Skip to main content Skip to search
31 Jan 2012
7 min 34 sec
Video Overview
Creators: 
Unknown

In an interview with Dr. Jose Cabezon, Geshé Sopa speaks about the differences between the American and Tibetan educational systems.

Transcript search
No results found for this search
0 of 0
  • དྲི་བ་ལེན་མཁན་ Questioner
    ཁྱེད་རང་ནི་སྲོལ་རྒྱུན་བོད་ཀྱི་སློབ་གསོ་ལམ་ལུགས་དང་དེང་དུས་ནུབ་ཕྱོགས་པའི་སློབ་གསོ་ལམ་ལུགས་གཉིས་ཀའི་སྦྱོར་བརྡར་ཐོབ་མྱོང་མཁན་གྱི་མི་ཉུང་ཤས་ནང་གི་གཅིག་རེད།
    You are one of the few people who have experience both classical Tibetan educational system and western educational system.
  • དགེ་བཤེས་བཟོད་པ་ Geshé Sopa
    རེད།
    Ah hum.
  • དྲི་བ་ལེན་མཁན་ Questioner
    གལ་སྲིད་ཁྱེད་ཀྱིས་ལམ་ལུགས་དེ་གཉིས་སྟེ། ནུབ་ཕྱོགས་པའི་སློབ་གསོའི་ལམ་ལུགས་དང་བོད་ཀྱི་སྲོལ་ལུགས་ཀྱི་སྲོལ་རྒྱུན་གཉིས་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།
    If you compare the two, what is your impression of the western educational system compare to the traditional Tibetan.
  • ལེགས་པའི་ཆ་མང་པོ་དང་སྐྱོན་ཆ་མང་པོ། ཡང་ན་ལམ་ལུགས་དེ་གཉིས་ཀར་རང་རང་སོ་སོའི་ལེགས་ཆ་དང་སྐྱོན་ཆ་གཉིས་ཀ་ཡོད་པའི་མཐོང་ཚུལ་ཞིག་བཟུང་གི་ཡོད་དམ།
    Are there advantages, disadvantages of one system or each has their own advantages and disadvantages?
  • དགེ་བཤེས་བཟོད་པ་ Geshé Sopa
    དེའི་སྐོར་ལ་ང་རང་གི་བསམ་ཚུལ་ནི། གལ་སྲིད་ཁྱེད་ཀྱིས་རང་ཉིད་མི་ཚེ་ཁོ་ནའི་ཆེད་དུ་ཆོས་སློབ་གཉེར་བྱེད་ཀྱི་ཡོད་ན། ཚེ་འདིའི་ཆེད་དུ་ཡིནའང་འདྲ། སྐྱེ་བ་ཕྱི་མའི་ཆེད་དུ་ཡིན་ནའང་འདྲ།
    Well I would say, on that, if you are spiritually, and one's personal life, for this life and future life,
  • གཏིང་ཟབ་པོའི་ཐོག་ནས་སྐད་ཆ་བཤད་ན། དེ་ཡང་ཆོས་ཀྱི་གནས་རིམ་མཐོ་པོའི་ཐོག་ནས་བཤད་ན། སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་རྣམ་གྲངས་མང་པོ་ཡོད། མདོ་དང་སྔགས། ཐེག་ཆེན་དང་ཐེག་དམན་ལ་སོགས་པ་ལྟ་བུ།
    and in a deeper sense, spiritual, high-level sense, of course,་pure teachings of Buddha, and so many teachings, Buddhist teachings, both sutra and tantra, Hinayana, Mahayana,
  • བོད་ཀྱི་ནང་བསྟན་དེ་ནི་དེ་དག་ཡོངས་རྫོགས་ཕྱོགས་བསྡུས་བྱས་པ་ཞིག་རེད།
    the Tibetan Buddhism is a combination of everything.
  • སྟབས་བདེའི་ངང་ནས་བཤད་ན། བོད་ནང་དུ་བགྲང་བྱ་ཡི་བརྒྱུད་རིམ་ནང་ནང་ཆོས་ཀྱི་སློབ་གཉེར་དེ་གོ་རིམ་དང་ལྡན་པ་ཞིག་ཆགས་ཡོད། དེ་ཡང་ཕྱིའི་བཙན་འཛུལ་མེད་པ་དང་།
    And also let just vaguely, it is well stepped, years and years in Tibet. In quite, no other country coming and ...
  • བོད་ཀྱི་ནང་ཆོས་རང་སོར་གནས་ནས་སློབ་གཉེར་བྱེད་ཕྱོགས་ཐད་ལ་ཚད་དང་ལྡན་པ་ཞིག་དང་། དོ་སྣང་ཡང་བྱེད་མཁན་མང་པོ་ཡོད།
    there just stayed there and developed scholarship, and interest in Buddhism, so much.
  • དེ་འདྲ་སོང་ཙང་སློབ་གཉེར་དང་། སྒོམ་ཉམས་ལེན། བཟོ་རིག ཆོ་ག་སོགས་གང་སྤྱི་ཐད་ལ་རྨང་གཞི་གཏིང་ཟབ་བཙུགས་ཐུབ་པ་བྱུང་ཡོད།
    So, therefore, they thoroughly established teachings, meditations, technical, rituals, etc.
  • དེ་ཡང་དད་པ་ཁོ་ན་དང་རྨོང་དད་ཁོ་ནར་བརྟེན་ནས་མ་ཡིན་པར། ལུང་དང་རིག་པ་ལ་བརྟེན་ནས་ཡོད་པ་ཞིག་རེད།
    Not just faith, mere blind faith, scripturally, logically.
  • དེ་རྨང་གཞི་གཏིང་ཟབ་ཚུགས་ཡོད་པ་དང་། ཚད་མཐོ་ཤོས། ངའི་བསམ་པར་ཕལ་ཆེར་འཛམ་གླིང་ནང་ཚད་མཐོ་ཤོས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།
    It was well established. It is the highest. Almost, I think world highest.
  • དེའི་ཐོག་ནས་བཤད་ན། བོད་ཀྱི་ནང་བསྟན་གྱི་རིག་གཞུང་དེ་ཚད་མཐོ་ཤོས་ཤིག་རེད།
    On that base, highest culture, Tibetan culture.
  • འོན་ཀྱང་དེང་དུས་ཀྱི་འཚོ་བ་གནས་སྟངས་དང་། ཁང་ཁྱིམ། ལུང་པོ་ཁོ་ནར་ཆ་མཚོན་ན་སྟོབས་ཤུགས་དང་དམག་དོན། རྒྱ་ནོར་ལོངས་སྤྱོད་ལ་སོགས་པ་ཚེ་དེ་ཁོ་ནའི་གནས་སྟངས་ཀྱི་ངོས་ནས་བཤད་པ་ཡིན། དེས་ན་བོད་ཀྱིས་གཞན་དང་བསྡུར་ཐབས་རྩ་བ་ནས་མེད།
    But the modern, this life, family life and house, the country itself, many many power and military, wealth that sort of, only this life, situation. Then there is no comparison with Tibet.
  • ནུབ་ཕྱོགས་ནང་དཀོན་མཆོག་ཡོད་པ་ཡིད་ཆེས་དང་ཁོང་ཚོར་ཆོས་ཡོད་ཀྱང་། ཚན་རིག་ལ་དོ་སྣང་ཐོག་པ་ནས་ཡོད།
    Western, west is from the very beginning scientifically, of course, belief in God, religion, they have.
  • འོན་ཀྱང་ཁོང་ཚོའི་ཆོས་ལུགས་ནི་བོད་ཀྱི་ནང་ཆོས་དང་གཅིག་པ་མ་རེད།
    But religion is not the same as Tibetan Buddhism.
  • ཁོང་ཚོའི་ཆོས་ལུགས་གཙོ་བོ་དད་པ་ལ་བརྟེན་ནས་ཡོད་པ་ཞིག་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་ཡོད།
    Religion taught under the faith, more, I think, following the faith.
  • དེ་ནས་ཆོས་ལུགས་ཀྱི་སློབ་ཚན་ཁག་འདྲ་མིན་ཡོད་པ་སོགས་དེ་རིགས་ཡོད།
    And then there is the lot of religious classes, all those things.
  • དེའི་སྟེང་། མི་ཚེ་འདི་དང་། གནས་སྐབས་ཀྱི་འཚོ་བའི་གནས་སྟངས་ཀྱི་ཆེད་དུ་ང་ཚོར་དེང་དུས་ཚན་རིག་གི་ཤེས་བྱ་ཕྱུག་པོ་ཡོད།
    Then addition is, this life, for temporary life, we have well established scientific knowledge, based on the modernized.
  • དེ་ནས་སྐད་ཡིག་དང་། ཚན་རྩལ། སྨན་བཅོས། ཚན་རིག ཁང་བཟོ་འཆར་འགོད་རིག་པ། ལ་སོགས་པ་དེ་དག་གང་གི་ཐོག་ནས་བཤད་ཀྱང་། ནུབ་ཕྱོགས་པ་རྣམས་འཕེལ་རྒྱས་ཧ་ཅང་གི་ཚད་མཐོ་པོར་སླེབས་ཡོད།
    And the language, technical, ah... cure, medical science and architectural science, and all these, techniques in the world. Whatever, the West is so much developed.
  • དེ་ཡང་དེ་དག་གི་ཤེས་བྱ་དེ་ཚོ་མི་མང་སྤྱི་ཡོངས་ནས་སློབ་སྟོན་དང་། དེ་བཞིན་སློབ་གྲྭའི་ལམ་ལུགས་ཀྱི་ཐོག་ནས་སློབ་འཁྲིད་བྱེད་ཀྱི་ཡོད། དེ་ཡང་གོ་རིམ་ལྡན་པའི་ཐོག་ནས་དེ་ལྟར་བྱེད་ཀྱི་ཡོད།
    And that was also taught publicly and also [through] class system. Systematically these kinds of things.
  • འོན་ཀྱང་བོད་པ་ཚོས་གཙོ་བོ་རང་རང་གི་སློབ་གཉེར་བྱེད་ཀྱི་ཡོད།
    As [In case of] Tibetan, is more own studying, learning, there is some kind of other watching and higher ...
  • བོད་ནང་དུ་དགེ་འདུན་ཡིན་ནའང་འདྲ། ཡང་ན་མི་དཀྱུས་ཤིག་སུ་ཡིན་ཀྱང་ནང་ཆོས་ལ་དོ་སྣང་ཆེན་པོ་ཡོད།
    But they mainly, all lay people, ordained people, all of them have interest.
  • ཐ་ན་མི་དཀྱུས་མའི་ནང་དང་། ཐ་ན་ཞིང་པ་ལ་སོགས་པ་མང་པོས། ཆོས་ཀྱི་བསླབ་བྱ་དང་། བླ་མ། དགེ་འདུན། དགོན་པ་སོགས་ལ་དད་གུས་ཆེན་པོ་ཡོད།
    Even lay people, even lots of farmers, the more respect to the spiritual teachings, lamas, monks, monasteries.
  • ཁོང་ཚོའི་ཕྲུ་གུར་ཆ་མཚོན་ན། དཔེར་ན་ཕ་མ་གཉིས་ལ་ཕྲུ་གུ་བུ་སྤུན་གསུམ་མམ། ཡང་ན་བུ་མོ་གསུམ་ལྟ་བུ་ཡོད་པ་ཆ་བཞག་ན། ཁོང་ཚོས་གང་བྱེད་ཀྱི་རེད་དམ་ཟེར་ན།
    Their children also, if they have, like three sons or three daughters, what they would do?
  • ཁོང་ཚོ་ཕྲུ་གུ་ཚང་མ་རང་གི་སར་མི་ཉར་བར། གཅེས་པོ་བྱེད་པའི་ཕྲུ་གུ་གཅིག་ནང་དུ་ཉར་ནས། གཞན་གཉིས་པོ་གྲྭ་སར་གཏོང་བ་སོགས་བྱེད་ཀྱི་རེད།
    They would not keep everybody. Maybe they like maybe, one of them. Two of them like to go in their religious sense.
  • ཕྱོགས་གཉིས་ཀར་ཁྱབ་ཐུབ་པ་བྱེད་ཀྱི་རེད། བྱས་ཙང་དེ་རིགས་ཡོད། རྗེ་མི་ལ་རས་པས་འདི་འདྲ་ཞིག་གསུངས་གནང་ཡོད།
    So, therefore, both ways. So that kind of usual feeling of, like that. And that way, then, Milarepa said,
  • "ཕུག་སྒྲུབ་པ་བརྒྱབ་པའི་སྒོམ་ཆེན་ཡིན། མདའ་རུ་འཚོ་བ་སྦྱོར་བའི་ཡོན་བདག་ཡིན། གསང་རྒྱ་མ་ཁྱབ་པའི་རྟེན་འབྲེལ་ཡིན།" ཟེར་།
    "Puk druppa gyap pé gomchen yin. Daru tsowa jorwé yöndak yin. Sanggya makhyap pé tendrel yin."
  • དེའི་དོན་གང་རེད་ཟེར་ན། "སྒྲུབ་པ་བརྒྱབ་" ཟེར་ན་ཆོས་ཉམས་ལེན་ལ་སོགས་པའི་ཆོས་ཀྱི་བྱེད་སྒོ་ལ་གོ་དགོས། "སྒོམ་ཆེན་" སྒོམ་ཉམས་ལེན་གནང་མཁན།
    That means, up there, "druppa gyap" means, practicing dharma, religion, etc. Spiritual, doing these. "Gomchen" means meditator.
  • མདའ་རུ་ཟེར་ན་རི་གཤམ་ལ། འདིར་ "འཚོ་བ་སྦྱོར་བ་" ཟེར་ན་ཞིང་པ་དང་། ཞིང་ཁ། ཞིང་ལས་ལ་སོགས་པའི་འཇིག་བརྟེན་གྱི་བྱ་བཞག་ལ་གོ་དགོས།
    "Daru" means way down the valley, there is, "tsowa jorwé" means working farmers, farmland, agriculture, etc.
  • དེ་ལྟར་ཆོས་ཡོན་གཉིས་ཀས་ཕན་ཚན་གཅིག་ཕན་གཅིག་གྲོགས་བྱེད་ཐུབ་ཀྱི་ཡོད། ཆོས་པས་ཡོན་བདག་ལ་ཆོས་ཀྱི་སློབ་སྟོན་དང་། ཡོན་བདག་གིས་ཆོས་པར་འཕྲལ་སེལ་གྱི་ཟས་དང་གོས་ལ་སོགས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད།
    And they would support there, so, therefore, both are, upper there, down to spiritually help. Down there, from up there to maybe temporary food, clothes, some help.
  • དེ་ལྟར་མཉམ་དུ་བྱས་ནས་འབྲས་བུ་ཡག་པོ་ཐོབ་ཐུབ་ཀྱི་ཡོད་པས་ན། རྗེ་མི་ལ་རས་དེ་ལྟར་གསུངས་ཡོད།
    These two together, finally come out good sort. So this is Milarepa saying like.
  • དེ་དང་འདྲ་བར། ངའི་བསམ་པར་དེ་འདྲ་བའི་ཚོར་སྣང་རིགས་མང་པོ་ཡོད།
    Similarly, I think there is a lot of feelings. That kind of feelings.
  • བྱས་ཙང་སློབ་གསོའི་ལམ་ལུགས་གཅིག་མཚུངས་མེད་པ་དང་། ལྟ་བའི་ཕྱོགས་ནས་ཀྱང་མི་འདྲ་བའི་ཁྱད་པར་ཡོད།
    So, therefore, a system of the scholarship also completely different. Attitude some different.
  • སྔར་བོད་ནང་ཁྱེད་ལ་སློབ་གསོ་སྤྲོད་སྟངས་མི་འདྲ།
    Earlier, where you scholarship need is the Tibetan real sense.
  • ད་ཆ་འདྲ་གི་མ་རེད། སྔ་མོ་ཡིན་ན་དེང་དུས་ནང་བཞིན་གྱི་ནོར་དང་། དམག་དོན་གྱི་ཡར་རྒྱས། དེ་དག་ཚང་མ་ཆོས་ཀྱི་འགལ་ཟླར་ངོས་བྱེད་ཀྱི་ཡོད།
    Now it is different. In ancient time, of course, modern wealth and developing military, and all these, those things are in opposition to religion.
  • དེ་འདྲ་སོང་ཙང་མི་ཚང་གནད་དོན་དེ་དག་གི་ཐོག་ལ་ཁ་ཁུ་སིམ་པོར་བསྡད་པ་དང་། མི་མང་གི་ངོས་ནས་ཀྱང་དེ་ཙམ་དོ་སྣང་བྱེད་མཁན་མེད། བློའི་འཁྱེར་གསོ་དང་ལྟ་བ་མི་འདྲ།
    So everybody quite and much much publicly has special, different attitude, feelings.
  • ནུབ་ཕྱོགས་ནང་དུ་དེ་ལྟར་བྱས་པ་ཡིན་ན་ལྐུགས་རྟགས་རང་བཞིན་ངོས་འཛིན་བྱེད་ཀྱི་རེད།
    Here, West, if you do that, those are kind of stupid ones.
  • གང་ཡང་མི་ཤེས་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་རེད། བྱས་ཙང་ཁྱེད་ཀྱི་མི་ཚེའི་འཇིག་རྟེན་གྱི་བྱ་བཞག་ལ་འགྲུབ་འབྲས་ཐོན་པ་བྱེད་རྒྱུ་ལ་སོགས་པ་བྱེད་དགོས་ཀྱི་ཡོད།
    They don't know anything. You need more, much much life successful, etc.
  • ལྟ་བའི་ཐོག་ནས་ཀྱང་མི་འདྲ། ཕྱིའི་དངོས་པོ་ཆ་ནས་བཤད་ན་ནུབ་ཕྱོགས་ནང་དུ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལ་མི་ཚོས་ཀྱང་འབད་བརྩོན་ཤུགས་ཆེ་དང་ནུས་པ་ཐོན་པ་བྱེད་དགོས་ཀྱི་ཡོད།
    Attitude also different. Also West, I feel is very this kind of development, harsh work, and worker are effective.
  • འཛམ་གླིང་གང་སར་མི་ཚོས་རང་གི་ནུས་པ་ཐོན་ཐུབ་པ་བྱེད་དགོས། ང་ཚོའི་བོད་ཀྱི་ནང་ཆོས་བློ་མགུ་ནུས་པ་ཞིག་ཡོད། འོན་ཀྱང་གཏིང་ཟབ་པོའི་ཐོག་ནས་བློ་མགུ་བ་ཡོང་བ་བྱེད་རྒྱུ་དེ་ཧ་ཅང་གི་གལ་གནས་ཆེན་པོ་རེད།
    Effective for modern people worldwide. Our Buddhism is very very quiet and interesting. Of course, difficult to interest deeply.
  • ཁྱེད་ཀྱིས་བེད་སྤྱོད་ལོག་པ་དང་ནོར་བ་གཏོང་བ་སོགས་མཐོང་ཐུབ་ཀྱི་ཡོད། དེ་ལྟར་མི་ཡོང་བ་བྱེད་དགོས། བྱས་ཙང་བློ་མགུ་ཐུབ་ཡོང་ཡག་ལས་སླ་པོ་མེད། དེ་ཚོ་ནི་ངས་མཐོང་ཐུབ་པའི་ཁྱད་པར་དེ་ཚོ་རེད།
    You see there is abuse, not right way. You can't see the abuse, so, therefore, difficult to interested. So, therefore, this way some differences I see.