Skip to main content Skip to search
15 Dec 2011
2 min 33 sec
Rating
0
No votes yet
Video Overview
Creators: 
Unknown

An interview of Penpa, a modern Tibetan artist.

Show More

  • སྤེན་པ།
    ངའི་མིང་ལ་སྤེན་པ་ཟེར་གྱི་ཡོད། ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་བཞིའི་ལོ་ལ་སྟོད་ལུང་བདེ་ཆེན་རྫོང་ཨོང་་་ཐོང་སྒོ་གྲོང་ཚོ་ཟེར་འདིར་སྐྱེས་པ་རེད། དེ་ནས་ཨོང་་་ སློབ་ཆུང་ཐོན་པའི་རྗེས་ལ་རྒྱ་ནག་ལ་སློབ་སྦྱོང་བྱེད་གག་༿པར་༾ཕྱིན་པ་ཡིན། དེ་དུས་ཙམ་པར་རྒྱ་ནག་ལ་སློབ། ང་རང་ག་རེ་རེད་ཟེར་ན། ཆུང་ཆུང་སྒང་ནས་རི་མོ་འབྲི་ཡས་ལ་དགའ་པོ་ཞེ་དྲག་ཡོད།
  • སྤེན་པ།
    དེ་ནས་རྒྱ་ནག་ལ་སླེབས་དུས་ཙམ་པར་ཨོང་་་ག་རེ་རེད། རི་མོའི་དགེ་རྒན་རྩ་༿ས་༾ནས་དེ་འདྲས་ཅིག་མཐོང་མྱོང་ཡོད་རི་མོ། ལོའོ་ཀྲུང་ལིན་༼མིའི་མིང་༽གྱི་རི་མོ། པཱ་ལགས་ཟེར་ཡས་གཅིག 
  • སྤེན་པ།
    དེ་འདྲས་མཐོང་པ་དང་། དེ་དུས་ཙམ་པར། པར་ནང་བཞིན་ཅིག་འབྲི་འདུག་ག ཨ་ནི་་་ང་ཧོན་ཐོར་བྱས། འདི་རི་མོ་རེད་པས་ཟེར་དུས་ཙམ་པར་ཁོང་ཚོས་འབྲི་ཀྱོག་༿པ་༾རེད་ཟེར་དུས་ཙམ་པར་ཨ་ནི་་་ང་དེ་ནས་རི་མོ་ལ་ཅིག་དད་པ་ཞེ་པོ་ཅིག་སྐྱེས་མྱོང་ཡོད།
  • སྤེན་པ།
    ཨ་ནི་་་དེ་ནས། སྐབས་དེ་ནས་འགོ་བཙུགས་བྱས་ཨ་ནི་་་ང་སོ་སོ་རི་མོ་འབྲི་ཉན་༿མཁན་༾ཅིག་ཆགས་འདོད་ཆེན་པོ་བྱུང་། ཨ་ནི་་་དེ་དུས་ཙམ་པར་རྟག་པར་རེ་བཞིན་རི་མོ་འབྲི་ཉན་༿མཁན་༾དགེ་རྒན་དང་། རི་མོའི་དགེ་རྒན་དང་མཉམ་དུ་ཨོང་་་སྤུ་གུ་༿ཕྲུ་གུ་༾གཞན་དང་མི་འདྲ་པའི་འབད་བརྩོན་ཨ་འདྲས་༿དེ་འདྲས་༾བྱས་བྱས༿ནས་༾། ཨ་ནི་་་རྟག་པར་རི་མོ་འབྲི་གི་ཡོད།
  • སྤེན་པ།
    ཨ་ནི་་་འདིའི་རྗེས་ལ་ང་ག་རེ་རེད་ཟེར་ན། ཧུའུ་པེ་༼ས་མིང་༽དགེ་འོས་སློབ་གྲྭ་ཆེན་མོ་ཟེར་འདིར་ཆེད་མངགས་ཨོའོ་་་རི་མོའི་ཆེད་ལས་ལ་ཚུད་བྱུང་། ཨ་ནི་་་དེ་ནས་རི་མོ་ར་ཅིག་༿འདྲ་ཅིག་༾དངོས་སུ་ར་ཅིག་༿འདྲ་ཅིག་༾འབྲི་ཡས་ལ་འགོ་བཙུགས་པ་རེད། 
  • སྤེན་པ།
    ཨ་ནི་་་དེ་ནས་བོད་ལ་ཚུར་སླེབས་ནས་ཡང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རི་མོའི་ཚན་ཁག་ལའི་༿ལ་ཡང་༾སློབ་སྦྱོང་བྱེད་གག་༿བྱེད་པར་༾ཕྱིན་པ་རེད། ཨ་ནི་་་དེ་ནས། ཨ་ནི་་་འདིའི་རྗེས་སུ་ག་རེ་རེད་ཟེར་ན། རྒན་ལགས་ཁོང་ཚོ་མང་པོ་ཅིག་༿ཞིག་༾དང་མཉམ་དུ་ཨོང་་་། 
  • སྤེན་པ།
    མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ་བརྒྱ་ཐམ་པའི་སྐབས་དེ་ལ་ཁོང་རྣམ་ཚོས་བཙུགས་པའི་དགེ་འདུན་ཆོས་འཕེལ་ཨོའོ་་་རི་མོ་ལྷན་ཚོགས་འདིའི་ནང་ལ་བཞུགས་བྱས་ཨ་ནི་་་ད་ལྟ་བར་དུ་འདུག་ཟེ་རི་མོ་འབྲི་བྱས་བསྡད་པ་རེད་ལགས།
  • སྤེན་པ།
    ཨ་ནི་་་ང་རའི་༿ང་རང་གི་༾ངོས་ནས་ཆ་བཞག་ན། ངའི་རི་མོ་འབྲི་སྟངས་ར་ཅིག་༿འདྲ་ཅིག་༾བྱས་ན། འདིའི་སྔན་༿སྔོན་༾ནས་བྱས་མང་ཆེ་འདྲ་ཅིག་འདི་འབྲི་གི་ཡོད། དེང་སང་བོད་ཀྱི་གྲོང་གསེབ་པ། དེང་དུས་ཀྱི་གྲོང་གསེབ་པ་ཨ་འདྲས་༿འདི་འདྲས་༾འབྲི་བསྡད་དུས་ཙམ་པར། ངའི་རི་མོའི་ནང་ལོགས་ལ་ཆ་བཞག་ན། 
  • སྤེན་པ།
    སྦད་འུད་བི་ཆུའུ་༼རྒྱ་སྐད་སྟེ་སྦི་རག་ཀྱི་རིགས་ཤིག༽དང་། ཟོའོ་ཉི་ཏན་ཧྲེ་༼རྒྱ་སྐད་སྟེ་བརྙན་འཕྲིན་ཞིག༽ཟེར་ཡས་ཨ་འདྲས་༿འདི་འདྲས་༾བྱས། དེ་ནས་ཨོང་་་ སྦའེ་ཧྲེ་ཁཱ་ལཱ་༼རྒྱ་སྐད་སྟེ་བཏུང་བྱའི་རིགས་ཤིག༽དེ་བར་མའི་ཆི་ཀོན་༼རྒྱ་སྐད་སྟེ་སོལ་རླུང་གི་སྣོད་༽ཟེར་ཡས་ཨ་འདྲས་༿འདི་འདྲས་༾ད་མང་པོ་ཨ་འདྲས་། དེང་རབས་ཅ་ལག་དེ་འདྲས་མང་པོ་ཨ་འདྲས་དང་། ད་དེང་རབས་དུག་ལོག་གྱོན་པའི་གྲོང་གསེབ་པ་དེ་འདྲས་འབྲི་གི་ཡོད།
  • སྤེན་པ།
    ཧྲུའུ་ཕུ་ཐོ་ལཱ་ཆི་༼རྒྱ་སྐད་སྟེ་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་གྱི་མིང་༽བཟོ་འདྲ་ཨ་འདྲས་༿འདི་འདྲས་༾བྱས། ཨ་འདྲས་འབྲི་བསྡད་ཡོད། ཨ་ནི་་་ག་རེ་རེད་ཟེར་ན་ང་རས་༿ང་རང་གི་༾བྱས་ན། རྟག་པར་རེ་བཞིན་བོད་རིགས་ཟེར་དུས་ཙམ་པར་ཡིན་གཅིག་མིན་གཅིག་ལྤགས་རྩག་གྱོན་བསྡད་ཀྱོག་༿པ་༾དེ་འདྲས་འབྲི་དགོས་ཀྱི་མེད་པའི་བཟོ་འདྲ་ཅིག 
  • སྤེན་པ།
    ག་རེ་རེད་ཟེར་ན། བོད་ཟེར། ཨོའོ་་་ཡིན་གཅིག་མིན་གཅིག་ལྤགས་རྩག་གྱོན་པའི་བོད། བཤད་བྱས་ཐག་ཆོད་ཀྱི་མེད་པའི་བཟོ་འདྲ་ཅིག དེང་སང་ཡང་བོད་ཀྱི་རྣམ་པ་གསར་པ་དེ་ཚོ་འབྲི་ཁག་བྱེད་ཀྱི་ཡོད།