Video Overview
An interview of Shelkar, a modern Tibetan artist.
- གཤིས་ཀ་
- གཤིས་ཀངའི་མིང་ལ་གཤིས་ཀ་ཟེར་གྱི་ཡོད་ཟེ༿ཟེར༾། ཆིག་སྟོང་དགུ་རྒྱ་དྲུག་བཅུ་རེ་བཞི་ལོ་ལ་སྟོད་ལུང་གདོང་དཀར་ལ་སྐྱེས་པ་རེད་ཟེ་༿ཟེར་༾།
- གཤིས་ཀཆིག་སྟོང་དགུ་རྒྱ་བརྒྱད་ཅུ་གྱ་གཅིག་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རི་མོའི་ཚན་ཁག་ལ་ཡིག་ཚད་ལོན་བྱས།
- གཤིས་ཀཨ་ནི་་་ཆིག་སྟོང་དགུ་རྒྱ་བརྒྱད་ཅུ་གྱ་ལྔའི་ལོ་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཨ་ནི་་་རི་མོའི་ཚན་ཁག་འདུག་ཟེ་ཐོན་པ་རེད་ཟེ་༿ཟེར་༾།
- གཤིས་ཀཨ་ནི་་་ཨོང་་་འདིའི་ལོ་འདའི་༿འདི་ལ་༾ཨ་ནི་་་བོད་ལྗོངས་་་ག་རེ་རེད་ཟེར་ན་ལས་ཀ་ཨ་ནི་་་བོད་ལྗོངས་སློབ་གཞི་རྩོམ་བསྒྱུར་ཅུས་ལ།
- གཤིས་ཀཨ་འདྲས་ཟེ་༿འདི་འདྲས་ཟེར༾ལས་ཀར་འདུག་ཟེ་རི་མོའི་ལས་ཀ་བྱས་བྱས་༿བྱས་ནས་༾འདུག་ཟེ་བསྡད་ཨ་ནི་་་།
- གཤིས་ཀདགུ་བཅུ་ཐམ་པའི་ལོ་ལ་ཨ་ནི་་་ཀྲུང་དབྱང་མཛེས་རྩལ་སློབ་གྲྭ་ཆེན་མོར་གཟབ་སྦྱོང་ལ་ལོ་གཅིག་ཕྱིན྄། ཨ་ནི་་་དེ་ནས་ཨོང་་་དགུ་བཅུ་གོ་ལྔའི་ལོ་ལ།
- གཤིས་ཀཨ་ནི་ཨོང་་་ག་རེ་རེད། བོད་ལྗོངས་འགྲེམས་སྟོན་ལྟེ་གནས་ལ་རི་མོའི་ལས་ཀ་བྱས་འདུག་ཟེ་༿འདུག་ཟེར་༾བསྡད།
- གཤིས་ཀཨ་ནི་་་དགུ་བཅུ་གོ་ལྔའི་ལོ་འདའི་༿འདིར་༾ཨ་ནི་་་འདུག་ཟེ་ཨ་ནི་ཨོང་་་དགེ་འདུན་ཆོས་འཕེལ་གྱི་རི་མོའི་འདི་འདྲས་ཟེ་ལོ་ཆུང་ཆུང་མང་པོ་གཅིག་གིས་འདི་འདྲས་ཟེ་རི་མོའི་བཤམས་སྟོན་བར་ཁྱམས་ཟེ་༿ཟེར༾རི་མོ་འདི་འདྲས་འདི་བྱེད་ས་གཅིག་བཙུགས་འདུག་ག
- གཤིས་ཀཨ་ནི་་་ང་ཚོས་འདིའི་ལོ་འདའི་༿འདིར༾དགུ་བཅུ་གོ་ལྔའི་ལོ་འདའི༿འདིར༾ང་ཚོ་མི་ཁ་ཤས་གཅིག་འདུག་ཟེ་འདིའི་ནང་འདའི་༿འདིར་༾འདུག་ཟེ་འཛུལ་པ་ཡིན་ཟེ་༿ཟེར༾།
- གཤིས་ཀཨ་ནི་་་འདི་རི་མོའི་བཤམས་སྟོན་བར་ཁྱམས་དེ་ག་རེ་རད་༿ག་རེ་རེད༾ཟེར་ན་དགེ་འདུན་ཆོས་འཕེལ་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རི་མོའི་མིང་ཁོང་གི་མཚན་དེ་བེད་སྤྱོད་བཏང་བྱས་ཨ་ནི་་་།
- གཤིས་ཀརི་མོའི་བཤམས་སྟོན་བར་ཁྱམས་དེ་ཨ་ནི་་་ང་རའི་ངོས་ནས་བཤད་ན་རི་མོ་བྲི་ཉན་༿མཁན་༾རྙིང་པ་གཅིག་གི་ངོས་ནས་བཤད་ན་ཡག་པོ་ཞེ་པོ་གཅིག་འདུག་ཟེ་༿ཟེར༾།
- གཤིས་ཀཨ་ནི་་་ང་ཚོའི་ལོ་ད་ཏིག་ཙ་༿ཏོག་ཙམ་༾ཅིག་མཐོ་ཙམ་རེད་དེ་ཡིན་ནའི་ལས་༿ཡིན་ནའང་༾ཁོ་རང་རྣམ་པའི་བསམ་བློའི་འཁྱེར་ཕྱོགས་དེ་ཚོ་བོད་ཀྱི་དེང་རབས་ཀྱི་རི་མོའི་ཨཻ་འདྲས་༿དེ་འདྲ་༾ག་རེ་ཟེར་གོ་རད་༿དགོས་རེད༾འདིའི་ཨ་འདྲས་༿དེ་འདྲ་༾བསམ་བློའི་འཁྱེར་ཕྱོགས་དང་།
- གཤིས་ཀཨ་འདྲས་༿དེ་འདྲས༾བྱས་བྱས་༿བྱས་ཏེ་༾དེ་ཡག་པོ་ཞེ་པོ་གཅིག་བཙུགས་གནང་ཤག་ཟེ་༿ཟེར༾།
- གཤིས་ཀཨ་ནི་་་འདི་ག་རེ་རེད་ཟེར་ན་ང་ཚོའི་ཨ་ནི་ཨོང་་་འདི་བར་༿འདི་ལ་༾ལ་ཨོང་་་སླབ༿སློབ་༾གྲྭའི་དགེ་རྒན་ཡིན་ནའི་འདྲ་ལས་ཁུངས་ཁག་གི་རི་མོ་བྲི་ཉན་༿མཁན་༾ཡིན་ནའི་འདྲ་རི་མོ་བྲི་ཉན་༿མཁན་༾མང་པོ་གཅིག་གིས་ཨ་ནི་་་།
- གཤིས་ཀག་རེ་ཟེར་དགོས་རེད་ད་རི་མོ་ཚོང་ས་ཟེར་ནའི་འདྲ་དེ་འདྲས་ཀྱི་རི་མོའི་དེང་རབས་ཀྱི་རི་མོའི་འཕེལ་རྒྱས་བཏང་ས་ཡག་པོ་ཞེ་པོ་༿ཞེ་དྲག་༾འདུག་ཟེ།
- གཤིས་ཀཨ་ནི་་་འདི་ཁོ་སོ་སོའི་ད་སྒྱུ་རྩལ་ཟག་འདི་༿ཟེར་བ་འདི་༾ད་གཙོ་བོ་ག་རེ་རེད་ཟེར་ན་སོ་སོའི་བསམ་བློ་འདི་སོ་སོའི་རི་མོ་བྲི་མཁན་གྱི་བསམ་བློ་དེ་ད་ཕར་རི་མོའི་སྒང་༿སྟེང་༾ནས་ཕབ་བྱས་ཨ་འདྲས་༿དེ་འདྲས་༾བྲི་ཡས་ཡིན་བཟོ་འདུག
- གཤིས་ཀཁོ་འདིའི་སྒང་ལའི་༿ལ་༾རི་མོ་སོ་སོ་སྦྱངས་ཀྱོག་༿བ་༾རང་སྦྱོང་བྱས་ཀྱོག་ཡིན་ནའི་འདྲ་ཡང་སླབ་༿སློབ་༾གྲྭར་ཕྱིན་བྱས་༿ནས་༾ཨོང་་་གཟུགས་ག་རེ་རེད་གཟུགས་ཡག་པོ་གཅིག་སྦྱངས་བྱས་ཨ་འདྲས་ཟེ་༿འདི་འདྲས་ཟེ་༾བྱེད་རྒྱུ་རེད་ཟེ་༿ཟེར༾།
- གཤིས་ཀད་དེ་འདྲས་གཅིག ཨེ་འདྲསཟེ་༿འདི་འདྲས་ཟེ་༾རྒྱ་ཡིག་ཐོག་ནས་བྱས་པ་ཡིན་ནའི་དེ་དགེ་འདུན་ཆོས་འཕེལ་གྱི་རི་མོའི་བཤམས་སྟོན་ཁང་དེ་ཡག་པོ་ཞེ་པོ་༿ཞེ་དྲག་༾འདུག་ཟེ།
- གཤིས་ཀཨ་ནི་་་ང་ཚོས་ཨ་འདྲས་ཟེ་༿དེ་འདྲས་ཟེ་༾མུ་མཐུད་ནས་ཨའོ་་་ད་ལོ་ཆུང་ཆུང་ད་དེ་ཚོ་མཉམ་པོར་༿མཉམ་དུ་༾ལ་ཨ་ནི་་་སོ་སོའི་འདིའི་སྔན་༿སྔོན་༾གྱི་རེ་མོའི་འདི་བྲིས་ན་མ་བཞིན་༿མ་གཏོགས་༾བོད་ཀྱི་རིག་གནས་ཀྱི་སྐོར་ཨ་འདྲས་༿དེ་འདྲས་༾ཐོག་ནས་རི་མོ་ཡག་པོ་ཞིག་བྲིས་བྱས་ཨ་ནི་་་།
- གཤིས་ཀབོད་རིགས་ཀྱི་རིག་གནས་ཁྱབ་བསྒྲགས་བྱེད་ཡས་སྒང་ལ་སེམས་ཤུགས་ཨ་འདྲས་ཟེ་༿དེ་འདྲས་ཟེ་༾ཡོད་ཟེ།
- བཅར་འདྲི་མཁན།ཁྱེད་རང་གི་རི་མོ་སླབ༿སློབ་༾གྲྭ་ནས་ཐོན་པ་ནས་བྱས་ཨ་ནི་་་བྲིས་གནང་པ་རེད་པ། ཁྱེད་རང་གི་རི་མོའི་འཕེལ་རྒྱས་ཀྱི་གོ་རིམ་མར་གཅིག་ངོ་སྤྲོད་གནང་རོགས་གནང་།
- གཤིས་ཀལས་སེ་༿ལགས་སོ༾། ངའི་རི་མོ་དེ་ག་འདྲས་སེ་རེད་ཟེར་ན། དང་པོ་ཐོག་མར་རི་མོ་སྣུམ་ཚོན་རི་མོ་དང་རྒྱལ་སྲོལ་རི་མོ།
- གཤིས་ཀདེ་ནས་ཨ་ནི་་་ང་ཚོའི་བོད་རིགས་ཀྱི་ཨ་ནི་་་རྒྱུན་སྲོལ་གྱི་རི་མོ་ཐང་ཀ་དང་ད་ཚང་མ་ལོགས་༿ཆ་ཚང་༾སྦྱངས་རྒྱུ་ཡོད་ཟེར་དུས་བརྒྱད་ཅུ་གྱ་གཅིག་གི་ལོ་ལ་ང་ཚོ་ག་རད་ཟེ་ན་༿གང་རེད་ཟེར་ན་༾དེ་དུས་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོ་རེད་ཟེ།
- གཤིས་ཀད་ག་རད་༿གང་རེད་༾གསོ་སྐྱོང་བྱེད་ཡག་༿ཡས་༾གི་དམིགས་ཡུལ་གཙོ་བོ་དེ་ག་རད་༿གང་རེད་༾ཟེར་ན་དགེ་རྒན་བྱེད་ཡས་སྒང་༿ལ་༾ཐུག་དུས་དེའི་ནང་ལ་རི་མོའི་རིགས་ཀྱི་རྨང་གཞི་ཆ་ཚང་བསླབས་ཡོད་རེད་ཟེ་༿ཟེར་༾ཚང་མ་ལོགས་༿ཆ་ཚང་༾།
- གཤིས་ཀད་དེའི་ནང་ལ་ག་རེ་རེད་ཟེར་ན་དང་པོ་ཡར་འདི་བྱེད་དུས་ཨོང་་་རྒྱལ་སྲོལ་རི་མོའི་འདི་ག་རེ་རེད་ད་བྱིའུ་དང་དེ་འདྲས་ག་རེ་ཟེར་དགོས་རད་༿རེད༾།
- གཤིས་ཀདེ་འདྲས་ཀྱི་རྒྱལ་སྲོལ་རི་མོ་བྲི་ཡག་༿ཡས་༾འོང་དེ་འདྲས་འདྲ་མ་འདྲ་བྲི་ཡག་དེ་འདྲས་དང་། ཨ་ནི་་་ཆུ་རྒྱུན་རི་མོ་འགང་ག་༿ཚང་མ་༾ལོགས་བསླབས་ཡོའོ་རེད་ཟེ་་༿ཡོད་རེད་ཟེར་༾།
- གཤིས་ཀད་ཆ་ཚང་གཅིག་ཡོད་པའི་རྨང་གཞིའི་འོག་ལ་གཞུག་གུར་༿རྗེས་སུ་༾ཨ་འདྲས་ཟེ་༿འདི་འདྲས་ཟེ་༾བྱས་བྱས་ང་རའི་གཙོ་བོ་འདི་ཨོང་་་།
- གཤིས་ཀཀྲུང་དབྱང་མཛེས་རིས་སློབ་གྲྭ་ཆེན་མོར་འགྲོ་དུས་ཡང་སྣུམ་ཚོན་རི་མོ་ཏིག་ཙ་༿ཏོག་ཙམ་༾གཅིག་ཡང་ལོ་གཅིག་འདུག་ཟེ་འདི་བྱས་པ་ཡིན་ཟེ།
- གཤིས་ཀད་ང་རའི་ངོས་ནས་བཤད་ན་ད་རི་མོ་འགང་གའི་༿ཚང་མའི་༾ཐོག་ནས་ཏིག་ཙ་༿ཏོག་ཙམ་༾གཅིག་ཡོད། རྨང་གཞི་དེ་ཏིག་ཙ་༿ཏོག་ཙམ་༾གཅིག་འདི་འདྲས་ཟེ་ཡོད།
- གཤིས་ཀཨ་ནི་་་རྨང་གཞིའི་སྒང་ནས་གཞུག་གུ་༿རྗེས་སུ་༾དེར་ང་རས་༿ང་རང་གིས་༾དེ་བར་༿འདིར་༾བོད་པའི་རིག་གནས་ངོས་ནས་བཤད་པ་ཡིན་ན་བོད་རིགས་ད་ལྟ་བོད་བྲིས་ཟ་༿ཟེར་བ་༾འདི་ག་འདྲས་ཟེ་༿ཟེར་༾དགོས་རེད། ད་ང་རང་ཚོའི་རྒྱུན་སྲོལ་གྱི་ཐང་ཀ་ཕར་པིད་༿ཕུད་༾པའི་བོད་བྲིས་རི་མོ་ཟེ་༿ཟེར་༾།
- གཤིས་ཀང་རའི་ངོས་ནས་བཤད་ན་ང་རང་སྒེར་གྱི་ངོས་ནས་བཤད་ན། ད་བོད་བྲིས་རི་མོ་དེ་ད་ལྟ་མེད་བསྡད་པའི་བཟོ་གཅིག་འདུག་ཟེ།
- གཤིས་ཀདེང་རབས་ཀྱི་ཟེར་གྱི་ཡོད་ད་ངས་ཟེར་ན། ག་རེ་རེད་ཟེར་ན་བྱས་ཙང་ངས་འདའི་༿འདིར་༾དཔག་བྱས་ཨ་ནི་་་ག་འདྲས་ཟེ་༿ཟེར་༾དགོས་རེད་ཟེར་ན།
- གཤིས་ཀད་ལྟ་ང་རང་ཚོའི་འདའི་ཡ་༿འདི་ལ་༾ཨོང་་་བོད་ལྗོངས་རི་མོའི་ཚོགས་པ་ཟེར་དགོས་རེད། དེའི་ཀྲུའུ་ཞི་ཧན་ཧྲུ་ལི་༼མིའི་མིང་༽ཟེར་དགོས་རེད་པ་ཁོ་རང་ཚོ་དང་ཡུད་ལའོ་ཧྲི་༼རྒྱ་སྐད་ལ་དགེ་རྒན་རུས་མིང་ཡུད་ཟེར་བའི་དོན་ཡིན་༽ཟེར་ཡས་གཅིག་ཡོའོ་༿ཡོད་༾རེད་ཡང་རྒྱ་རིགས་ཀྱི་བློ་མཐུན།
- གཤིས་ཀཁོ་ཚོས་འདི་བྱས་པའི་རས་སྒང་རི་མོ་རས་བྲིས་རི་མོ་ཟེར་ཡས་གཅིག་ད་ལྟ་ལོ་ཉི་ཤུ་ཙ་༿ཙམ་༾གཅིག་དཀའ་ལས་རྒྱབ་བྱས་ཨ་འདྲས་ཟེ་དེ་འདྲས་ཟེ་བརྩམས་གནང་ཤག་ཟེ།
- གཤིས་ཀདེའི་རྐུབ་༿རྗེས་༾ལའི་ཡང་ཁོ་ཚོ་ཚོགས་པ་མང་པོ་ཞིག་ཡོའོ་༿ཡོད་༾རེད་ཟེ་༿ཟེར༾། དེའི་རས་བྲིས་རི་མོ་བྲི་ཉན་༿མཁན་༾མང་པོ་གཅིག་ཡོའོ་༿ཡོད་༾རེད་དའི་༿ཀྱང་༾དེ་ངས་བལྟ་དུས་ཁོ་ཁོ་རང་ད་ཁོ་ཚོ་ག་རེ་རེད་ཟེར་ན།
- གཤིས་ཀཤོག་གུའི་༿བུའི་༾སྒང་ནས་རས་སྒང་ལ་ཕབ་པའི་ཨ་འདྲས་༿དེ་འདྲས་༾གཅིག་རེད་ཤག་ཟེ་༿ཟེར༾།
- གཤིས་ཀབྱས་ཙང་བོད་པའི་རི་མོ་རང་བྱས་ན་ད་ལྟ་ག་འདྲས་ཟེར་དགོས་རད་༿རེད༾། བོད་བྲིས་ཨ་འདྲས་༿དེ་འདྲས་༾གཅིག་གསར་པ་གཅིག་ད་ལྟ་ང་ཚོས་མང་པོ་གཅིག་གིས་རི་མོ་བྲི་མཁན་ད་ལམ་ཁག་ཨ་འདྲས་༿དེ་འདྲས་༾གཅིག་འཚལ་༿འཚོལ་༾དགོས་གིས་ཟེ།
- གཤིས་ཀང་རའི་ངོས་ནས་བཤད་ན་ཨ་ནི་་་ང་རས་༿ང་རང་གིས་༾ཨ་ནི་་་ག་འདྲས་ཟེར་དགོས་རེད། ཤོག་གུའི་༿བུའི་༾སྒང་ལ་བྲིས་ན་ཡང་རྒྱུན་སྲོལ་རི་མོའི་སྒང་ལ་འགྲོ་གི་རེད་ཟེ་༿ཟེར་༾ཡང་།
- གཤིས་ཀམ་གཞི་བྱས་ན་བོད་ཤོག་ཡོའོ་༿ཡོད་༾རེད་དེ་ཨ་ནི་་་ང་རས་༿ང་རང་གིས་༾ག་རེ་ཟེར་དགོས་རེད་ད། ཨ་ལའི་སྔན་ལ་༿སྔོན་ལ་༾དེ་འདྲས་ཀྱི་རྨང་གཞི་མེད་ཙང་ངས་དེ་འདྲས་ཟེ་དར་ལྕོག་དེ་འདྲས་ཟེ། ད་དར་ལྕོག་འདིའི་གྲས་འདིའི་སྒང་ལ་རི་མོ་ར་༿འདྲ་༾གཅིག་ཚོད་ལྟ་བྱས་བྱས་༿བྱས་ནས་༾ཨ་ནི་་་་དར་ལྕོག་སྒང་ལ་བྲིས་བྱས་ཨ་ནི་་་དར་ལྕོག་འཕེལ་རིམ་གྱི་རི་མོ་ཟེ་ག་༿ཟེར་༾བྱས།
- གཤིས་ཀཡང་དར་ལྕོག་སྒང་ལ་ཡང་སོ་སོའི་ཨ་ནི་་་རི་མོའི་རྩལ་ར་༿འདྲ་༾འདི་ཏིག་ཙ་༿ཏོག་ཙམ་༾ཡོད་པ་དེ་བཅད་ར་༿འདྲ་༾གཅིག་རྒྱབ་ཨ་ནི་་་དེའི་ནང་ཚོས་ར་གཅིག་བཏང་བྱས་ཨ་འདྲས་༿དེ་འདྲས་༾ཟེ་གཅིག་བྲིས་བྱས་ལམ་ཁག་ར་༼འདྲ་༽གཅིག་རྙེད་ན་བསམ་གྱིས་དའི་འདི་ཡང་ཞེ་པོ་དེ་འདྲས་མ་རེད་ཤག
- གཤིས་ཀད་ཁོ་དར་ལྕོག་ཟེ་༿ཟེར་༾བོད་པའི་རིག་གནས་ཀྱི་ཁྱད་ཆོས་ཞེ་པོ་གཅིག་ཡོད་ཙང་འདུག་ཟེ་བྱས།
- གཤིས་ཀད་ང་ཚོ་རི་མོ་བྲི་མཁན་མང་པོ་ཅིག་གིས་དེའི་སྒང་ལ་ཏིག་ཙ་༿ཏོག་ཙམ་༾ཤུགས་རྒྱབ་དགོས་གྱིས་ཟེ་༿ཟེར༾།
- གཤིས་ཀཨ་འདྲས་ཟེ་༿དེ་འདྲས་༾ཨ་ནི་་་ག་རེ་རེད་ཟེར་ན་མ་གའི་༿གིར་༾ཆིང་ཧད་༼རྒྱ་སྐད་ཡིན་བོད་སྐད་ལ་མཚོ་སྔོན་ཟེར་༽ནས་ཀན་རྩེ་༼རྒྱ་སྐད་ཡིན་བོད་སྐད་ལ་དཀར་མཛེས་རྫོང་ཡིན་༽དེ་བར་ལ་༿འདི་ཁུལ་ལ་ཡང་༾ཉི་མ་ཚེ་རིང་ལགས་ཟེར་ཉན་༿མཁན་༾རི་མོ་བྲི་མཁན་གཅིག་འདུག་ཟེ།
- གཤིས་ཀདེའི་སྔན་ལ་༿སྔོན་ལ་༾དགུ་བཅུ་ཐམ་པའི་ལོ་ལ་ང་འདའི་༿དེར་༾ཀྲུང་དབྱང་མཛེས་རིས་སློབ་གྲྭའི་ཨ་ནི་་་གཟབ་སྦྱོང་ལ་འགྲོ་དུས་ང་ཚོའི་དགེ་འོས་སློབ་གྲྭ་ཆེན་མོའི་རྒན་བརྟན་པ་རབ་རྒྱས་ལགས་དང་ཁོང་གི་འུ་ཙོག་རན་༿མིའི་མིང་༾གི་ག་རེ་ཟེར་དགོས་རེད་༾ཅི་ཅིན་ཧུད་༿ཐེབས་རྩ་ལྷན་ཚོགས་༾ཟེར་དགོས་རེད་རྒྱ་སྐད་རྒྱབ་ན།
- གཤིས་ཀདེའི་ཨ་ནི་་་བྱ་དགའ་གཅིག་སྤྲད་སོང་ང་ཨ་ནི་་་ཁོ་རང་གི་འཁྱེར་ཕྱོགས་ར་འདི་བསམ་བློའི་འཁྱེར་ཕྱོགས་དེ་ག་རེ་རེད་ཟེར་ན་བོད་བྲིས་གསར་པ་ཡིན་ཟེར་གྱི་འདུག་ག
- གཤིས་ཀབོད་བྲིས་གསར་པ་ཡིན་ཟེར་དུས་ད་ང་རང་སྒེར་གྱི་ངོས་ནས་བཤད་ན་བོད་བྲིས་གསར་པ་ཟེར་ནའི་ད་མི་མི་འདི་ད་རྒྱ་ནག་གི་ད་རི་མོ་འདི་རྒྱ་སྐད་གི་༿གྱི་༾བཤད་ན་ཀུང་འབིའི་༼རྒྱ་སྲོལ་རི་མོའི་བྲི་སྲོལ་ཞིག་༽ཟེ་ཡག་༿ཟེར་ཡས་༾གཅིག་ཡོའོ་༿ཡོད་༾རེད།
- གཤིས་ཀཉན་ཧོ་༼རྒྱ་སྲོལ་རི་མོའི་བྲི་ལུགས་ཞིག་༽ཟེར་ཡས་འདི་འདིའི་རིགས་འདི་ཡང་འདི་ཁོང་གི་འཁྱེར་ཕྱོགས་འདི་ཡག་པོ་གཅིག་འདུག་ཟེ།
- གཤིས་ཀད་ད་ལྟ་མི་གའི་༿མ་གིར་༾ཧོང་ལའོ་ཧྲེ་༼རྒྱ་སྐད་ཡིན་བོད་སྐད་ལ་དགེ་རྒན་ཞེས་པའི་དོན་ཡིན་༽ཁོང་ཚོའི་པུ་ཧོ་༼རྒྱ་སྲོལ་རི་མོའི་བྲི་སྲོལ་༾འདི་ལའི་༿ལ་ཡང་༾ཁག་གཅིག་ཁོང་ཚོས་འདི་འདྲས་ཟེ་བོད་བྲིས་གསར་པ་ཟེ་༿ཟེར་༾བྲི་གིས་ཟེ་༿ཟེར་༾།
- གཤིས་ཀམིང་འདི་རྒྱབ་གྱིས་ཟེ་༿ཟེར་༾ད་བོད་བྲིས་གསར་པ་འདི་བརྩམ་ཐུབ་ན་ང་ཚོས་ཞེ་པོ་༿ཞེ་དྲག་༾འདི་འདྲས་ཀྱི་རྩོམ་རྒྱབ་བྱས་ཞེ་པོ་༿ཞེ་དྲག་༾འདི་འདྲས་ལེགས་སྐྱེས་མ་བྱུང་ནའི་༿ན་ཡང་༾ཡང་ལམ་ཁག་གཅིག་ལོ་ཆུང་ཆུང་ལ་བསྟན་ཐུབ་ན་འདི་བག་ཆགས་ཡག་པོ་གཅིག་མེད་འགྲོ་བསམ་བསམ་གཅིག་འདུག་ཟེ་༿ཟེར་༾།
- གཤིས་ཀའདི་འདྲས་མ་བཞིན་༿མ་གཏོགས་༾གཞན་ཞེ་པོ་༿ཞེ་དྲག་༾འདི་འདྲས་ཀྱི་ཡང་སོ་སོའི་བརྩམས་བྱའི་སྒང་ནས་རྦད་དེ་དམིགས་སུ་དཔག་པའི་ཞེ་པོ་ད་འདྲས་ད་ལྟ་ང་ཡར་དོན་ཡོའོ་མ་རེད་ལ་ཨ་འདྲས་༿དེ་འདྲས་༾སྒང་ཏིག་ཙ་༿ཏོག་ཙམ་༾ཤུགས་རྒྱབ་འདོད་འདུག་ཟེ་༿ཟེར་༾ཨ་ནི་་་མུ་མཐུད་ནས་ཨ་འདྲས་༿དེ་འདྲས་༾ར་གཅིག་ཨ་འདྲས་༿དེ་འདྲས་༾ར་གཅིག་ཡིན།
- བཅར་འདྲི་མཁན།ཨ་ནི་་་ཁྱེད་རང་གིས་ད་ལྟ་ཧན་ཧྲུ་ལི་༼མིའི་མིང་༽གི་༿ཡི་༾རི་མོ་ཨོ་་་བོད་བྲིས་གསར་པ་གསུངས་ཡག་༿ཡས་༾རས་སྒང་བྲིས་པའི་བོད་བྲིས་རི་མོ་ཟེར་ཡས་གཅིག་ཡོའོ་༿ཡོད་༾རེད་པ། དེ་ང་ཚོའི་བོད་གྱི་རི་མོའི་འཕེལ་རྒྱས་ཀྱི་འགྲོ་སྟངས་ཀྱི་ལམ་ཁག་དེར་འགྲོ་གི་འདུག་གས།
- གཤིས་ཀའོང་དགོངས་ཀྱིས་ལགས། འདི་འདི་ཨོང་་་ཡག་པོ་འདུག་ལགས་འདིའི་ད་མི་ཁོང་རང་ཁོང་རང་གིས་གནང་པའི་ལོ་ཉི་ཤུའི་ནང་ལོགས་ལ་དཀའ་ལས་སྐྱོན་ཧན་ལའོ་ཧྲི་༼རྒྱ་སྐད་ཡིན་དགེ་རྒན་ཞེས་པའི་དོན་༽ཁོ་རང་གིས་ད་ག་རད་ཟེ་༿གང་རེད་ཟེར་༾ན་བོད་བྲིས་གསར་པ་གཅིག་ཨ་འདྲས་༿དེ་འདྲས་༾ཟེར་གྱི་ཡོའོ་༿ཡོད་༾མ་རེད་དའི་ཡང་ཁོ་རང་གི་དགེ་ཕྲུག་དཔའ་མོ་བཀྲིས་ལགས་ཟེར་ཡག་༿ཡས་༾དེས་བོད་བྲིས་གསར་པ་ཟེ་༿ཟེར་༾བྲིས་ཀྱི་འདུག་ཟེ་༿ཟེར་༾མིང་འོག་ལ།
- གཤིས་ཀཨ་ནི་་་ང་ཚོས་ཁོ་རང་གི་ཁོ་རང་གི་དགེ་རྒན་དེ་ཚོ་འགང་ག་༿ཚང་མ་༾ཧན་ལའོ་ཧྲེ་༼རྒྱ་སྐད་ཡིན་བོད་སྐད་ལ་དགེ་རྒན་ཞེས་པའི་དོན་༽ལི་ཡོ་ཤིན་༼མིའི་མིང་༽ཟེ་ཡག་༿ཡས་༾དེ་ཚོ་ཁོ་རང་ཁོ་རང་རྣམ་པ་ག་རེ་རེད་ཟེར་ན་༾རས་སྒང་བྲིས་བྱས་རི་མོ་དེ་འདྲས་གཅིག་བརྩམས་གནང་བ་རེད་ཟེ་༿ཟེར་༾།
- གཤིས་ཀད་ང་རའི་བལྟ་སྟངས་ནས་བྱས་ན་ཡང་འདི་ཏིག་ཙ་༿ཏོག་ཙམ་༾གཅིག་འདི་འཚོ་བ་དངོས་ཀྱི་འདི་ཞེ་དྲག་འདི་བྱེད་ཐུབ་མིན་འདུག་གའ་འདི་ག་རད་ཟེ་ན་༿གང་རེད་ཟེར་ན་༾ཁོང་གི་འདི་བྱེད་དུས་ཨོང་་་ཐང་ཀའི་ནང་ནས་ཡང་ཨོང་ཚུར་འདུག་ཟེ་སྤབ་༿ཕབ་༾བཞག་པའི་བཟོ་ར་༿འདྲ་༾གཅིག་དང་རས་བྲིས་ཀྱི་འདི་གཅིག་འདུག་ག
- གཤིས་ཀད་འདི་ཡང་ཁོ་རང་ཁོ་རང་ཡང་རས་བྲིས་ཀྱི་རི་མོ་བྱས་བྱས་༿ནས་༾ཡང་ཁོ་རང་གཞུང་བྱས་བྱས་༿ནས་༾ད་གཅིག་བོད་ཀྱི་རི་མོའི་ལོ་རྒྱུས་ནང་ལ་གཅིག་ད་རྦད་དེ་ད་ཁྱད་ཆོས་ལྡན་བྱས་རྦད་དེ་ཞེ་པོ་༿ཞེ་དྲག་༾གཅིག་ལེགས་སྐྱེས་བྱས་བྱས་༿ནས་༾ཨ་འདྲས་ཟེ་༿དེ་འདྲས་༾ཡོའོ་རེད་ཟེ་༿ཡོད་རེད་ཟེར་༾།
- གཤིས་ཀཡིན་ནའི་ང་རང་གི་ངོས་ནས་བཤད་ན་ད་དུང་མང་པོ་གཅིག་དཔེར་ན་ཆ་བཞག་ན་ངས་དར་ལྕོག་འདི་བྱས་ཡང་ང་ཚོའི་དགེ་འདུན་ཆོས་འཕེལ་གྱི་རི་མོའི་བཤམས་སྟོན་བར་ཁྱམས་ནང་ལ་ཨ་ནི་་་དགའ་བདེ་ལགས་ཟེ་ཡག་༿ཟེར་ཡས་༾གཅིག་དགའ་བདེ་ལགས་ཀྱིས་ཡང་ཁོང་ཨ་འདྲས་༿དེ་འདྲས་༾ཡང་འདིའི་སྔན་༿སྔོན་༾ལ་ཡང་རྒྱལ་སྲོལ་རི་མོ་བྲི་མཁན་རེད་འདུག་ག
- གཤིས་ཀཨ་ནི་་་ཁོང་གིས་ཡང་ག་རད་ཟེ་ན་༿གང་རེ་རེད་ཟེར་ན་༾ང་རང་ཚོའི་བོད་པའི་བོད་ཤོག་བེད་སྤྱོད་བཏང་བྱས་བོད་ཤོག་སྒང་ལ་ཨ་ནི་་་ད་ལྟ་ང་ཚོའི་ཤིང་ཏ་ལའི་ལོ་མའི་འདིའི་བཟོ་ལྟ་ར་༿འདྲ་༾གཅིག་བྱས་བྱས་ཤིང་ཏ་ལའི་ལོ་མ་ཟག་འདི་༿ཟེར་བ་འདི་༾ད་ག་རད་ཟེ་ན་༿གང་རེ་རེད་ཟེར་ན་༾།
- གཤིས་ཀཤོག་གུ་༿བུ་༾དང་པོ་མ་དོན་གོང་གི་ལོ་སྔ་པོ་ཞེ་པོ་ཅིག་རེད་པ་ལགས་དེའི་སྐབས་ཀྱི་བྱས་བྱས་༿ནས་༾ཨ་ནི་་་ང་ཚོ་བོད་ཤོག་ཟག་འདི་༿ཟེར་བ་དེ་༾ཡང་སྔ་པོ་ཞེ་པོའི་༿ཞེ་དྲག༾ལོ་རྒྱུཨཽས་འདུག་ག འདི་བེད་སྤྱོད་བཏང་བྱས་འདིའི་རྒྱུ་ཆ་འདི་བེད་སྤྱོད་བཏང་བྱས་ཨ་ནི་་་ནང་ལོགས་ལ་ཡང་ཅ་ལག་༿དངོས་པོ་༾གསར་བ་དེ་རང་ང་རང་ཚོའི་འཚོ་བ་རང་གཅིག་བྲིས་བྱས་ཨ་འདྲས་བྱས་བྱས་༿དེ་འདྲས་བྱས་ཏེ་༾དཔེ་ཆའི་བཟོ་ལྟ་བྱས་བྱས་༿བྱས་ནས་༾ཨ་འདྲས་ཟེ་བྲིསགནང་འདུག་ག
- གཤིས་ཀའདི་ཡའི་༿ཡང་༾རིགས་གཅིག་རེད་ཤག་ཟེ། ཨ་ནི་་་དེ་ནས་ང་ཚོ་འདའི་༿འདིར་༾ང་ཚོའི་རི་མོའི་བཤམས་སྟོན་བར་ཁྱམས་ཀྱི་ནོར་བུ་ཚེ་རིང་ལགས་ནོར་བུ་ཚེ་རིང་ལགས་ཀྱིས་ཡང་ཁོང་གིས་ཡང་ག་རེ་རེད་ཟེར་ན་རྡོ་ཐའི་ཨ་འདྲས་༿དེ་འདྲས་༾ཀྱི་ལོ་མའི་སྒང་ལ་ཡང་བྲིས་བྱས།
- གཤིས་ཀཡང་འདི་བོད་པའི་ཁྱད་ཆོས་བྱས་བྱས་༿ནས་༾འདིའི་སྒང་ལ་ཨ་ནི་་་ཉའི་བཟོ་འདྲ་ཨ་འདྲས་༿དེ་འདྲས་༾བྲིས་བྱས་ཡང་། ཁོ་ཧོབ་ཏེ་བལྟ་དུས་བོད་པའི་ཁྱད་ཆོས་ཀྱི་ཅ་ལག་རྙིང་པ་དང་བོད་པའི་དེ་བརྒྱུད་བྱས་ད་དེ་བྲི་དགོས་ཡག་༿ཡས་༾རྒྱུ་མཚན་དེ་བོད་བྲིས་དེ་མེད་པའི་ཙམ་གྱིས་འདི་ཡོང་ཡག་༿ཡས་༾གཅིག་བྱས་ཤག་ཟེ་༿ཟེར་༾ང་རས་༿ང་རང་གིས་༾།
- གཤིས་ཀང་རང་ཚོ་འགང་ག་༿ཚང་མ་༾ད་ག་རེད་ཟེ། ག་རེ་རེད་ཟེར་ན། རྒྱལ་སྲོལ་རི་མོ་ཡོད་པ་ཡིན་ན་ཨ་འདྲས་ཟེ་༿དེ་འདྲས་ཟེར་༾དགོས་ཡས་ཡོའོ་༿ཡོད་༾མ་རེད་པ་ལ།
- གཤིས་ཀགོའོ་ཧོ་༼རྒྱའི་རི་མོའི་བྲི་སྲོལ་ཞིག༽ཟེ་ལབ་པ་རེད་པ་ལ། རྒྱལ་སྲོལ་རི་མོ་བྱེད་དུས་རྒྱལ་སྲོལ་རི་མོའི་སྒང་ལ་ག་རེ་བྲིས་བྲིས་རེད་ཁོ་སྔན་༿སྔོན་༾ནས་སྔ་མོའི་དེ་ཡོ་༿ཡོད་༾རེད་པ་ལ་ད་ང་ཚོའི་དེ་ད་ལྟ་ག་རེ་རེད་ཟེར་ན།
- གཤིས་ཀཐང་ཀ་ཕར་པིད་༿ཕུད་༾བྱས་ད་ད་ལྟའི་རི་མོ་ད་གསར་པ་དེ་ད་ལྟ་ཨ་ལའི་གང་འདྲས་ཟེར་དགོས་རེད་ད་དོན་རྒྱུ་རེད་འདུག་ག་ལ།
- གཤིས་ཀབྱས་ཙང་འདི་དགོས་དུས་ཨ་ནི་་་ང་ཚོ་འགང་ག་ལོགས་༿ཚང་མ་༾ཀྱིས་དེའི་སྒང་ལ་ཤུགས་ཏིག་ཙ་༿ཏོག་ཙམ་༾རྒྱབ་ཐུབ་ན་ཨ་ནི་་་མཇུག་མ་༿རྗེས་སུ་༾བོད་ཀྱི་རི་མོའི་འཕེལ་རྒྱས་དང་ཨ་འདྲས་༿དེ་འདྲས་༾སྒང་ལ་འགྲོ་ཡས་སྒང་ལ་ད་ད་ལྟ་རི་མོ་མང་པོ་ཡོའོ་རེད༿ཡོད་རེད་༾།
- གཤིས་ཀབོད་ལྗོངས་སློབ་གྲྭ་ཆེན་མོས་ལོ་ལྟར་སླབ་གྲྭག་༿སློབ་ཕྲུག་༾གསོ་སྐྱོང་བྱས་ཨ་ནི་་་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་ཡིན་ནའི་འདྲ།
- གཤིས་ཀཨ་ནི་་་རྒྱལ་ནང་གི་རི་མོའི་ཚོགས་པ་ཨ་འདྲས་༿དེ་འདྲས་༾མང་པོ་གཅིག་གི་བོད་རིགས་གི་པུ་གུ་༿ཕྲུ་གུ་༾མང་པོ་གཅིག་གསོ་སྐྱོང་བྱེད་ཀྱི་ཡོའོ་རེད་༿ཡོད་རེད་༾པ།
- གཤིས་ཀཨ་ནི་་་དེ་འདྲས་མང་པོ་ཅིག་ཐོན་ཡོང་དུས་ང་ཚོས་ལམ་ཁག་གཅིག་འདུག་ཟེ་འཚལ་ཐུབ་ན། ཨ་ནི་་་ཧན་ལའོ་ཧྲེ་༼རྒྱ་སྐད་ཡིན་བོད་སྐད་ལ་དགེ་རྒན་གྱི་དོན་༽ཁོ་ཚོའི་དེ་ཡིན་ནའི་འདྲ་ཡང་ང་རང་ཚོའི་ཅིག་འདུག་ཟེ་བྱས་བྱས་བོད་བྲིས་རེད་ཟེར་ཡས་ཅིག་ལམ་ཁག་ཅིག་བསྟན་ཐུབ་ན་ཨ་ནི་་་འགང་ག་ལོགས་༿ཚང་མ་༾ཀྱིས་ཤུགས་རྒྱབ་བྱས་མི་རབས་གཅིག་ཡིན་ནའི་རེད་གཉིས་ཡིན་ནའི་རེད།
- གཤིས་ཀཨ་ནི་་་བོད་བྲིས་རང་གཅིག་དེང་རབས་ཀྱི་གཅིག་སྒྱུ་རྩལ་མཚོན་པ་གཅིག་དེ་འདྲས་ཅིག་བྱུང་ན་ཨ་ནི་་་ཡག་པོ་ཞེ་པོ་༿ཞེ་དྲག་༾ཅིག་ཡོང་མི་ཡོང་ངས་༿ངམ་༾བསམ་བསམ་ར་ཅིག་༿འདྲ་ཅིག་༾ང་རང་ཨ་འདྲས་༿དེ་འདྲས་༾ར་ཅིག་ཡིན་འདི་འདུག་བསམ་ཚུལ་ར་ཅིག
- གཤིས་ཀཨ་ནི་་་རྒན་ཉི་མ་ཚེ་རིང་ལགས་དང་ཨ་ནི་་་རི་མོ་དེ་གང་འདྲས་ཟེར་དགོས་རེད་ཨ་ནི་་་ཁོང་སྙན་གྲགས་ཆེན་པོ་བྱས་ཨ་འདྲས་༿དེ་འདྲས་༾ཟེ་རེད་དའི་ཁོང་རང་བོད་རིག་པ་ཞིབ་འཇུག་ཞེ་པོ་༿ཞེ་དྲག་༾གནང་སོང་ང་།
- གཤིས་ཀཨ་འདྲས་༿དེ་འདྲས་༾བྱས་བྱས་༿ནས་༾ཨ་ནི་་་ཁོང་གི་ད་ལྟ་ཨ་ནི་་་སྐད་གྲགས་ཞེ་པོ་༿ཞེ་དྲག་༾ཡོའོ་༿ཡོད་༾རེད་ཡིན་ནའི་ཁོང་གི་རི་མོ་དེ་གང་འདྲས་ཟེར་དགོས་རད་༿རེད་༾། ད་ཁོང་སྔན་མ་༿སྔོན་མ་༾ངས་དེ་བར་དེབ་ནང་བལྟ་དུས་ཟེ་ཁྲོན་༼རྒྱ་ནག་གི་ཡུལ་མིང་༽གྱི་ག་རེ་རེད་ཨོང་་་ཀན་རྩེ་༼དཀར་མཛེས་རྫོང་༽རེད་པ་ལ་ཟེ་ཁྲོན་གྱི་རི་མོའི་མཛེས་རྩལ་འོང་་་ཟེ་ཁྲོན་མའེ་ཧྲུ་ཞོའེ་ཡོན་༼རྒྱ་སྐད་ཡིན་བོད་སྐད་ལ་ཟེ་ཁྲོན་མཛེས་རྩལ་སློབ་གླིང་ཡིན་༾ཐོན་གནང་འདུག་ག་ལ།
- གཤིས་ཀདེའི་ནང་དེར་དང་པོ་ཁོང་ཐོག་མར་ད་ལོ་རབས་བརྒྱད་བཅུའི་ནང་དེ་བར་ངས་ཨ་འདྲས་༿དེ་འདྲས་༾ཅིག་མཐོང་བྱུང་ང་ལ་ཁོང་གི་རི་མོ་ཁོང་རང་རྣམས་པ་མི་ཁ་ཤས་ཅིག་མི་དྲུག་རད་༿རེད་༾ཅིག་འདུག་དེའི་ནང་བྲི་དུས་གླིང་གེ་སར་རྒྱལ་པོ་བཟོ་འདྲ་དེ་འདྲས་རི་མོ་དེ་འདྲས་ག་འདྲས་ཟེར་དགོས་རེད་ཡར་བརྐལ་ཡས་དེ་འདྲས་ཉན་ཧོའོ་༼རྒྱའི་རི་མོའི་བྲི་སྲོལ་ཞིག་༽ཟེར་དགོས་རེད་ཨ་འདྲས་༿དེ་འདྲས་༾བཟོ་ཅིག
- གཤིས་ཀརྟ་བཞོན་བསྡད་པ་དེ་འདྲས་ཞེ་པོ་བྲིས་འདུག་ག་ལ། ཨ་ནི་་་ཁོང་ཨ་འདྲས་ཟེ་༿དེ་འདྲས་ཟེ་༾བྱེད་དུས་ཁོང་མ་གའི་ཡ་༿མ་གིར་༾གཙོ་བོ་དེ་རྒྱ་ནག་གི་ཀུང་འབིའི་ཏུང་ཚལ་༼རྒྱའི་རི་མོའི་བྲི་སྲོལ་ཞིག་༽ཟེར་དགོས་རེད་པས།
- གཤིས་ཀཉན་ཧོའོ་༼རྒྱའི་རི་མོའི་བྲི་སྲོལ་ཞིག་༽ཟེར་ཡག་༿ཡས་༾ཨ་འདྲས་༿དེ་འདྲས་༾དེ་འདྲས་ཨ་ནི་་་ཞེ་པོ་༿ཞེ་དྲག་༾ཅིག་སློབ་སྦྱོང་གནང་མྱོང་འདུག་ག་དེའི་ནང་ནས་ཚུར་ང་རའི་ངོས་ནས་སྒེར་གྱི་ངོས་ནས་བཤད་ན་ད་འདོན་ཐུབ་ཀྱི་མིན་འདུག་ག་ལ་ཁོང་གི་རི་མོ་དེ་རྒྱ་ནག་གི་དེའི་གཡའ་ཞེ་པོ་༿ཞེ་དྲག་༾ཅིག་འདུག་ལ།
- གཤིས་ཀད་ཁོང་རང་གི་བསམ་བློའི་ཁྱེར་ཕྱོགས་དེ་ག་རེ་རེད་ཟེར་ན་བོད་བྲིས་གསར་པ་ཡིན་ཟེར་ལབ་བྱས་ཨོང་་་ཀྲུང་དབྱང་མཛེས་རྩལ་སློབ་གྲྭ་ཆེན་མོ་དང་འུ་ཙོག་རན་ཅི་ཅིན་ཧུད་༼རྒྱ་སྐད་ཡིན་བོད་སྐད་ལ་ཐེབས་རྩ་ཚོགས་པ་༽ཀྱི་བྱ་དགའ་དེ་གནང་དུས་རྒན་བརྟན་པ་རབ་རྒྱས་ལགས་བྱས་ངག་དབང་འཇིག་མེད་ལགས་ཡོ་༿ཡོད་༾རེད་ང་ཚོ་འདུག་ཟེ་ཉལ་ཁང་གཅིག་ནང་འཛོམས་བྱས་ཁོང་གིས་ཁ་ཤུགས་ཞེ་པོ་༿ཞེ་དྲག་༾འདུག་ག་ལ་ཞེ་པོ་༿ཞེ་དྲག་༾ཅིག་བཤད་གྱི་འདུག་ག་རིག་པའི་གཞུང་ལུགས།
- གཤིས་ཀགང་འདྲས་ཟེར་དགོས་རེད། བོད་བྲིས་གསར་པ་ཡིན་ཟེ་༿ཟེར་༾ཞེ་པོ་དགའ་ཡིན་ཟེར་གྱི་འདུག་ག་ལ། ཡིན་ཟེར་དུས་ད་ཁོ་རི་མོ་ཕ་གའི་༿ཕ་གིར་༾གཅིག་དགོས་རེད་པ་ལ་ད་དེའི་རྐུབ་ལ་མུ་མཐུད་ནི་ཁོ་རང་གིས་ལས་འདེད་གནང་ཉན་༿མཁན་༾མིན་འདུག་ལ་འདིའི་རྐུབ་ལ་ད་དེ་འདི་ལ་ཡང་གཅིག་མིན་འདུག་ག་ལ། ད་ངའི་ག་རད་༿གངརེད་༾ཟེར་ན་ད་ང་རང་ཚོ་རི་མོ་བྲི་ཉན་༿མཁན་༾རྙིང་པ་མང་པོ་ཅིག་གིས་བསམ་བློ་མང་པོ་ཅིག་དེའི་སྒང་ཏིག་ཙ་༿ཏོག་ཙམ་༾ཅིག
- གཤིས་ཀགསར་པ་ལམ་ཁག་མང་པོ་ཅིག ད་ད་ལྟ་རས་བྲིས་ཀྱི་རི་མོ་ཟེར་བ་དེ་ད་ཧན་ལའོ་ཧྲེ་༼དགེ་རྒན་གྱི་དོན་༽ཟེར་ཡས་དེས་ད་ཁོ་རང་མི་གཅིག་འཚོ་བ་བྱས་གཅིག་ཆགས་བསྡད་ཡོའོ་༿ཡོད་པ༾རེད།
- གཤིས་ཀཨ་འདྲས་ཟེ་༿དེ་འདྲས་༾བྱས་བྱས་༿ནས་༾ཡང་འདའི་༿དེར་༾པུའུ་ཧོ་༼རྒྱ་སྐད་ཡིན་བོད་སྐད་ལ་རས་བྲིས་རི་མོ་ཟེར་༽ཟེར་གྱི་རེད་པ་འདའི་༿དེར་༾རྒྱ་སྐད་རྒྱབ་ན་ཁོ་བྱས་བྱས་༿ནས་༾ཁོ་ཆ་ཚང་གཅིག་ཆགས་བྱས་ཁོ་དེ་ཆགས་པ་རེད་པ།
- གཤིས་ཀཔུའུ་ཧོ་༼རྒྱ་སྐད་དོན་ལ་རས་བྲིས་རི་མོ༽ཟ་དེ་༿ཟེར་བ་དེ་༾ངས་འདུག་ཟེ་ལྟ་དུས་བོད་ལ་མ་གཏོགས་མེད་པའི་བཟོ་ལྟ་ར་ཅིག་ད་ལོ་དེའི་ནང་ལོགས་ལ་ལོ་ཉི་ཤུ་རྩ་ཅིག་གི་ནང་ལོག་ལ་དོན་པའི་བོད་བྲིས་ཟེ་༿ཟེར་༾ཡང་ཁོ་ཡུད་ལའོ་ཧྲེ་༼དགེ་རྒན༽གིས་འདའི་ལའི་༿དེ་ལ་ཡང་༾ཨ་འདྲས་༿དེ་འདྲས་༾གསུང་གི་འདུག་ག་ལ།
- གཤིས་ཀརི་མོ་དེ་གསར་པ་རེད་ཟེ་༿ཟེར་༾མདུན་ལམ་ཞེ་པོ་ཡོའོ་༿ཡོད་༾རེད་ཟེ་༿ཟེར་༾།
- གཤིས་ཀད་དེ་ཡིན་དུས་ང་རང་ཚོས་བོད་པ་རང་གིས་བོད་པ་རང་གི་ཁྱད་ཆོས་བྱས་བྱས་༿ནས་༾བོད་རིགས་གཅིག་གིས་ཨ་འདྲས་ཟེ་སླབ་གྲྭའ་༿དེ་འདྲས་ཟེ་སློབ་གྲྭར་༾ཕྱིན་སྒྱུ་རྩལ་སློབ་སྦྱོང་བྱས་འཛམ་བུ་གླིང་གི་དེ་བར་རིག་གནས་མང་པོ་ཅིག་ཕར་ཚུར་དོ་སྣང་བྱས་བྱས་༿ནས༾ཨ་ནི་་་སོ་སོས་ཡང་ཅིག་ག་འདྲས་དགའ་འདུག་བལྟས་བྱས་ཡང་བོད་བྲིས་ཅིག ཡང་བོད་ཤོག་ཡིན་ནའི་འདྲ་ཡང་ཤོག་གུའི་༿བུའི་༾སྒང་བྲིས་བྱས་ཡང་ཡིན་ནའི་འདྲ་རེད་པ་ལ།
- གཤིས་ཀའདུག་ཟེ་༿བཟོ་༾བྱས་བྱས་༿ནས༾གཅིག་དོན་ན་བསམ་བསམ་ཅིག་འདུག་ག་ལ་ཨ་འདྲས་༿དེ་འདྲས༾བསམ་ཚུལ་ཨ་འདྲས་༿དེ་འདྲས་༾ར་ཅིག་འདུག་ཨ་ནི་་་སྔན་༿སྔོན་༾ལ་གྲུབ་འབྲས་ཡོད་པ་དེ་ཚོ་ཡང་སོ་སོའི། སོ་སོ་སྒེར་གྱི་དེ་འདྲས་ཟེ་ལྟ་སྣང་ཅིག་ཡིན་མ་བཞིན་༿མ་གཏོགས་༾ཡང་ཞེ་པོ་༿ཞེ་དྲག་༾དེ་འདྲས་གའི་༿གང་༾ཞི་པོ་དེ་འདྲས་་་་བཤད་ཡས་གའི་༿གང་༾མིན་འདུག་འོང་།