Skip to main content Skip to search
15 Dec 2011
4 min 18 sec
Rating
0
No votes yet
Video Overview
Creators: 
Unknown

An interview of Jiang Yong, a modern artist.

Show More

  • ལྗང་ཡུང་།
    ངའི་མིང་ལ་ལྗང་ཡུང་ཟེར་གྱི་ཡོད། ང་ནི་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་ལ་སྐྱེས་པ་དང་ཕ་ཡུལ་ཉིང་ཞྭ་ནས་ཡིན། ས་ཆ་དེ་གའི་སློབ་གྲྭ་ཆེན་མོ་འགྲིམས་པ་ཡིན། སློབ་གྲྭ་ཐོན་རྗེས་ལོ་གཅིག་ཙམ་རིང་དགེ་རྒན་བྱས་པ་དང་དེ་རྗེས་པེ་ཅིང་ལ་ཕྱིན་པ་ཡིན།
    嗨!我叫蒋永,我是一九七二年生的,老家是宁夏人。在本地上了大学,一九...毕业以后当了一年老师以后去了北京。
  • ལྗང་ཡུང་།
    པེ་ཅིང་ལ་ལོ་ཁ་ཤས་བསྡད་རྗེས་བོད་ལ་ཡོང་འདོད་ཆེན་པོ་བྱུང་། བོད་ལ་ཡོང་རྒྱུ་ནི་ངའི་རེ་བ་ཆེ་ཤོས་དེ་ཡིན་པས་ཉིས་སྟོང་ལོར་ལྷ་སར་ཡོང་པ་ཡིན།
    在北京呆了几年以后,觉得一直来西藏一直是我的梦想.然后就两千...两千年来的那个拉萨.
  • ལྗང་ཡུང་།
    ལྷ་སར་སླེབས་རྗེས་ཁ་བྲལ་འདོད་མ་བྱུང་། གང་ཡིན་ཟེར་ན་ང་ནི་གྲོང་ཁུལ་ཆུང་ཆུང་གི་ཚོར་སྣང་ལ་དགའ་པོ་ཡོད། བྱས་ཙང་ས་ཆ་འདིར་བསྡད་པ་ཡིན། དེ་རྗེས་སྟབས་ལེགས་པ་ཞིག་ལ་ས་ཆ་འདི་གའི་གྲོགས་པོ་མང་པོ་ངོ་ཤེས་ནས་ང་ཚོ་མཉམ་དུ་དགེ་འདུན་ཆོས་འཕེལ་གྱི་རི་མོའི་ཚོགས་པ་འདི་གསར་འཛུགས་བྱས་པ་ཡིན།
    来到拉萨以后就不想走了因为这块儿,我比较喜欢小城的感觉,所以就留下来了,然后有幸呢认识了很多本地的朋友,然后我们一起创建了更敦群培画廊.
  • ལྗང་ཡུང་།
    འདི་གར་འཚོ་བ་བསྐྱལ་རྒྱུ་དང་། ཆང་རག་འཐུང་རྒྱུ། རི་མོ་འབྲི་རྒྱུ་བཅས་ནི་ངའི་དགའ་ཤོས་ཀྱི་ལས་ཀ་ཡིན། ད་ག་ཡིན། ཚར་སོང་།
    在这生活、喝酒、画画是我开心的事情,OK完了.
  • བཅར་འདྲི་མཁན།
    ལྗང་ཡུང་། ངའི་གོ་ཐོས་ལ་ཁྱེད་རང་ཉིང་ཞྭ་ནས་པེ་ཅིང་ལ་ཕྱིན་ནས་ཉིང་ཤ་ལ་སྐབས་དེ་དུས། པེ་ཅིང་་་་ཁྱེད་རང་གིས་པེ་ཅིང་ལ་ཕྱིན་པའི་དེའི་བར་གྱི་སྐོར་གཅིག་གསུངས་དང་། སྐབས་དེ་དུས་པེ་ཅིང་ལ་འཕེལ་རྒྱས་གང་འདྲ་བྱུང་མིན་གྱི་བརྒྱུད་རིམ་ཏོག་ཙམ་གསུངས་རོགས། པེ་ཅིང་ལ་ཡོད་དུས་དེ་་་་དེ་་་ཁྱེད་རང་ཡོན་མིང་ཡོན་གླིང་ཁའི་ནང་་་་་ག་རེ་ཟེར།
    那个蒋永啊!那个我据说那个你从那个宁夏到北京去,在宁夏当时, 这个北京,中间你说一下去北京嘛!当时北京的发展那个过程稍微也讲一下.就是在北京那个不是那个什么你在那个什么圆明园啊什么.
  • ལྗང་ཡུང་།
    ཡོའོ་༿ཡོད་༾མ་རེད། ཡོའོ་མ་རེད། དེ་དུས་ཡོན་མིང་ཡོན་གླིང་ཁ་བཀག་ཚར་པ་རེད།
    啊...没有没有没有,那时候圆明园已经封了.
  • བཅར་འདྲི་མཁན།
    བྱས་ན་ག་་པར།
    那在哪儿?
  • ལྗང་ཡུང་།
    ང་དེ་རེད་་་་
    我是那个...
  • བཅར་འདྲི་མཁན།
    སྒྱུ་རྩལ་དང་ཐད་ཀའི་འབྲེལ་བ་ཡོད་དམ་མེད།
    跟艺术有没有直接的关连.
  • ལྗང་ཡུང་།
    ཨ་ཅང་ཅང་། ང་ནི་རི་མོ་ཁོ་རང་བྲིས་ནས་བསྡད་པ་རེད།
    肯定嘛,我是一直画画的.
  • བཅར་འདྲི་མཁན།
    མ་རེད། པེ་ཅིང་ལ་ཡོད་དུས།
    不是,原来北京呢?
  • ལྗང་ཡུང་།
    པེ་ཅིང་ལ་ཡོད་དུས། ག་རེ་ཟེར། ང་སྔོན་མ་དེ་ཧའེ་ཏན་ཁུལ། ཧའེ་ཏན་ཁུལ་དེར་ཐོག་མར་འགྲོ་དུས་ག་རེ་ཟེར། ཨ་རིའི་ཀུང་སི་ཞིག་ཡོད་པ་དེས་ཀྱང་ཚད་མཐོ་བའི་རི་མོ་བྲིས་ཀྱི་འདུག
    北京有我是在那啥以前在那个海淀区,海淀区刚开始去的时候有一个那个啥嘛...有一个那个美国的公司也是画那个高档行活,应当生活嘛!
  • ལྗང་ཡུང་།
    དེར་ཕྱིན། དེ་ནི་གཡུས་ཡོན་ཐན་གྱི་ནང་དུ་རེད། པེ་ཅིང་ལ་ངར་བག་ཆགས་གཏིང་ཟབ་ཤོས་ཀྱི་ས་ཆ་ཞིག་ཡོད། ས་ཆ་དེ་གར་སྟར་ཁའི་སྡོང་པོ་དང་སེ་འབྲུ་དང་ཤིང་ཏོག་ཨ་མྲའི་སྡོང་པོ་སོགས་ཡོད་པ་དང་། སྟོན་གྱི་དུས་སུ་སྟར་ཁ་བཟའ་ཆོག་ལ་དཔྱིད་ཀའི་དུས་སུ་ལི་ཤིའི་མེ་ཏོག་མཐོང་རྒྱུ་ཡོད།
    去那儿,那是在玉渊潭里头,北京我印象特别好的地方就是,有一个地方有那个 核桃树和石榴树、柿子树,秋天的时候可以吃那个核桃,春天的时候有丁香花.
  • ལྗང་ཡུང་།
    འོན་ཀྱང་། དོན་དངོས་ཐོག་གྲོང་ཁྱེར་ཆེ་དྲགས་འདུག དེ་རྗེས་སུ་རི་མོའི་འགྲེམ་སྟོན་བར་ཁྱམས་ཤིག་གི་ནང་ལས་ཀ་ཏོག་ཙམ་བྱས་པ་དང་། དེ་གར་གཞན་གྱིས་མངགས་ཉོ་བྱས་པའི་རི་མོ་བྲིས་པའམ་ཡང་ན་དེ་སྔོན་ལིའུ་ཧྲའོ་ཆི་སྐུ་བལྟམས་ནས་ལོ་བརྒྱ་ཕྱིན་པའི་དེ་མེད་པས་་་་ 
    但事实上城市太大了,就是后来是在一个画廊,在画廊里头干,然后呢 就是有些那个可以画一些那个订单呀,或者一些那个就是说,以前不是那个刘少奇诞生百年嘛!
  • ལྗང་ཡུང་།
    དེའི་རི་མོ་དེ་ངས་བྲིས་པ་ཡིན། རྗེས་ལ་དེ་གསར་འགྱུར་མཉམ་བསྒྲགས་ཀྱི་ནང་དུ་ཡང་བསྟན་པ་རེད། འོན་ཀྱང་དུས་ཚོད་གང་ཙམ་སོང་རྗེས་ངའི་སེམས་ལ་པེ་ཅིང་ལ་རིག་གནས་དོན་གཉེར་ཆེད་འགྲོ་བ་ལས་སོ་སོ་རང་ཉིད་་་་་རང་ཉིད་མི་ཤིག་ཡིན་ཙང་སྔོན་ལ་མི་འདི་ཉིད་སྤྲོ་སྣང་དོད་ཙམ་གྱི་འཚོ་བ་ཤིག་བསྐྱལ་ན་སྙམ།
    那个画我创作的时候画的后来那个上新闻联播了,但是时间呆太长了 我觉得我去 北京去追求文化的话那还不如说让自己....你还是人嘛! 你还要想到人活得快乐一点.
  • ལྗང་ཡུང་།
    མ་གཞི་བྱས་ན་ང་ལ་གདམ་ག་གཉིས་ཡོད། གཅིག་ནི་ཏུན་ཧོང་ལ་འགྲོ་རྒྱུ་དང་། གཅིག་ནི་བོད་ལ་ཡོང་རྒྱུ་དེ་ཡིན། དེ་ནས། ཏུན་ཧོང་དང་ངའི་ནང་ཐག་ཉེ་བས་དེ་ལས་བོད་ལ་ཡོང་ནས་ས་ཆ་ཡང་ཐག་རིང་ཙམ་ཞིག་ལ་བལྟ་བར་ཡོང་འདོད་བྱུང་།  
    本来我有两个选择,一个去敦煌,一个去那个来西藏.然后呢!就我先前敦煌里我们家近嘛!我说还不如来西藏,比较远的地方来看一看.
  • ལྗང་ཡུང་།
    མཐོ་རིམ་སློབ་འབྲིང་གི་སྐབས་སུ་བོད་ལ་བལྟ་ཙམ་བྱེད་པར་ཡོང་འདོད་ཧ་ཅང་ཆེན་པོ་ཡོད྄། དེ་ནས་ཡོང་པའི་རྗེས་ལ་གྲོང་ཁྱེར་འདིས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། ལོ་འདི་དག་གི་ནང་ཧ་ལམ་བོད་ལ་བསྡད་པ་ཡིན། ལྷ་ས་རང་གི་ནང་ལ་བརྩིས་ནས་རྒྱུན་སྡོད་བྱེད་མཁན་གྱི་མི་ཞིག་ཡིན། 
    高中的时候一直喜欢来到西藏看一看,然后来了以后呢!就被这城市给 吸引了.就这几年几乎就在西藏呆着,作为窝居在拉萨的一个人.
  • བཅར་འདྲི་མཁན།
    བོད་ལ་བཞུགས་རིང་ཁྱེད་རང་གི་བརྩམ་བྱ་ལ་འཕེལ་རྒྱས་ཅུང་ཆེ་ཙམ་ཡོད་སྐད་འདུག་པས། དེ་དག་གི་བརྒྱུད་རིམ་རྣམས་གསུང་ན་འགྲིག་གི་རེད་དམ།
    那这个在西藏期间你的这个作品好像有比较大的一个发展,有个历程,有个变化.有个过程,这能不能讲一下.
  • ལྗང་ཡུང་།
    རེད། སྤྱིར་བཏང་ནས་བཤད་ན་མི་རྣམས་ཀྱིས་བོད་ལ་ཡ་མཚན་ཅན་གྱི་ལྟ་སྣང་ཞིག་བཟུང་གི་འདུག གང་ལྟར་སྤྱིར་བཏང་མིན་པར་བརྩིས་ཀྱི་ཡོད། ཐོག་མར་ང་ཡང་ཡ་མཚན་ཅན་གྱི་དངོས་པོ་དེ་འདྲ་དེ་འདྲ་ཁག་ཅིག་བྲིས་པ་ཡིན། 
    人们一般来说对西藏有种传奇的东西,就是说不是说很平凡嘛啊! 我刚来时可能画了一些传奇的东西就是梦想呀那些!
  • ལྗང་ཡུང་།
    དུས་ཚོད་གང་ཙམ་ཕྱིན་རྗེས་ལྷ་ས་ཡང་མིའི་རིགས་འདུས་སྡོད་བྱེད་སའི་ས་ཆ་ཞིག་ཡིན་ཞིང་། དེའི་སྡོད་གནས་སོགས་ལ་ཡང་མིའི་ཁྱད་ཆོས་མང་པོ་ཡོད་ཙང་། ང་ལ་ཡང་ག་ལེར་ལ་མིའི་སྐོར་ཏེ་མིའི་འདོད་མའི་རང་བཞིན་དང་དེའི་ཕྱོགས་གཅིག་རང་བཞིན་ལ་བསམ་བློ་གཏོང་འདོད་ཀྱི་བློ་ཞིག་སྐྱེས་བྱུང་། 
    时间长了我发现这也是一个人类那个适宜的那个聚集的地方啊的居所呢肯定是有人的东西,我先慢慢对人的就是...就是人的原始性和他的单向性产生了兴趣.
  • ལྗང་ཡུང་།
    དེ་རྗེས་ཨ་ནི་་་ངས་དུས་ཡུན་རིང་པོ་ཞིག་ལ་དེ་ལྟ་བུའི་འགལ་བ་རྣམས་འབྲི་འདོད་བྱུང་། དེ་ནི་བཅོས་མའི་དངོས་པོ་དང་གདོད་མའི་སྐྱེས་ཁམས་་བར་གྱི་འགལ་བ་དག་རེད། ངས་ཐོག་མཐའ་བར་གསུམ་དུ་དེ་འདྲའི་ཆ་ཞིག་འཚལ་གྱི་ཡོད། ཁྱེད་རང་གིས་ད་ལྟ་གསུངས་པ་ལྟར་ང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དེ། དེ་ནི་ངས་དུས་ཡུན་རིང་པོའི་བར་བཙལ་བ་ཞིག་ཡིན། ངའི་སེམས་ཀྱི་ནང་དེ་་་ངའི་སེམས་ཀྱི་གཏིང་དེ་བཅོས་མིན་ཞིག་ཡིན།
    然后呢就说是通过....我一直想画成一种冲突来,就是制造物和一种原始的那种生态之间的冲突,一直找这个点吧,就是您刚说了我在变化, 就是我一直想找找就是说我挎的我内心,不是特别假.
  • ལྗང་ཡུང་།
    ང་ནི་བདེན་པ་བདེན་ཐུབ་ཞིག་ཡིན། བྱས་ཙང་ངའི་ཚོར་སྣང་དངོས་དེ་རི་མིའོ་རས་ཆའི་སྟེང་ནས་མཚོན་ཐུབ་ཐབས་བྱེད་ཀྱི་ཡོད། ད་ལྟ་ཕལ་ཆེར་དེ་ཙམ་གྱིས་ལེགས་གྲུབ་བྱུང་མེད་པ་འདྲ། ཡིན་ནའི་ད་ལྟ་གང་ཐུབ་ཀྱིས་ཚོད་འཇུག་བྱེད་བཞིན་ཡོད། །
    我真实, 也就是说,我感觉的那一点更真实就通过一种画布来表现出来,就是可能就是还是不成功吧!现在这种方式,只不过就是,努力在尝试.