Skip to main content Skip to search
15 Dec 2011
4 min 43 sec
Rating
0
No votes yet
Video Overview
Creators: 
Unknown

An interview of Tenzin Jigme, a modern Tibetan artist.

Show More

  • བསྟན་འཛིན་འཇིགས་མེད་
  • བསྟན་འཛིན་འཇིགས་མེད་
  • བསྟན་འཛིན་འཇིགས་མེད་
  • བསྟན་འཛིན་འཇིགས་མེད་
  • བསྟན་འཛིན་འཇིགས་མེད་
  • བསྟན་འཛིན་འཇིགས་མེད་
    ངའི་མིང་ལ་བསྟན་འཛིན་འཇིགས་མེད་ཟེར་གྱི་ཡོད།
  • བསྟན་འཛིན་འཇིགས་མེད་
    ཨོང་་་ཨོང་་་སྐྱེ་ཡུལ་ལྷ་ས་ཨོང་་་སྐྱེ་ཡུལ་ལྷ་ས་དྲུག་བཅོ་རེ་བརྒྱད་ལོར་ཨོང་་་དེ་སྤོ་བོ་ཨོང་་་གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བཞི་ལོ་ལ་ཨོང་་་དགུ་བཅུ་གོ་གཅིག་ལོ་ལ་ཨོང་་་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་ལ་སློབ་སྦྱོང་ལོ་གསུམ་བྱས་ནི།
  • བསྟན་འཛིན་འཇིགས་མེད་
    ད་ལྟ་སློབ་གྲྭ་འབྲིང་བ་གཅིག་ལ་ཨོང་་་དགེ་རྒན་བྱེད་ཀྱི་ཡོད་ཟེ།
  • བསྟན་འཛིན་འཇིགས་མེད་
    ཆུང་ཆུང་དུས་སྒང་ནས་ཨ་ནི་་་ཨོང་རི་མོའི་རི་མོའི་ཐོག་ལ་ཨ་ནི་་་ཧ་ཅང་ནས་ཧ་ཅང་དགའ་པོ་ཡོད་ཟེ།
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་ད་སློབ་གྲྭ་ཐོན་ནི་ཨོང་་་ལོ་བཅུ་གཉིས་ལྷག་ལྷག་ཙམ་ཨ་ནི་་་དེའི་པ་རུ་༿བར་ལ་༾རྦད་དེ་རི་མོ་བྲིས་བྱས་བསྡད་པ་རེད།
  • བསྟན་འཛིན་འཇིགས་མེད་
    རི་མོ་ནི་རྦད་དེ་དེ་རེད་ག་རེ་རེད་ཨོང་་་ཝ་ཏེ་ཕན་ཏེ་༼དབྱིན་སྐད་༽ཡུའུ་ཧོའོ་༼རྒྱ་སྐད་སྣུམ་ཚོན་རི་མོ་༽ཟེར་གྱི་རེད་པ་སྣུམ་ཚོན་རི་མོ་འོང་་་སྣུམ་ཚོན་རི་མོ་
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་རི་མོ་འབྲི་ཡས་ཀྱི་ཨོང་་་དམིགས་ཡུལ་གཙོ་བོ་གཅིག་ནི་ཨོང་་་སོ་སོ་ཨོང་་་སྔོན་ནས་རི་མོར་དགའ་པོ་ཞེ་པོ་ཡོད་པ་དང་། ཨ་ནི་་་དེ་ནས་གང་འདྲས་ཟེར་དགོས་རེད་ད་སྤྱི་ཚོགས་དང་ཨ་འདྲས་༿དེ་འདྲས་༾ཐོག་ལ་ད་གཅིག་སོ་སོའི་ད་ལྟའི་སྦྱངས་པའི་ཤེས་ཡོན་དེ་གྱད་༿དེ་ཚོ་༾མཚོན་ཡས་ཨ་འདྲས་ཀྱི་ཨ་འདྲས་ཀྱི་རེ་བ་བྱེད་ཀྱི་ཡོད།
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་དེ་འདྲས་ཅིག་མན་འགྲོ་ཚར་མན་འགྲོ།
  • བཅར་འདྲི་མཁན་
    ཨ་ནི་་་ད་དེ་རྒན་ལགས་ཁྱེད་རང་སློབ་གྲྭ་ཐོན་ནི་ད་ལྟ་བར་དུ་རི་མོ་ད་ཨོང་་་མང་པོ་བྲིས་གནང་པ་རེད་པ།
  • བསྟན་འཛིན་འཇིགས་མེད་
    འོང་་་།
  • བཅར་འདྲི་མཁན་
    ད་རི་མོ་དེའི་ནང་ལོག་ལ་ཨོང་་་ཁྱེད་རང་ལ་རི་མོ་ལ་འགྱུར་མདོག་ར་༿འདྲ་༾ཅིག་ག་རེ་ཕྱིན་ཡོད་རེད།
  • བསྟན་འཛིན་འཇིགས་མེད་
    རི་མོའི་འགྱུར་མདོག་གང་འདྲ་ཟེར་དགོས་རེད་ད། སློབ་གྲྭ་ཐོན་པ་ནས་ཨ་ནི་་་རི་མོ་གཙོ་བོ་ར་ཅིག་ད་ཨ་འདྲས་༿འདི་འདྲས་༾ཟེ་བཤད་དགོས་རེད་པ་ག་རེ་ཟེར་དགོས་རེད། ང་ཚོ་རི་མོ་བྲི་དུས་ཙམ་པ་མང་ཆེ་བ་གཅིག་པར་བྲིས་ཟེ་ད་ང་ཚོས་ཞལ་ཧྲེ་༼རྒྱ་སྐད་དངོས་འབྲིའི་དོན་༽ཟེར་གག་བྱེད་ཀྱི་རེད་པ་པར་འདྲ་པོ་འོང་དངོས་འབྲིའི་རི་མོ་ཟེར་དགོས་རེད་པ།
  • བཅར་འདྲི་མཁན་
    རེད་རེད་རེད།
  • བསྟན་འཛིན་འཇིགས་མེད་
    འོང་ཨ་འདྲས་༿འདི་འདྲས་༾ཟེ་འབྲི་གི་ཡོད་རེད། ད་དེ་ནས་འགའ་རོའོ་འགའ་རོའོ་༿གང་ཙམ་༾བྲིས་ནི་གང་རེད་ཟེར་ན། མང་ཆེ་བ་གཅིག་ད་དེ་ཞག་༿ཉེ་ཆར་༾ཚན་རིག་དང་ཨ་འདྲས་ཐོག་ལ་ད་ཡག་པོ་ཞེ་དྲག་ཡིན་ཙང་པར་བརྒྱབ་ནའི་རེད་ད་དེ་བར་ལ་ད་ད་དུང་གློག་ཀླད་ཀྱི་ཨ་འདྲས་ཡིན་ནའི་རེད། དེ་འདྲས་དངོས་འབྲི་རི་མོ་དེ་ག་ལེར་ག་ལེར་ཁོ་རའི་རིན་ཐང་དེ་ང་རས་འདུག་ཟེ་སོ་སོས་རང་ཉིད་རང་གིས་ག་རེ་ཟེར་དགོས་རེད།
  • བསྟན་འཛིན་འཇིགས་མེད་
    མཚོན་པ་ར་ཅིག་བསམ་བློ་བཏང་པ་རེད་པ་ཨ་ནི་་་གང་འདྲ་ཟེར་དགོས་རེད། ཁོའི་གི་དེ་ཞེ་དྲག་མི་འདུག་ག་ཁོ་རའི་གི་ད་ཨོང་་་ག་རེ་ཟེར་དགོས་རེད་ཅའ་ཀྲེ་༼རྒྱ་སྐད་རིན་ཐང་༽ཟེར་དགོས་རེད་པ་ད་དེ་སོ་སོའི་བསམ་བློའི་ནང་ལ།
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་ལྷག་པར་དུ་ག་རེ་རེད་ཟེར་ན་དངོས་དངོས་འབྲི་རི་མོ་མང་ཆེ་བ་གཅིག་ག་རེ་རེད་ཟེར་ན། སོ་སོའི་གཏིང་གི་ནང་ལ་བསམ་བློ་དེ་འདྲས་ཅིག་རི་མོའི་སྒང་ལ་གཞོགས་འདེགས་བྱེད་ཡས་མི་འདུག་ག ག་རེ་རེད་ཟེར་ན་ཁོ་ལྟ་ཡས་ཡོད་རེད་པ་མག་་གཅིག་ནས།
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་འགང་གས་༿ཚང་མས་༾ལྷག་པར་དུ་འགང་གས་མཐོང་གི་ཡོད་རེད་པ། ཨ་ནི་་་སོ་སོའི་སེམས་ནང་ལ་རི་མོ་ཞེ་དྲག་འདུག་བྲི་ཡས་ད་ཞེ་དྲག་འདུག་དེ་ལས་ད་ཨ་ལས་ག་ལེར་ག་ལེར་ད་འབྲི་དགོས་བྱེད་ཀྱི་རེད་པ་ཨ་ལས་་་
  • བསྟན་འཛིན་འཇིགས་མེད་
    འོ་དེ་འདྲས་ར་ཅིག་ཡིན་ཨ་ལས་ད་ཨ་ལས་རི་མོའི་སྒང་ལ་གང་འདྲ་ཟེར་དགོས་རེད་ད་སོ་སོ་སོ་སོ་ཨོང་་་སོ་སོའི་སེམས་སེམས་ནང་ལ་ད་འབྲི་དགོས་པའི་རི་མོ་དེ་འདྲས་མ་གཏོགས། ཞེ་པོ་ཨ་འདྲས་༿འདི་འདྲས་༾གཞན་ད་ག་སེ་ཨ་འདྲས་མི་ལ་ད་ཨ་འདྲས་ཡིང་ཡིང་ཧ་༼རྒྱ་སྐད་དོ་ནི་སྟུན་ཐབས་༽ཟེར་དགོས་རེད་པ། འོ་ཨ་འདྲས་ཞེ་པོ་བྱེད་སྙིང་བྲོ་༿བྱེད་འདོད་པ་༾གི་མི་འདུག་ག
  • བཅར་འདྲི་མཁན་
    ཨ་ནི་་་ཁྱེད་རང་གི་ད་ལྟ་རི་མོ་འབྲི་ཡས་དེ་དང་ད་ལྟ་བོད་ལ་ད་ལྟ་ག་རེ་ཟེར་དགོས་རེད་རི་མོ་ད་ལྟ་ཅིག་ཚོང་ཟོག་གི་རི་མོ་ཟེར་ཡས་གཅིག་ཡོད་རེད་པ་
  • བསྟན་འཛིན་འཇིགས་མེད་
    འོང་ཚོང་ཟོག་རི་མོ།
  • བཅར་འདྲི་མཁན་
    འོང་དེ་འདྲས་ཀྱི་རྒན་ལག་ཁྱེད་རང་ད་ལྟ་རི་མོ་མང་པོ་ཁྲོམ་ལ་ཡོད་རེད་དེར་ཁྱེད་རང་གིས་ལྟ་བ་ག་རེ་འདུག་ལ།
  • བསྟན་འཛིན་འཇིགས་མེད་
    ཨོང་་་དེ་དེའི་ངོགས་ལ་དེ་འདྲས་ཟེར་དགོས་རེད་ད་ཨོང་་་ང་ཚོ་བོད་ལ་ད་རི་མོ་འདི་འདྲས་མང་པོ་ཡོད་རེད་དེ་བར་སྐབས་གཅིག་ལ་ང་རང་ལའི་༿ང་རང་ཡང་༾འདི་འདྲས་འབྲི་མྱོང་ཡོད་པ། ཨ་འདྲས་བྲིས་བྲིས་བྲིས་ཨོང་་་གཅིག་ནས་ད་ལག་རྩལ་སྦྱང་པ་རེད་ཨ་ནི་་་དེ་འདྲས་མང་པོའི་ཅིག་འབྲི་དུས་ཙམ་པ།
  • བསྟན་འཛིན་འཇིགས་མེད་
    གང་རེད་ཟེར་ན། ཁོ་དེ་ཆགས་ཀྱི་འདུག་ག་ག་རེ་རེད་ཟེར་ན། ལས་ཀའི་བཟོ་འདྲ་ཅིག་ཆགས་ཕྱིན་པའི་བཟོ་འདྲ་བྱས་སོ་སོའི་བསམ་བློ་དང་དེ་འདྲས་དེའི་ནང་ལ་ཞེ་དྲག་མཚོན་ཐུབ་ཀྱི་མི་འདུག་ག
  • བསྟན་འཛིན་འཇིགས་མེད་
    ཨ་ནི་་་ལྷག་པར་དུ་ད་སོ་སོའི་འོས་འགན་གཅིག་མིན་འགྲོ་བསམ་བསམ་ཅིག་འདུག་རྒྱུ་རྩལ་སྒང་ལ། འོ་དེ་འདྲས་ཡིན་དུས་ཙམ་པ་ཨ་ནི་་་ག་ལེར་ག་ལེར་ད་དེའི་སྒང་ནས་མར་མར་ག་རེ་ཟེར་དགོས་རེད་མར་དོན་པའི་བཟོ་འདྲ་བྱས་བྱས། སོ་སོའི་གི་རི་མོ་འབྲི་ཡས་འོང་་་ཨེ་འདྲས་སྒང་ལ་དེ་བྱས། ཡང་ག་རེ་རེད་ཟེར་ན་དེ་འདྲས་ལའི་དགག་པ་ཆེན་པོ་ཞེ་པོ་དེ་འདྲས་ནི་ཡང་བརྒྱབ་དགོས་ཡས་གའི་མི་འདུག
  • བསྟན་འཛིན་འཇིགས་མེད་
    གང་རེད་ཟེར་ན་ཁག་གཅིག་འཚོ་བ་བསྐྱལ་གྱི་ཡོད་རེད་པ། འཚོ་བ་ཡིན་ཙང་ཨ་ནི་་་དེ་རེད་པ་ཁོ་ད་མ་ཙང་ནས་སྒྱུ་རྩལ་ཟེར་ཡས་དེ་ཁོ་ཕུན་སུམ་ཚོགས་པོ་དགོས་རེད་པ་འདྲ་མི་འདྲ་ར་ཅིག་འོང་་་དེ་འདྲས་ར་ཅིག།