Skip to main content Skip to search
25 Jan 2016
4 min 4 sec
Video Overview
Creators: 
Sonam Chophel, Dawa Tshering

Kinley Lhamo from Yong-gu in Punakha sings the song Ghola Legpai Adha Mathra. The lyrics to the song describe a type of costume for men. The term “adha marthra” refers to horizontal stripes of a fabric. These stripes, consisting of dark shades of yellow, red, orange, blue, and green, are amongst the most popular textile designs in Bhutan. Adha mathra originated in Wangdue Phodrang.

གླུ་གཞས་ གོ་ལ་ལེགས་པའི་ཨ་ཐང་དམར་ཁྲ་ ཟེར་བའི་གླུ་གཞས་འདི་ སྤུ་ན་ཁ་ཡོངས་གུ་ལས་ ཀུན་ལེགས་ལྷ་མོ་གིས་འབད་འཐེནམ་ཨིན་མས། གླུ་གཞས་འདི་ སྐྱེསཔ་ཕོ་རྒས་ཀྱི་ཕོ་ཆས་ཀྱི་སྐོར་ལས་བཤད་པ་རྐྱབ་ཨིནམ་ད་ དེ་ཡང་ གོ་ལ་ལེགས་པའི་ཨ་ཐང་དམར་ཁྲ་འདི། །ཁྲོམ་མི་ཁྲོམ་འཛོམས་ས་གྱོན་དགོ་པས། །ཁྲོམ་མི་ཁྲོམ་འཛོམས་ས་མ་གྱོན་ན། །ཡར་ལྕགས་སྒྲོམ་ཁྲ་མོར་རྒས་པ་ཕངས། །ཟེར་ ཕངས་སེམས་བསྐྱེད་དེ་ ལྕགས་སྒྲོམ་ནང་བསྡམ་བཞག་པ་ཅིན་ ལྕགས་སྒྲོམ་ནང་དེ་སྦེ་ར་ རྒསཔ་འགྱོ་ནི་དེ་གིས་ སེམས་ཕངས་མས། ཟེར་ འཐོནམ་ཨིན་པས། དེ་ལས་མར་ དཔའ་རྟགས་ བཀབ་ནེ་ལ་སོགས་པ་ལེ་ཤ་ར་འཐོན་ནི་འདུག།

Transcript search
No results found for this search
0 of 0
  • ཀུན་ལེགས་ལྷ་མོ། Kinley Lhamo གོ་ལ་ལེགས་པའི་ཨ་ཐང་དམར་ཁྲ་འདི་ལ། །
    This beautiful Adha Mathra (colourful warp-striped fabric) should be worn as a robe,
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་གྱོན་དགོ་པས་ལ། ། ཁྲོམ་མི་ཁྲོམ་འཛོམས་སར་ལ་གྱོན་དགོ་པས། །
    It should be worn once where a crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo
    It should be worn once where a crowd of people gathers.
  • ཀུན་ལེགས་ ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་མ་གྱོན་ན་ལ། །
    If it is not worn once in front of a lot of people,
  • ཀུན་ལེགས་ལྷ་མོ། Kinley Lhamo ཡར་ལྕགས་སྒྲོམ་ཁྲ་མོ་ལ་རྒས་པ་ཕངས་ལ། །
    Alas, it will just rot away in an iron box.
  • ཀུན་ལེགས་ལྷ་མོ། Kinley Lhamo མར་ལྕགས་སྒྲོམ་ཁྲ་མོའི་ལ་རྒས་པ་ཕངས། །
    Alas, it will just rot away in an iron box.
  • ཀུན་ལེགས་ལྷ་མོ། Kinley Lhamo ཕྱག་ཤན་ལེགས་པའི་དཔའ་རྟགས་བསྟན་འཛིན་འདི་ལ། །
    This beautiful blade is a noble sword,
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བཏགས་དགོ་པས་ལ། །
    It should be carried once where a crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བཏགས་དགོ་པས། །
    It should be carried once where a crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་མ་བཏགས་ན་ལ། །
    If it is not displayed once in front of a lot of people,
  • ཀུན་ལེགས་ལྷ་མོ། Kinley Lhamo ཡར་གཟར་ཤིང་ཁྲོ་མོ་ལ་རྒས་པ་ཕངས་ལ། །
    Alas, it will just go to ruin hanging on a hook.
  • ཀུན་ལེགས་ལྷ་མོ། Kinley Lhamo ཡར་གཟར་ཤིང་ཁྲ་མོ་ལ་རྒས་པ་ཕངས། །
    Alas, it will just go to ruin hanging on a hook.
  • ཀུན་ལེགས་ལྷ་མོ། Kinley Lhamo བཀབ་ནེ་ལེགས་པའི་འབུ་རས་ཁ་དམར་འདི་ལ། །
    This beautiful Khamar (kabney, a white textile) should be a ceremonial shoulder cloth,
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བཀབ་དགོ་པས་ལ། །
    It should be worn once where crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བཀབ་དགོ་པས། །
    It should be worn once where crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་མ་བཀབ་ན་ལ། །
    If it is not worn once in front of a lot of people,
  • ཀུན་ལེགས་ལྷ་མོ། Kinley Lhamo ཡར་གཟར་ཤིང་གུ་ལས་རལ་བ་ཕངས་ལ། །
    Alas, it will just go to waste draped on a hook.
  • ཀུན་ལེགས་ལྷ་མོ། Kinley Lhamo ཡར་གཟར་ཤིང་ཁྲ་མོ་(གུ་ལས)་ལ་རལ་བ་ཕངས། །
    Alas, it will just go to waste draped on a hook.
  • ཀུན་ལེགས་ལྷ་མོ། Kinley Lhamo བུམོ་ངེའི་གི་གླུ་གར་ཚིག་གསུམ་འདི་ལ། །
    I have a beautiful song of three words,
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བསྒྱུར་དགོ་པས་ལ། །
    It should be sung once where a crowd of people gathers.
  • ཀུན་ལེགས་ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་ལ་བསྒྱུར་དགོ་པས། །
    It should be sung once where a crowd of people gathers.
  • ཀུན་ལེགས་ ལྷ་མོ། Kinley Lhamo ཁྲོམ་མི་ཁྲོམ་འཛོམས་སར་མ་བསྒྱུར་ན་ལ། །
    If it is not sung once in front of a lot of people,
  • ཀུན་ལེགས་ལྷ་མོ། Kinley Lhamo བུ་མོ་ཁོག་པའི་ནང་ལུ་ལ་ཡལ་བར་ཕངས་ལ། །
    Alas, it will just be disappear inside of me.
  • ཀུན་ལེགས་ལྷ་མོ། Kinley Lhamo བུ་མོ་ཁོག་པའི་ནང་ལུ་ལ་ཡལ་བར་ཕངས། །
    Alas, it will just be disappear inside of me.