Video Overview
An interview of Tsewang Tashi, a modern Tibetan artist.
- Lhasa
- Beijing
- ཚེ་དབང་བཀྲ་ཤིས་ངའི་མིང་ལ་ཚེ་དབང་བཀྲ་ཤིས་ཟེར་གྱི་ཡོད། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གསུམ་ལོའི་ཟླ་བ་ལྔ་པའི་ཚེས་པ་བཞི་ལ་ཨ་ནི་་་བོད་ལྗོངས་ལྷ་ས་ལ་སྐྱེས་པ་རེད། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ཐམ་པ་ལོ་ནས་གྱ་ཅུ་གྱ་བཞི་བར་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་གྲྭའི་ཨ་ནི་་་སྒྱུ་རྩལ་ཚན་ཁག་ནང་ལ་རི་མོ་སྦྱངས་ནས་འདུག་ཟེ་བསྡད་པ་ཡིན།
- ཚེ་དབང་བཀྲ་ཤིས་དེ་ནས་ཆིག་སྟོང་དགུ་བརྒྱ་དགུ་ཅུ་གོ་དགུ་ནས་སྤྱི་ལོ་ཉིས་སྟོང་བརྒྱ་མེད་གཉིས་བར་ལ་ཨ་ནི་་་ནོའོ་འུའི་༼རྒྱལ་ཁབ་ཀྱི་མིང་༽ལ་ཨ་ནི་་་ཨོའོ་དེ་འདྲས་ཀྱི་སློབ་གྲྭའི་ཐེབས་རྩ་ཞིག་རག་བྱས་དེ་ནི་སློབ་སྦྱོང་བྱས་བྱས་༿ནས་༾ཨའོ་སཱའོ་ལོའི་གི་སྒྱུ་རྩལ་གྱི་ཚན་ཁག་ལ་ཨ་ནི་་་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་བྱས་ཨ་ནི་་་ཉིས་སྟོང་གཉིས་ལོ་ལ་སློབ་གྲྭ་ཐོན་བྱས་འདུག་ཟེ་བྱས་པ་ཡིན།
- ཚེ་དབང་བཀྲ་ཤིས་དེ་ནས་ཨོང་་་ཆིག་སྟོང་དགུ་བརྒྱ་དགུ་ཅུ་གོ་དགུ་ཨོའོ་་་ ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུ་ནས་ད་ལྟ་བར་དུ་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་བྱས་བྱས་ད་ལྟ་ཨ་ནི་་་སློབ་ཕྲུག་ལ་ཡ་རི་མོ་བསླབ་ཡས་དང་དེ་འདྲས་ཀྱི་ལས་ཀ་བྱེད་ཀྱི་ཡོད།
- ཚེ་དབང་བཀྲ་ཤིས་གཙོ་བོ་འདི་ད་ག་ཡིན། ཨ་ནི་་་ད་ང་རའི་རི་མོའི་སྐོར་ལ་བཤད་པ་ཡིན་ན། ད་དེ་འདྲས་ཟེ་ཡིན། ཕལ་ཆེར་གོ་རིམ་འདྲ་ཅིག་དབྱེ་པ་ཡིན་ན། གོ་རིམ་ལ་རི་མོའི་དུམ་མཚམས་འདྲ་ཅིག་དབྱེ་པ་ཡིན་ན་དོན་མཚམས་གསུམ་བཟོ་འདྲ་ཅིག་འདུག
- ཚེ་དབང་བཀྲ་ཤིས་དུམ་མཚམས་དང་པོ་འདི་གང་འདྲས་རེད་ཟེར་ན། ད་སློབ་གྲྭ་ཐོན་ནས་ཨ་ནི་་་བོད་ཀྱི་རིག་གནས་དང་དེ་འདྲས་ལ་ཅིག་གི་དོ་སྣང་འདྲ་ཅིག་སྐྱེས་བྱས། ཨ་ནི་་་བོད་ཀྱི་རིག་གནས་ཀྱི་རྩ་བ་ཨ་ནི་་་གཙོས་པའི་ཨ་ནི་་་དེ་འདྲས་ཀྱི་རི་མོའི་དུམ་མཚམས་གཅིག་དེ་འདྲས་ཅིག་ཡོའོ་རེད༿ཡོད་རེད་༾།
- ཚེ་དབང་བཀྲ་ཤིས་འདིའི་སྐབས་ལ་ཡིན་ན་ཨ་ནི་་་རི་མོ་ད་འབྲི་ཡས་ཀྱི་ནང་དོན་གཙོ་བོ་འདི་ག་རེ་རེད་ཟེར་ན། བོད་ཀྱི་ཨ་ནི་་་ད་དཔེ་ཆ་བཞག་ན་ཡར་ཀླུང་གི་ཁུལ་གྱི་ཨ་ནི་་་སྲོང་བཙན་གྱི་བང་སོ་ཡོད་ས་དེ་རེད། ཡང་ཡུམ་བུ་བརླ་མཁར་དང་དེ་བར་རེད། ཡང་ཨ་མདོ་ཁུལ་ཡིན་ནའི་རེད།
- ཚེ་དབང་བཀྲ་ཤིས་ད་གང་ལྟར་བོད་རིགས་ཡོད་སའི་ས་ཆ་མང་པོ་ཞིག་ལ་ཕྱིན་བྱས་ད་བོད་རང་གི་ཨ་ནི་་་སྒྱུ་རྩལ་ཅིག་དེ་འདྲས་ཅིག་གི་སོ་སོ་རང་གི་བརྩམས་ཡས་ཀྱི་ཨ་ནི་་་ཅིག་གི་དམིགས་ཡུལ་འདྲ་ཅིག་བཅངས་བྱས་ཨ་ནི་་་རི་མོ་དེ་འདྲས་མང་པོ་བྲིས་ཡོའོ་རེད༿ཡོད་རེད་༾། ད་འདི་དུམ་མཚམས་གཅིག་ཡིན།
- ཚེ་དབང་བཀྲ་ཤིས་དུམ་མཚམས་གཉིས་པ་འདི་ག་རེ་རེད་ཟེར་ན། ཨ་ནི་་་འདི་ཕྱིན་པའི་རྗེས་ལ་ཡིན་ན་ག་རེ་རེད་ཟེར་ན། ད་སྤྱི་ཚོགས་འདི་འགྱུར་བ་ཞེ་དྲག་ཕྱིན་བསྡད་ཡོའོ་རེད༿ཡོད་རེད་༾། ད་སྔ་མོའི་ཅིག་གི་ང་ཚོའི་དེབ་ནང་ལ་བྲིས་བཞག་པའི་བོད་དང་ད་ལྟའི་བོད་འདི་ཡིན་ན་ཨ་ནི་་་རྦད་དེ་མི་འདྲ་གི་༿ཡི་༾སྤྱི་ཚོགས་གཅིག་གསར་པ་དེ་འདྲས་ཅིག་ཡོའོ་རེད༿ཡོད་རེད་༾།
- ཚེ་དབང་བཀྲ་ཤིས་འདིའི་ནང་ལ་དེ་འདྲས་ཡིན་དུས་ཙམ་པ་ནས། ག་རེ་ཟེར་ན་སློབ་ཕྲུག་གི་གོང་གི་བཅངས་བསྡད་པའི་སོ་སོ་རང་གི་ཅིག་གི་རིག་གནས་ཀྱི་རྩ་བ་བཙལ་ཟེར་ཡས་ཀྱི་ཨ་ནི་་་འདི་དངོས་སུ་འཚོ་བ་དང་ཐུག་དུས་ཙམ་ནས་ག་རེ་རེད་ཟེར་ན། ཡང་འདིའི་བར་ལ་འདི་ཅིག་འདུག ག་རེ་ཟེར་དགོས་རེད་ཅིག་ཁྱད་པར་གཅིག་འདུག
- ཚེ་དབང་བཀྲ་ཤིས་དེ་འདྲས་ཡིན་དུས་ཙམ་ནས་ཨ་ནི་་་གནས་ཚུལ་དེ་འདྲས་ཅིག་ལ་གཞིགས་ནས་ཨ་ནི་་་ག་རེ་རེད་ཟེར་ན། བོད་རང་གི་ཨ་ནི་་་ཡུལ་ལྗོངས་དེ་འདྲས་མང་པོ་བྲིས་པ་ཡིན། འདི་ཡུལ་ལྗོངས་འབྲི་ཡས་ཀྱི་དུས་ཚོད་གཙོ་བོ་འདི་ནི་ཆིག་སྟོང་དགུ་བརྒྱ་དགུ་ཅུ་ཐམ་པ་ནས་བྱས་ནས་ཨ་ནི་་་དགུ་ཅུ་གོ་དགུ་བར་དུ་གཙོ་བོ་འདི་ཡུལ་ལྗོངས་བྲིས་པ་ཡིན།
- ཚེ་དབང་བཀྲ་ཤིས་ཡུལ་ལྗོངས་འབྲི་དགོས་ཡས་ཀྱི་ད་གཙོ་བོ་འདི། རྒྱུ་མཚན་འདི་ག་རེ་རེད་ཟེར་ན་ཨ་ནི་་་ཡུལ་ལྗོངས་འདི་ག་རེ་རེད་ཟེར་ན། ང་ར་རང་ལ་ལྟོས་ནས་བཤད་ན་ཨ་ནི་་་། ཡུལ་ལྗོངས་འབྲི་ན་ག་རེ་ཟེར་ན་ད་ཅིག་གི་རང་གི་ཕ་ཡུལ་ཡིན་ནའི་རེད། རང་གི་ད་ཨོའོ་་་མི་ཐོག་དང་། མི་ཐོག་དང་མེས་པོ་དང་ཡིན་ནའི་རེད།
- ཚེ་དབང་བཀྲ་ཤིས་ད་དེང་དུས་ཀྱི་མི་ཡིན་ནའི་རེད། དེ་འདྲས་ཀྱི་འཚོ་བ་བསྐྱལ་སའི་ཨ་ནི་་་ས་ཆ་ཅིག་ཡོའོ་རེད༿ཡོད་རེད་༾། དེ་ལ་ཨ་ནི་་་ འདི་བྲིས་བྱས་ཨ་ནི་་་ག་རེ་རེད་ཟེར་ན། རང་གི་ཨ་ནི་་་ཅིག་ད་ལུང་པ་འདི་ཡིན་ནའི་རེད། སོ་སོ་སྐྱེས་སའི་ཕ་ཡུལ་ཡིན་ནའི་རེད། དེ་ལ་ཨ་ནི་་་ཅིག་གི་བརྩེ་སེམས་དང་དེ་འདྲས་ཀྱི་ཨ་ནི་་་ཅིག་བསམ་བློ་མཚོན་པའི་ཆེད་དུ་དེ་འདྲས་ཡུལ་ལྗོངས་མང་པོ་བྲིས་ཡོད། ད་འདི་དུམ་བུ་གཉིས་པ་འདི་རེད།
- ཚེ་དབང་བཀྲ་ཤིས་ད་དུམ་བུ་གསུམ་པ་འདི་ག་རེ་རེད་ཟེར་ན། ད་ནའོ་འུའི་ལ་སློབ་སྦྱོང་བྱས་ཚར་ནས་ཨ་ནི་་་ད་ག་རེ་ཟེར་ན་ཡོ་རོབ་ཡིན་ནའི་རེད་ཨ་ནི་་་ད་ལྟ་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་གི་༿ཡི་༾དེང་དུས་ཀྱི་རི་མོ་ཡིན་ནའི་རེད་དེ་འདྲས་མང་པོ་ལ་ཞིབ་འཇུག་བྱས་པ་ཡིན།
- ཚེ་དབང་བཀྲ་ཤིས་ཞིབ་འཇུག་བྱས་ནས་ཨ་ནི་་་ཕར་ཚུར་མང་པོ་བརྟག་དཔྱད་མང་པོ་བྱེད་དུས། སོ་སོ་རང་ལ་མྱོང་ཚོར་ཞིག་ག་རེ་བྱུང་ཟེར་ན། དེང་དུས་གི་མི་གཅིག་ཡིན་པའི་གཞུག་གུར་༿རྗེས་ལ་༾ཡིན་ན། དེང་དུས་ཀྱི་སྒྱུ་རྩལ་ཅིག་ཨ་ནི་་་བརྩམས་དགོས་ཀྱི་ཡོད་ན།
- ཚེ་དབང་བཀྲ་ཤིས་ཨ་ནི་་་དེང་དུས་ཀྱི་འཚོ་བ་དང་དེང་དུས་རང་གི་ཨ་ནི་་་རི་མོ་བྲིས་མཁན་རང་གི་སེམས་ནང་གི་མྱོང་ཚོར་འདི་ཨ་ནི་་་ཕལ་ཆེར་ཨ་ནི་་་འདི་རི་མོའི་ནང་གི་བརྩམས་བྱའི་ནང་གི་ཨ་ནི་་་གལ་ཆེ་ཆོས་ཞིག་ཆགས། ཆགས་དགོས་ཀྱི་འདུག་ཟེ་བྱས་བསམ་བྱས་ཨ་ནི་་་འདི་གལ་སྲིད་གཙོ་བོར་བཞག་ནས་ཨ་ནི་་་སོ་སོ་རང་གི་བསམ་ཚུལ་ཡིན་ནའི་རེད། མྱོང་ཚོར་ཡིན་ནའི་རེད།
- ཚེ་དབང་བཀྲ་ཤིས་ཨ་ནི་་་ཁོར་ཡུག་གི་རང་གི་འཚོ་བ་བསྐྱལ་སའི་ཁོར་ཡུག་ཡིན་ནའི་དེ་འདྲས་ལ་དོ་སྣང་བྱས་བྱས་བརྩམས་བྱའི་ནང་ལ་བྲིས་པ་ཡིན་ན། ཨ་ནི་་་དེང་དུས་ཀྱི་ཨ་ནི་་་སྒྱུ་རྩལ་གཅིག་ཆགས་ཡས་ཀྱི་ཨ་ནི་་་འགྲོ་ལམ་འདི་ཨ་ནི་་་ཡང་དག་པ་ཞིག་རེད་བསམ་བྱས་ཨ་ནི་་་ད་ག་རེ་ཟེར་དགོས་རེད།
- ཚེ་དབང་བཀྲ་ཤིས་ང་རང་རང་ཚོའི་ཨ་ནི་་་འཚོ་བ་འདིའི་ནང་ལ་ཡོད་པའི་གཅིག་གྲོགས་པོ་ཡིན་ནའི་རེད། སྤུ་གུ་༿ཕྲུ་གུ༾ཡིན་ནའི་རེད། ཡང་སློབ་མ་ཡིན་ནའི་རེད། དེ་འདྲས་ཀྱི་ད་གང་ལྟར་ནམ་རྒྱུན་འཚོ་བའི་ནང་འཕྲད་པའི་ཨ་ནི་་་དེ་འདྲས་ཀྱི་མི་སྣ་མང་པོ་ཅིག་གི་གཟུགས་བརྙན་འབྲི་ཡས་ཀྱི་འགོ་འདི་བཙུགས། འགོ་འདི་བཙུགས་པ་ཡིན།
- ཚེ་དབང་བཀྲ་ཤིས་ད་ད་ལྟ་བར་དུ་ག་རེ་ཡིན་ན་ཟེར་ན། ད་མིའི་གཟུགས་བརྙན་མང་པོ་བྲིས་ཀྱི་ཡོད། མིའི་གཟུགས་བརྙན་ནང་ལོགས་ནས་དེང་དུས་ཀྱི་མིའི་གཟུགས་བརྙན་བྲིས་ཀྱི་ཡོད།
- ཚེ་དབང་བཀྲ་ཤིས་དེང་དུས་ཀྱི་གཟུགས་བརྙན་འདི་བྲིས་པའི་ཁྱད་ཆོས་འདི་ག་རེ་ཡོད་རེད་ཟེར་ན། ད་ང་ཚོ་ད་ལྟ་ཕྱི་ལོགས་ཀྱི་ད་་་ཕྱི་རོལ་པའི་མི་ཡིན་ནའི་རེད། ད་ལུང་པ་གཞན་དག་གི་མི་ཡིན་ནའི་རེད། བོད་བྲིས་དུས་ཙམ་ནས་ཡིན་ན་བོད་པ་འདི་ག་རེ་ཟེར་དགོས་རེད། ཏིག་ཙ་༿ཏོག་ཙམ་༾ཅིག་གི་མི་རིགས་གཞན་དག་དང་མི་འདྲ་གི་ཨ་ནི་་་ཅིག་གི ཡང་མིན་ན་ཅིག་གི་ཁྱད་མཚར་པོ་དེ་འདྲས་ཅིག
- ཚེ་དབང་བཀྲ་ཤིས་གྱོན་ཆས་ཁྱད་མཚར་པོ་དེ་འདྲས། ཡང་མིན་ན་ཏིག་ཙ་༿ཏོག་ཙམ་༾ཅིག་མི་སྤྱིར་བཏང་དང་མི་འདྲ་གི་༿ཡི་༾ནུས་པ་ཡོད་པའི་བཟོ་འདྲ་དེ་འདྲས། ཡང་མིན་ན་ཁ་ཤས་ཀྱི་ཟེར་ན་ཅིག་རྗེས་ལུས་ཅིག་རྗེས་ལུས་ཡིན་པའི་བཟོ་འདྲ། ད་གང་ལྟར་བོད་པ་འདི་མི་འདྲ་ཞེ་པོ་ཅིག་འབྲི་གི་ཡོའོ་རེད༿ཡོད་རེད་༾།
- ཚེ་དབང་བཀྲ་ཤིས་དེ་འདྲས་བྱེད་དུས་ཙམ་པ་ནས་ང་རའི་༿ང་རང་གི་༾བསམ་ཚུལ་བྱས་ན་ད་སོ་སོ་རང་ད་ག་ལུང་པ་ད་གའི་མི་ཡིན་ཙང་། ད་ག་རང་གི་ཨ་ནི་་་མྱོང་ཚོར་ཅིག་ཡང་མི་གཞན་དག་དང་མི་འདྲ་གི་༿ཡི་༾མྱོང་ཚོར་ཅིག་ཡོའོ་རེད༿ཡོད་རེད་༾། འདིའི་མྱོང་ཚོར་འདི་ག་རེ་རེད་ཟེར་ན།
- ཚེ་དབང་བཀྲ་ཤིས་བོད་པའི་མི་ཡིན་ནའི་རེད། ད་མི་རིགས་གཞན་དག་ཡིན་ནའི་རེད། སེམས་གདིང་ནས་ཡིན་ན་ཨ་ནི་་་འགྲོ་བ་མི་ཟེར་ཡས་འདི་ཡིན་ན་ཚང་མ་ལོགས་གཅིག་པ་རེད། ཚང་མ་ལ་མྱོང་ཚོར་ཡོའོ་རེད་༿ཡོད་རེད་༾སྐྱིད་པོ་ཡོའོ་རེད། སྡུག་པོ་ཡོའོ་རེད། ཚང་མ་འཚོ་བའི་མྱོང་ཚོར་འགང་ག་༿ཚང་མ་༾མི་ཚང་མ་དང་འདྲ་བ་རེད།
- ཚེ་དབང་བཀྲ་ཤིས་དེ་འདྲས་སོང་ཙང་། ངའི་འཚོ་བའི་ནང་ལ་ཨ་ནི་་་དོ་སྣང་བྱེད་ས་གཙོ་བོ་གཅིག་ལ་འདི་བཞག་བྱས་ཨ་ནི་་་མིའི་དེ་འདྲས་ད་གཙོ་བོ་མིའི་གཟུགས་བརྙན་བྲིས་པ་ཡིན། འོ་ད་ག་ཡིན།