར་དུ་རི་ཁྲ་ཁྲ་དམར་ནག་ཅིག་བབས་པ་རེད།
- དེ་ནས་ས་རུབ་ནས་ཡོང་དུས།
- ཚོགས་འདུ་འཚོགས་ཟེར་ནས།
- གོན་པ་ནག་པོ་གོན་མཁན་ཞིག་གིས་འུར་བརྒྱབ།
- ཚོགས་འདུ་འཚོགས།
- ཚོགས་འདུ་འཚོག་ཁ་བྱས་ནས་བཤད་པའི་སྐབས་སུ།
- བསྔགས་པ་དེས་བཤད་པ་ལྟར་དུ།
- མདའ་ཁོག་ལ་བཞག་ནས་གཅིག་བརྒྱབ་པས།
- ས་ཆ་ལུང་བ་དེ་འུར་གྱིས་ཁེངས་སོང་།
- དེ་ནས་མེད་སོང་བ་ཡིན་ལ་རི་དེ་ཡང་མེད་སོང་།
- ས་ཆ་དེ་ནས་མེད་སོང་བ་ཡིན།
- ཁོ་ཡིས་བཏུལ་བ་རེད།
- རྒན་མོ་མ་བུ་ཚོར་ཡང་གནོད་སྐྱེལ་མཁན་མེད་པ་རེད།