Video Overview
A young woman looks at a hotel room and eventually decides to stay there.
- Lhasa
- Ü
- ལས་ཀ་བྱེད་མཁནབཀྲ་ཤིས་བདེ་ལེགས།
- མགྲོན་པོབཀྲ་ཤིས་བདེ་ལེགས།
- མགྲོན་པོཁང་མིག་སྟོང་པ་ཨ་ཡོད་ཁྱེད་རྣམས་ཚོ།
- ལས་ཀ་བྱེད་མཁནད་ལྟ་ཁང་མིག་ཚང་མ་སྟོང་པ་རེད་བཞག
- མགྲོན་པོཨ་ལས་་་་།
- ལས་ཀ་བྱེད་མཁནཨ་ཅག་རང་ག་ཚོད་དགོས་ཡོད་ན།
- མགྲོན་པོདེ་གང་འདྲས་ཡིན་ན་ཁང་གླ
- ལས་ཀ་བྱེད་མཁནམི་གཉིས་ཉལ་ས་དེར་སྒོར་མོ་ཉི་་་་ཉི་བརྒྱ་དྲུག་བཅུ་རེད་བཞག
- མགྲོན་པོགནོངས་སོ།
- ལས་ཀ་བྱེད་མཁནམི་གསུམ་ཉལ་ས་དེར་སྒོར་མོ་སུམ་བརྒྱ་བརྒྱད་བཅུ་རེད་བཞག
- མགྲོན་པོཨ་ལས། ཆུ་ཁང་ཨ་ཡོད་གཉིས་ཆ་ལོགས་ལ།
- ལས་ཀ་བྱེད་མཁནཆུ་ཁང་དང་༼༼འཁྲ་འཁྲུ་༽༽རྒྱག་ས་དང་དེ་གས་ཚང་མ་ཡོད་རེད།
- མགྲོན་པོགནོངས་སོ། ཨ་ལས།
- ལས་ཀ་བྱེད་མཁནལེ་སེ།
- མགྲོན་པོཨ་ནི་འོང་་་་འདིར་ཞབས་ཕྱི་ག་རེ་ག་རེ་ཡོད་ན་འདིར།
- ལས་ཀ་བྱེད་མཁནད་ལྟ་ཆུ་ཚོད་ཉི་ཤུ་རྩ་བཞི་འོང་་་་ཚང་མ་ཡོད་རེད།
- ལས་ཀ་བྱེད་མཁནལས་ཀ་ག་རེ་བྱས་ནའི་ལས།
- ལས་ཀ་བྱེད་མཁནའོང་་་་་ད་འགྲུལ་པ་དེ་གས་ག་རེ་དགོས་ནའི་རེད།
- ལས་ཀ་བྱེད་མཁནཐབས་ཤེས་ཁོང་ཚོས་ཞབས་ཕྱི་ཞུ་གི་རེད།
- མགྲོན་པོཨ་་་་ཞལ་ལག་དང་ཨེ་འདྲས་གང་འདྲས་ཡིན་ན།
- ལས་ཀ་བྱེད་མཁནའོང་་་་ཞལ་ལག་ཞོགས་ཀས་དང་ཉིན་དགུང་དང་དགོང་དག་ཞལ་ལག་ཚང་མ་ཡོད་རེད་ཆ་ཚང་།
- མགྲོན་པོཨ་ལས། གནོངས་སོ།
- ལས་ཀ་བྱེད་མཁནད་དའི་ཞོགས་ཀས་དེར་ཉི་ཤུ་བྱས།
- ལས་ཀ་བྱེད་མཁནདགོང་དག་དེ་དང་ཉིན་དགུང་དེར་བཞི་བཅུ་བཞི་བཅུ་རེད།
- མགྲོན་པོཨ་ལས། གནོངས་སོ།
- མགྲོན་པོབོད་ཟས་ཡིན་ན་་་་་
- ལས་ཀ་བྱེད་མཁནབོད་ཟས་དང་རྒྱ་ཟས་དང་ཡང་ཕྱི་རྒྱལ་གྱི་ཞལ་ལག་དེ་འདྲས་་་་
- མགྲོན་པོཚང་མ་ཡོད་རེད་པས་ལ།
- ལས་ཀ་བྱེད་མཁནཚང་མ་འདུག་ལ།
- མགྲོན་པོཨ་ལས་ཨ་ནི་ཡག་པོ་ཞེ་པོ་ཅིག་འདུག
- མགྲོན་པོཁྱེད་རྣམས་ཚོའི་མགྲོན་ཁང་སྙིང་རྗེ་པོ་ཞེ་པོ་ཅིག་འདུག་ག
- མགྲོན་པོབརྐོས་ཡག་པོ་ཞེ་པོ་ཅིག་བསྐྱོན་བཞག
- ལས་ཀ་བྱེད་མཁནལ་འོང་དེ་བོད་རིགས་ཀྱི་བོད་པའི་དེ་རེད་་་་་
- ལས་ཀ་བྱེད་མཁནརིགས་གཞུང་གི་དོན་དག་ཨ་ནི་དེ་ཡར་གསར་བཅོད་བྱས་པ་ཞིག་རེད།
- མགྲོན་པོཨ་ལས།
- མགྲོན་པོསྙིང་རྗེ་པོ་ཞེ་པོ་འདུག
- མགྲོན་པོགཞན་དག་མགྲོན་ཁང་མང་པོར་ཕྱིན་པ་ཡིན་དའི།
- མགྲོན་པོདེ་འདྲས་ཡག་པོ་མིན་འདུག
- མགྲོན་པོའཚང་ག་ཚ་པོ་དང་ཨ་ནི་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ཨེ་འདྲས་མིན་འདུག་ག་ལ།
- ལས་ཀ་བྱེད་མཁནལ་འོང་། དེ་འདི་རེད་ལ་མགྲོན་ཁང་དེ་སྒོ་འཕྱེ་བྱས།
- ལས་ཀ་བྱེད་མཁནཟླ་བ་གཉིས་གསུམ་ཅིག་ལས་འགྲོ་གི་ཡོད་མ་རེད།
- མགྲོན་པོཨ་ལས། གནོངས་སོ།
- མགྲོན་པོསྐུ་མགྲོན་མང་པོ་ཡོད་པ་འདྲ་འདུག་ག
- ལས་ཀ་བྱེད་མཁནད་ལྟ་དེར་སྐུ་མགྲོན་ཡོད་ཀྱོག་ཚང་མ་མང་ཆེ་བ་ཕྱི་རྒྱལ་ནས་རེད།
- མགྲོན་པོཨ་ལས། གནོངས་སོ།
- ལས་ཀ་བྱེད་མཁནརྒྱ་མི་ཁ་ཤས་ཁ་ཤས་ཅིག་ལས་མིན་འདུག
- ལས་ཀ་བྱེད་མཁནལད་སེ། གནོངས་གནོངས་གནོངས།
- མགྲོན་པོམགྲོན་ཁང་ཅིག་གཟིགས་ན་་་་བལྟས་ནས་འགྲིག་གི་ཨ་ཡོད།
- ལས་ཀ་བྱེད་མཁནའགྲིག་གི་རེད།
- ལས་ཀ་བྱེད་མཁནཨ་ལས་ཡར་ཅིག་ཕེབས་ད།
- མགྲོན་པོལད་སེ། ཐུགས་རྗེ་ཆེ་གནང་།
- མགྲོན་པོཐོག་ས་ག་ཚོད་ཡོད་ན།
- ལས་ཀ་བྱེད་མཁནཐོག་ས་གསུམ་ཐོག་རེད།
- མགྲོན་པོཨ་ལས།
- ལས་ཀ་བྱེད་མཁནང་ཚོ་ཁང་པ་སྟོང་པ་འོང་་་་མང་པོ་འདྲ་མི་འདྲ་འདུག
- མགྲོན་པོཨ་ལས།
- ལས་ཀ་བྱེད་མཁནཨ་ནི་ཨ་ཅག་རང་ག་རེར་གཉེས་པོ་ཡོད་ན།
- ལས་ཀ་བྱེད་མཁནཅིག་གཟིགས་ད།
- མགྲོན་པོལད་སེ།
- མགྲོན་པོང་ཁང་པ་ཆེ་བ་དེ་འདྲས་ལ་ཏད་ཙ་༼ཏོག་ཙམ་༽དགའ།
- ལས་ཀ་བྱེད་མཁནལད་སེ།
- ལས་ཀ་བྱེད་མཁནདེར་ལ་ཅིག་གཟིགས་ད།
- མགྲོན་པོལད་སེ།
- མགྲོན་པོའོང་་་་་་ཁང་པ་དེ་འཚམ་པོ་ཞེ་པོ་ཅིག་འདུག
- ལས་ཀ་བྱེད་མཁནལ་འོང་ལ་དེར་་་་།
- མགྲོན་པོའཁྲུ་ཁང་དང་དེ་གས་གང་ག་ཆ་རེད་པས།
- ལས་ཀ་བྱེད་མཁནགཅིག་པ་གཅིག་རྐྱང་རེད།
- ལས་ཀ་བྱེད་མཁནའཁྲུ་ཁང་དང་དེ་གས་ཚང་མ།
- མགྲོན་པོལད་སེ། འདི་གོང་ཚད་ག་ཚོད་ཡིན་ན།
- ལས་ཀ་བྱེད་མཁནའདིར་ཉི་བརྒྱ་དྲུག་བཅུ་རེད།
- ལས་ཀ་བྱེད་མཁནཕར་གིའི་དེ་གོང་མཐོ་ཤོས་རེད་ལ།
- མགྲོན་པོཨ་ལས། གནོངས་སོ།
- ལས་ཀ་བྱེད་མཁནད་ཆུང་ཤོས་ཟེར་ནའི་འདི་རེད།
- མགྲོན་པོལད་སེ། དེ་ཡག་པོ་ཞེ་དྲག་འདུག
- མགྲོན་པོཏག་ཏག་བྱེད་པ།
- ལས་ཀ་བྱེད་མཁནལད་སེ།
- མགྲོན་པོམི་གཅིག་ལ་ཡ།
- མགྲོན་པོཨ་ནི་ཉལ་ཁང་དེ་གཉར་༼གཉེར་༽ཞུགས་རོགས་གནང་།
- ལས་ཀ་བྱེད་མཁནལད་སེ།
- ལས་ཀ་བྱེད་མཁནཨ་ནི་ང་དེ་ཅ་ལག་དེ་གས་ཚུར་འཁྱེར་ཡོང་བྱས།
- ལས་ཀ་བྱེད་མཁནཨ་ནི་དེའི་ནང་ལ་ཡར་དོ་དགོང་དེ་བྱེད་གར་ཡོང་གི་ཡིན།
- ལས་ཀ་བྱེད་མཁནཨ་ཅག་ཐུགས་ཁྲལ་མེད་་་་་།
- ལས་ཀ་བྱེད་མཁནལད་སེ་་་་་ལད་སེ།