Skip to main content Skip to search
15 Dec 2011
5 min 13 sec
Rating
0
No votes yet
Video Overview
Creators: 
Unknown

An interview of Yak Tsetan, a modern Tibetan artist.

Show More

  • གཡག་ཚེ་བརྟན།
    ཨ་ནི་་་ང་འདི་རེད། སྟོད་ལུང་བདེ་ཆེན་ཤན་༼རྒྱ་སྐད་རྫོང་གི་དོན།༽སྐྱེས་ཀྱོག་༿པ་༾རེད་པ་
  • གཡག་ཚེ་བརྟན།
    ཨ་ནི་་་གཞུག་གུར་༿རྗེས་སུ་༾སླབ་གྲྭ་༿སློབ་གྲྭ་༾རྒྱུ་རྩལ་སླབ་གྲྭ་༿སློབ་གྲྭར་༾ཕྱིན་རྒྱུ་རྩལ་སློབ་གྲྭ་ལས་བོད་ལྗོངས་སློབ་གྲྭ་ཆེན་མོར་ཟུར་རྒྱུགས་ཟེ་བྱས་བྱས་ལོ་གསུམ་ཙ་ཅིག༿ཙམ་ཞིག་༾སྦྱངས་པ་རེད།
  • གཡག་ཚེ་བརྟན།
    དེ་ལས་ཨ་ནི་་་བོད་ལྗོངས་ལྷ་མོ་ཚོགས་པའི་གར་སྟེགས་མཛེས་རྩལ་ལས་ཀ་བྱས་བྱས་ལོ་ཉི་ཤུ་ཙ་༿ཙམ་༾ཕྱིན་ཤག འོང་།
  • གཡག་ཚེ་བརྟན།
    ཨ་ནི་་་དེའི་པ་ར་ལ་༿བར་ལ་༾ད་རི་མོ་གང་བྱུང་མང་བྱུང་བྲིས་ཡོད་རེད་ད་རི་མོ་དེ་ད་གཅིག་ཡའི་༿གཅིག་ཀྱང་༾གློད་མི་ཐུབ་པའི་རི་མོ་ར་༿འདྲ་༾ཅིག་ད་ཁོ་གཡག་ར་༿འདྲ་༾ཅིག་བྲིས་བྱས་ཁོ་རྣམ་པ་ར་༿འདྲ་༾ཅིག་གསར་པ་ར་ཅིག་བྲིས་ཡག་༿ཡས་༾ད་དེ་འདྲས་བསམ་པ་འདུག་ག
  • གཡག་ཚེ་བརྟན།
    གཡག་གི་ཚོས་གཞི་མི་འདྲ་དང་རྒྱུ་ཆ་མི་འདྲ་བཏང་ཡས་འདྲ་པོ་དང་ཨ་འདྲས་༿དེ་འདྲས་༾བཟོ་འདྲ་ཅིག
  • གཡག་ཚེ་བརྟན།
    དེ་འདྲས་སྒང་ལ་ང་རས་༿ང་རང་གིས་༾དེ་གཅིག་འཚལ་གྱི་ཡོའོ་༿ཡོད་༾རེད་ད་ང་རས་གཡག་གི་ག་རེ་ཟེར་དགོས་རེད་སོ་སོའི་སེམས་ནང་ལོགས་ཀྱི་ཅ་ལག་དེ་འདྲས་ཁག་ཅིག་གཡག་སྒང་ནས་མཚོན་ཐུབ་པ་ར་༿འདྲ་༾ཅིག་འདུག་ག་ལ།
  • གཡག་ཚེ་བརྟན།
    ཨ་ནི་་་མི་མི་འབྲི་ཡས་ནང་དོན་ར་༿འདྲ་༾དེ་གཡག་ལ་བརྩི་པོ་བྱས་གཡག་གི་དེ་ད་མི་ཆུང་ཆུང་སྒང་ལ་༿ནས་༾དེ་བྱས་འདུག་ག་ལ།
  • གཡག་ཚེ་བརྟན།
    རྒན་འཁོགས་ཨ་འདྲས་༿འདི་འདྲས་༾ལ་སྐད་ཆ་དང་ཅི་དག་གོ་བྱས་གཡག་ཟེར་ཡས་དེ་ཧྲན་མེའི་༼རྒྱ་སྐད་མཛེས་ཆོས་གི་དོན་༽མི་འདྲ་ཞེ་པོ་ཅིག་འདུག་ག
  • གཡག་ཚེ་བརྟན།
    མི་འདྲ་ཞེ་པོ་ཅིག་ཨ་ནི་་་གཡག་བྲིས་བྱས་གཡག་བྲིས་ད་གཡག་གློད་མ་ཐུབ་པ་བྱས་གཡག་མ་བྲིས་ན་གཞན་པའི་མ་སྐྱིད་པའི་བཟོ་འདྲ་ཆག་འགྲོ་གི་འདུག་ག
  • གཡག་ཚེ་བརྟན།
    གཡག་བྲིས་ན་སྐྱིད་ཤོད་ཀྱི་བཟོ་འདྲ་ཅིག་གཡག་ར་ཅིག་བྲིས་ན་ང་རའི་སེམས་པ་སྐྱིད་པོའི་བཟོ་འདྲ་ཅིག་རི་མོ་་གཞན་པའི་བྲིས་ན་ང་རའི་ཅ་ལག་མན་པའི་བཟོ་འདྲ་ར་ཅིག
  • གཡག་ཚེ་བརྟན།
    ཡང་ཅིག་ལད་ཟློས་༿ལད་མོ་༾བྱས་པའི་བཟོ་འདྲ་ར་ཅིག་འདུག་ག་ལ།
  • གཡག་ཚེ་བརྟན།
    ད་གཡག་དེ་ངས་བཟོ་ལྟ་འགང་ག་༿ཚང་མ་༾ལོགས་རྦད་བསྒྱུར་གཞག་ཡོད་ཙང་གཡག་ལ་གང་བྱུང་མང་བྱུང་བེད་སྤྱོད་བཏང་ཚོས་གཞིའི་སྒང་ལ་དང་རྒྱུ་ཆའི་སྒང་ལ་སྤྱིར་བཏང་གི་སྤྱོད་པ་ངན་པོ་ར་༿འདྲ་༾ཅིག་ཆག་ཡོང་པའི་བཟོ་འདྲ་ཅིག་འདུག་ག་ལ།
  • གཡག་ཚེ་བརྟན།
    ད་དེའི་སྒང་ལ་ཞིབ་འཇུག་ཨ་འདྲས་༿འདི་དྲས་༾ར་༿འདྲ་༾ཅིག་བྱེད་ཀྱི་ཡོད་གཞན་པ་ཟེ་གའི་མི་འདུག་ལ།
  • བཅར་འདྲི་མཁན།
    ཨ་ནི་་་ཁྱེད་རང་གི་ད་ལྟ་་་་་ཁྱེད་རང་གི་ད་ལྟ་གཡག་བྲིས་གནང་པའི་ནང་ལ་དེའི་གོང་གི་གཡག་འགང་ག་སྣུམ་ཚོན་གྱི་བྲིས་གནང་གི་འདུག་ག
  • གཡག་ཚེ་བརྟན།
    རེད་ལ།
  • བཅར་འདྲི་མཁན།
    ད་ད་ལྟ་རྒན་ཁྱེད་རང་གི་བོད་ཤོག་དང་རས་དང་དེ་འདྲས་ག་རེ་རེད་ཨ་ནི་་་ཡང་རླུང་རྟ་དང་དེ་འདྲས་སྒང་ལ་གཡག་བྲིས་གནང་གི་འདུག་ག
  • གཡག་ཚེ་བརྟན།
    རེད་ལ།
  • བཅར་འདྲི་མཁན།
    ད་ད་ལྟ་ད་ཁྱེད་རང་གི་གཡག་མང་པོ་བྲིས་གནང་ཡས་དེའི་ནང་ལ་དེའི་གོང་གི་གཡག་མང་པོ་གཅིག་སྣུམ་ཚོན་གྱི་རི་མོའི་ཐོག་ནས་བྲིས་གནང་ཡོད་རེད།
  • གཡག་ཚེ་བརྟན།
    ལ་རེད།
  • བཅར་འདྲི་མཁན།
    གཞུག་གུ༿རྗེས་སུ༾ཡང་ཤོག་བུ་བོད་ཤོག་དང་རླུང་རྟ་དང་དེ་འདྲས་སྒང་ལ་ཁྱེད་རང་གིས་གཡག་མང་པོ་བྲིས་གནང་གི་འདུག་ག
  • གཡག་ཚེ་བརྟན།
    རེད་ལ།
  • བཅར་འདྲི་མཁན།
    ཨ་ནི་་་དེའི་པ་ར་ལ་༿བར་ལ་༾ཅིག་རྒྱུ་ཆ་བེད་སྤྱོད་བཏང་སྟང་ཡིན་ནའི་རེད་ཨ་ནི་་་གཅིག་འབྲི་ཡས་ཀྱི་ཁྱད་ཆོས་ཡིན་ནའི་རེད་ཏིག་ཙ་༿ཏོག་ཙམ་༾འགྱུར་བ་ཏིག་ཙ་ཕྱིན་བསྡད་འདུག་ག་ལ།
  • གཡག་ཚེ་བརྟན།
    རེད་ལ།
  • བཅར་འདྲི་མཁན།
    དེའི་སྐོར་ལ་གཅིག་གསུང་རོགས་གནང།
  • གཡག་ཚེ་བརྟན།
    དེ་ཨ་འདྲས་༿འདི་འདྲས་༾རེད་འདུག་ག་ལ་དང་པོ། དང་པོ་དེ་ད་ངས་སྣུམ་ཚོན་བེད་སྤྱོད་བཏང་པ་ཡིན་པ་ཡིན་ནའི་ད་མི་རིགས་ཀྱི་རི་མོའི་འགྲོ་སྟངས་དེ་འདྲས་ཀྱི་ཅ་ལག་ཆོག་ཏོ་༿མང་པོ་༾ཡོད་རེད། ད་ལྟ་ང་རང་ཚོའི་རི་མོའི་སྣག་བཅད་ཀྱི་བཅད་ཀྱི་དེ་ཚོའི་སྒང་ལ་གཙོ་བོ་བྱེད་ཡས་ཚོན་རྒྱག་ཡས་མ་གཞི་༿ཏོག་༾ཁོ་ཙམ་ཕྱི་གླིང་པས་ས་འདུག་ཟེ་བྱས་བྱས་ཁོ་རྡོག་རྡོག་བཟོ་ཡས་རི་མོ་དེ་བེད་སྤྱོད་ཞེ་དྲག་བཏང་གི་ཡོད་མ་རེད་ད་ངའི་སྒང་ལ།
  • གཡག་ཚེ་བརྟན།
    ད་ད་གཞུག་གུ་ད་ལྟའི་རི་མོ་དེ་ག་སྔ་མོའི་རི་མོ་དེའི་འགྲོ་སྟངས་ཀྱི་སྒང་ལ་ད་སོ་སོས་ཞིབ་འཇུག་ཏོག་ཙམ་བྱས་དེའི་སྒང་ལ་དེ་རྒྱུ་ཆ་གཞན་པའི་སོ་སོ་རང་གི་མི་རིགས་རང་གི་རྒྱུ་ཆའི་བཟོ་འདྲ་བཏང་པ་ཡིན་ན་ཡང་ཁོ་ཐུན་མོང་མ་ཡིན་པའི་མི་འདྲ་ཅིག་ཆག་འགྲོ་གི་འདུག་ག དེ་འདྲས་སྒང་ལ་གཅིག་ཤུགས་སྣོན་ར་༿འདྲ་༾ཅིག་བརྒྱབ་ཡས་ཀྱི་བསམ་བློ་ཡོད་པ་ལ།
  • གཡག་ཚེ་བརྟན།
    དེའི་སྒང་ལ་ཞིབ་འཇུག་ར་༿འདྲ་༾ཅིག་བྱས་ཨ་ནི་་་རྒྱུ་ཆ་མི་འདྲ་བའི་སྒང་ལ་བྲིས་བྱས་ཁོ་གཡག་དེ་ད་ཕར་དོན་ཡོང་ཉན་༿མཁན་༾ར་ཅིག༿འདྲ་ཅིག༾
  • གཡག་ཚེ་བརྟན།
    གཡག་གི་སྒང་ལ་མིག་གིས་བལྟས་ན་ལྟ་སྣང་དོད་པོ་ཡོང་ཡ་ར་༿འདྲ་༾ཅིག་བསམ་བློ་ཡོད་པ་ལ་ཨ་འདྲས་༿འདི་འདྲས་༾སྒང་ལ་ཞིབ་འཇུག་ར་ཅིག༿འདྲ་ཅིག༾
  • བཅར་འདྲི་མཁན།
    ཁྱེད་རང་གིས་གཡག་ལ་ཁག་ཅིག་ལ་གཤོག་པ་བསྒར་གནང་འདུག་ག་ལ་དེའི་དོན་དག་དེ་ག་རེ་ཡིན་ནམ།
  • གཡག་ཚེ་བརྟན།
    དེ་དེ་རེད་ལ་ད་ད་ང་ཆུང་ཆུང་སྒང་ལ་་་་རྒན་འཁོགས་གཅིག་གི་སྐད་ཆ་ཅིག་གོ་མྱོང་ང་ལ་གཡག་ད་རྣ་གཡག་ལྷ་གཡག་ཟེར་ཡས་དེ་ཚོ།
  • བཅར་འདྲི་མཁན།
    ལས་སེ་༿ལགས་སོ།༾
  • གཡག་ཚེ་བརྟན།
    ལྷ་གཡག་ཟེར་ཡས་ཅིག་གོ་མྱོང་ང་ལ་གཡག་ད་གཡག་ཁྱུའི་སྒང་ལ་དོན་སྲིད་ཀྱི་རེད་ཟ་རེད་པ་༿ཟེར་༾འབྲོང་གི་དཀྱིལ་ལ་ད་ཅི་དག་དེ་གཡག་གཤོག་པ་ཡོད་པ་དཀར་པོ་དཀར་པོ་དེར་རྣ་གཡག་ཟེར་གྱི་འདུག་ག་ལ།
  • གཡག་ཚེ་བརྟན།
    བླ་ཟེར་དུས་བླ་གཡག་ཡིན་ན་ཅིག་ཟེར་གྱི་འདུག་ག་ལ་དེ་རང་ངས་ཅིག་གོ་མྱོང་། ད་དེ་ནས་དེ་བྱས་ཨ་ནི་་་དེའི་སྒང་དེའི་འདི་ཞག་༿དེང་སྐབས་༾དེ་ཡོད་རེད་པ་ཕྱི་གླིང་པའི་རིག་གནས་ཤུགས་ཆེན་པོ་རེད་པ་
  • བཅར་འདྲི་མཁན།
    འོང་རེད།
  • གཡག་ཚེ་བརྟན།
    ང་རང་ཚོའི་དེ་ཐན་ཧྲེ་༼རྒྱ་སྐད་༽ཟེར་ཡས་དེ་ཚོ་འོ་དེ་ཚོ་ལེན་ཞང་༼རྒྱ་སྐད་༽བཟོ་འདྲ་བྱས་ང་རའི་བསམ་བླའི་ནང་ལོག་གི་གཡག་རྣ་ལོ་ཟེར་ན་ག་རེ་ཟེར་དགོས་རེད་དེ་ལྷ་གཡག་ཟེར་ཡས་དེ་འོ་་་དེ་འདྲས་ཟེ་ད་རེས་དབྱིན་ཇིར་འགྲོ་ཡས་འོ་དེ་རེད།
  • གཡག་ཚེ་བརྟན།
    དབྱིན་ཇིར་བཀྲམ་སྟོན་བྱེད་ཀྱི་ཡིན་ཟེར་ཡས་རི་མོ་འོ་དེའི་གྲས་ཀ་རེད།
  • བཅར་འདྲི་མཁན།
    ད་རེས་ལོ་མདུན་གྱི་ལོ་མཇུག་གི་དུས་སྐབས་དེ་རེད་པས།
  • གཡག་ཚེ་བརྟན།
    འོང་་་ད་རེས་ལུན་ཏུན་༼རྒྱ་སྐད་དོན་ནི་དབྱིན་ཇིའི་རྒྱལ་ས་༽གྱི་འོ་དེ་རེད་ལ་ཁ་སིང་༿ཁ་སང་༾ཁོ་རང་ཚོས་གདམས་ཀྱོག་༿པ་༾འོང་དེ་རེད།
  • བཅར་འདྲི་མཁན།
    རེད་རེད་རེད།
  • གཡག་ཚེ་བརྟན།
    ད་དེ་སྔན་མ་སྔ་མོའི་བསམ་བློ་ཡོད་པའི་བཟོ་འདྲ་་ཡང་དེ་ཞག་དེང་དུས་ཀྱི་དེ་འདྲས་ཀྱི་རྣམ་པའི་བཟོ་འདྲ་མཚོན་ཐུབ་ཉན་༿མཁན་༾བཟོ་འདྲ་ཅིག།
  • བཅར་འདྲི་མཁན།
    རེད་རེད་རེད།
  • གཡག་ཚེ་བརྟན།
    ད་ང་རའི་བསམ་བློ་ཅིག་དེ་བྱེད་ཐུབ་ཀྱི་ཡོད་རེད། མཚོན་ཐུབ་ཉན་བཟོ་འདྲ་ཅིག་གཡག་བྲིས་བྱས་འོ་དེ་འདྲས་ར་ཅིག་འདུག་ག
  • བཅར་འདྲི་མཁན།
    ཁྱེད་རང་གིས་དེ་རི་མོ་དེང་སང་རི་མོའི་སྒང་ལ་བོད་ཀྱི་རླུང་རྟ་དང་དེ་འདྲས་ཅིག་གིས་ཨོང་་་བོད་ཀྱི་བོད་ཤོག་དང་དེ་འདྲས་མང་པོ་ཅིག་བཏང་གནང་གིས། དེ་རི་མོའི་ཐོག་ནས་ཁྱེད་རང་གིས་བོད་ཀྱི་བོད་པའི་ཁྱད་ཆོས་དེ་འདྲ་ཏིག་ཙ་༿ཏོག་ཙམ་༾རི་མོའི་སྒང་ལ་ཏིག་ཙ་ཅིག་སྟོན་ཡས་དང་དེ་འདྲས་ཀྱི་ཐབས་ཤེས་གནང་གི་ཡོད་པ་འདྲ།
  • གཡག་ཚེ་བརྟན།
    དེའི་བཟོ་འདྲ་འོ་དེ་འདྲས་ར་ཅིག་རེད་ལ།
  • གཡག་ཚེ་བརྟན།
    དེའི་སྒང་ལ་ཨ་འདྲས་༿འདི་འདྲས་༾ར་༿འདྲ་༾ཅིག་རེད་ལ། བོད་པའི་ཁྱད་ཆོས་དང་གཅིག་བྱས་བོད་པའི་རྒྱུ་ཆ་དང་བོད་པའི་རིག་གནས་དང་བྱས། བོད་བའི་སྐད་ཡིག་དེ་འདྲས་ཟེ་རང་ལ་དོན་དུ་ཡོད་པ་བྱས་ཡང་ཁོ་བོད་པའི་གཡག་ཟེར་ཡས་དེ་བོད་པའི་འཚོ་བའི་ནང་མེད་དུ་རུང་བ་གཅིག་རེད་པ་ལ།
  • བཅར་འདྲི་མཁན།
    འོང་རེད།
  • གཡག་ཚེ་བརྟན།
    དེའི་སྒང་ནས་ཆ་བཞག་ནའི་གཡག་དེ་བེད་སྤྱོད་བཏང་ཡས་ཀྱི་བཟོ་འདྲ་ཅིག།
  • གཡག་ཚེ་བརྟན།
    འོང་ལགས། མི་རང་གིས་མཚོན་མ་ཐུབ་པ་བྱས་ཡང་ཁོ་གཡག་གིས་བོད་པ་མཚོན་ཐུབ་པའི་བཟོ་འདྲ་ཅིག བོད་རིགས་ཀྱི་རིག་གནས་མཚོན་ཐུབ་པའི་བཟོ་འདྲ་ཅིག་གཡག་དེའི་སྒང་ལའི་༿ལ་ཡང་༾རིག་གནས་ཆོག་ཏོ་༿མང་པོ་༾ཡོད་རེད་པ་ལ།
  • བཅར་འདྲི་མཁན།
    འོང་རེད་ལགས།
  • གཡག་ཚེ་བརྟན།
    ང་རང་ཚོ་བོད་པའི་ད་ཟ་ཡས་༿ཟ་ཆས་༾འཐུང་ཡས་༿བཏུང་ཆས་༾ཟེ་འགང་ག་ལོགས་༿ཚང་མ་༾དང་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་རེད་པ་ལགས།
  • བཅར་འདྲི་མཁན།
    འོང་རེད།
  • གཡག་ཚེ་བརྟན།
    ད་དེའི་སྒང་ལ་གཡག་གི་ལོ་རྒྱུས་དེའང་རྒྱུན་རིང་པོ་བྱས།
  • བཅར་འདྲི་མཁན།
    འོང་རེད།
  • གཡག་ཚེ་བརྟན།
    འོ་ཨ་འདྲས་༿འདི་འདྲས་༾ཀྱི་བཟོ་འདྲ་ཅིག་རེད་གཡག་གློད་མི་ཐུབ་པའི་བཟོ་འདྲ་དེ།
  • བཅར་འདྲི་མཁན།
    ལས་སེ།
  • གཡག་ཚེ་བརྟན།
    འོང།