Skip to main content Skip to search
28 Jun 2018
3 min 5 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ད་ ཨ་པ་ཁྱོད་ར་གིས་ད་ མཁོ་ཆེ་གི་ད་ ཕ་མའི་རིམ་ཐེངས་འབད་བ་ཅིན་ ག་དེམ་ཅིག་གི་རྩིས་སོང་ནུག་ག་འ་ནཱི་གི་སྐོར་ལས།
  • སེང་གེ་རྡོ་རྗེ་ Singye Dorji
    ངེའི་ཕ་མའི་རིམ་ཐེངས་འབད་བ་ཅིན་ ང་ར་གིས་ཤེས་ཤེསཔ་ཅིག་ཞུ་གེ་ དང་པ་རང་ ང་ར་གིས་ཤེས་ཤེསཔ་ འདི་གི་ཧེ་མ་གི་ཚུནི་མི་ཤེས་པས་ མི་དབང་སྲིད་ཐུབ་ཟེར་ སྡོད་ནུག་ལགས་ མི་དབང་སྲིད་ཐུབ།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་ལས་ འདི་གི་འོག་ལས་ སྲིད་ཐར་དབང་རྒྱལ་སྡོད་ནུག་ལགས་ སྲིད་ཐར་དབང་རྒྱལ་གྱི་བུ་འདི་ ཀུན་བསྟན་འཛིན་སྡོད་ནུག་ལགས་ ཀུན་བསྟན་འཛིན་གྱི་བུ་ འབྲུག་དབང་རྒྱལ་ཟེར་ སྡོད་ནུག་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    འབྲུག་དབང་རྒྱལ་གྱི་བུ་ ངེའི་ཨ་པ་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་པ་གི་མཚན་འབད་བ་ཅིན?
  • སེང་གེ་རྡོ་རྗེ་ Singye Dorji
    ངེའི་སེང་གེ་རྡོ་རྗེ། ངེའི་ཨ་པ་གི་ཡ་ལགས་?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་པ་འོང་།
  • སེང་གེ་རྡོ་རྗེ་ Singye Dorji
    བསོད་ནམས་དབང་འདུས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • སེང་གེ་རྡོ་རྗེ་ Singye Dorji
    མ་པ་དང་ཕུ་ མི་དབང་སྲིད་ཐུབ་ཟེར་མི་ག་དེམ་ཅིག་བཞུགས་ཡི་ག་མ་ཤེས་ ཤུལ་ལས་བར་སྐབས་ཅིག་ལས་ ཨ་པ་དབང་རྒྱལ་དང་ ངེའི་ཨ་པ་ཚུ་འདི་ ལོ་འཁོར་གསུམ་གསུམ་དེ་རེ་ཐུབ་ཅི་ཟེར་ཨིན་པས།
  • སེང་གེ་རྡོ་རྗེ་ Singye Dorji
    ཤུལ་ལས་ཨ་པ་དཔའ་བོ་སིལ་ལིང་ཐོན་ཏེ་ ང་བཅས་ཀྱི་བསྒང་ལུ་ ཨ་པ་སིལ་ལིང་ཐོན་ཏེ་ བོན་པོ་སིལ་ལིང་ནོར་བུ་ དང་ཕུ་ག་དེ་སྦེ་སྨོ་ཟེར་བ་ཅིན་ མཁོ་ཆེ་སྤུན་དགུ་སྐྱེས་ཡོདཔ་སྦེ་སླབ་ནི་ཅིག་འདུག་ སྤུན་དགུ་སྐྱེཝ་ད།
  • སེང་གེ་རྡོ་རྗེ་ Singye Dorji
    འ་ནཱི་འབདཝ་ད་ གཅིག་གིས་ང་མཁོ་ཆེ་འབད་ནི་ ང་མཁོ་ཆེ་འབད་གེ་ཟེར་ ག་ར་མ་འགྲིགས་པར་འབདཝ་ད་ དེ་བསྒང་བར་ན་ཁོ་དཔའ་བོ་ དཔའ་བོ་སྦེ་མེན་པས་ བོན་པོ་སིལ་ལིང་ཟེར་སྡོད་ནུག
  • སེང་གེ་རྡོ་རྗེ་ Singye Dorji
    དེ་བསྒང་ཁོ་གིས་ཕྲང་བྱིན་བྱིནམ་མས་ གཅིག་ལུ་ གཅིག་འ་ནཱི་དྲག་ཟེར་ བྱིན་བྱིནམ་མས་ དེ་འབདཝ་ད་ དེ་གིས་སྦེ་ ངལ་མ་རངས་པར་ ཁོ་བསད་བསདཔ་ཨིན་ཟེར་ གྱི་ཅུ་ཅིག་ཡང་སྡོད་ཅི་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    དཔའ་བོ་བསད་བསད་པའི་གྱི་ཅུ་ དེ་འབདཝ་ད་ཤུལ་ལས་ དགྲ་ལྷ་འཛུལཝ་ད་ ངེའི་ཨ་ལྕོག་ད་ལྟོ་ཕུར་པ་དབང་ཕྱུག་གི་ཨ་པ་གིས་ ཁོ་དགྲ་ལྷ་འཛུལཝ་ད་ འཕུ་སྟེ་རང་བལྟ་ཡི་ཟེར་སླབ་ནི་སྡོད་ཅི་ ཨ་ནཱི་གྱི་གསོབ་སར་ ཁོ་ལྷ་འཛུལ་བའི་བར་ན།
  • སེང་གེ་རྡོ་རྗེ་ Singye Dorji
    ག་དེ་སྦེ་ཨིན་ན་ ང་ར་གིསནི་མ་བལྟ་ ཤོབ་ཨིན་ན་བདེན་ཨིན་ན་ང་གིས་མ་ཤེས་ དེ་གི་ཤུལ་ལས་ཁོ་གིས་ ད་བྲཱེ་ལ་བླ་བརྒྱུད་ཐོན་ཡི་ ཁོ་གིས་ཁ་ཐོནམ་ད་ མཁོ་ཆེ་ཡང་ གདུང་བརྒྱུད་འཕེལ་དགོ་ཟེར་ ད་ཚེ་རིང་དགོ་ཟེར་ ཁོ་(དཔའ་བོ་)གིས་ འ་ནཱི་སྦེ་ སླབ་ནི་སྡོད་ཅི་ལགས་ཁོ་གིས་ དཔའ་བོ་རྐྱབ་པའི་བར་ན།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་གིས་སྦེ་ད་ ཨ་ལོ་རེ་རེ་ལྷགཔ་མ་སྐྱེས་བས་ ང་ར་ལུ་ ཨ་ལོ་ ༥ སྐྱེས་ཏེ་ཡོད་ཟེར་སླབ་ཨིན་ལགས་ དེ་གིས་སྦེ་ ད་འཕེལཝ་ཨིན་ཟེར་ ད་ཚེ་ཡང་ ང་བཅས་ཚུ་ ༦༠ ཧེ་མ་འདི་ ༣༠ དང་ ༤༠ ཐུབ་སྟེ་སྡོད་ནུག་ལགས་ ལོ་འཁོར་གསུམ་གསུམ་གྱི་རྩིས་རྐྱངམ་གཅིག
  • སེང་གེ་རྡོ་རྗེ་ Singye Dorji
    ད་ལྟོ་ང་ ༦༥ ལངས་སོང་ཡི་ མ་པ་ཁོ་(དཔའ་བོ་) གི་ བདེནམ་འདྲས་ཟེར་ དེ་སྦེ་ཡོད།