Skip to main content Skip to search
15 Dec 2011
6 min 56 sec
Rating
0
No votes yet
Video Overview
Creators: 
Unknown

An interview of Tsering Dondrub, a modern Tibetan artist.

Show More

  • ངའི་ཨའི་་་་་་མིང་ལ་ཚེ་རིང་དོན་གྲུབ་ཟེར་གྱི་ཡོད།
  • ང་འདིའི་ཆིག་སྟོང་དགུ་བརྒྱ་ཨ་་་་་དྲུག་ཅུ་རེ་བཞི་ལོ་ཨ་མདོ་ནས་ཡིན་བླ་བྲང་ནས་སྐྱེས་ནི་ཡིན། དེ་ནས་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གཅིག་གི་ལོ།འདིའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སྒྱུ་རྩལ་ཚན་ཚོགས་ཁང་ནང་སོང་ནས།དི་གི་༿དེ་ནས༾སྣུམ་ཚོན་རི་མོ་སྐོར་སྦྱངས་ཡིས། དེ་གི་༿དེ་ནས༾ལོ་བཞིའམ་ལོ་ཧ་ར་ཚུར་ར་༿མདོར་ན༾ལོ་དྲུག་སྦྱངས།
  • ཨཻ་་་་དེ་གི་༿དེ་ནས༾སློབ་གྲྭ་ནས་མཐར་ཕྱིན་རྗེས་ང་ལྷ་སར་ཡོང་ནས། དོ་ཞག་༿ད་ལྟ༾ལྷ་ས་གི་༿ལྷ་སའི༾ཟློས་གར་ཚོགས་པ་ནང་ལོགས་འདིའི་ཇི་ཟེར་དགོས་པ་རེད་པ་༿ག་འདྲ་བྱས་ནས་ལབ་དགོས༾སི་ཏེ་རྡི་རྡེས་ཟེ་ཡེན་རྡིས་ཟེ་ནིར་༼འཁྲབ་སྟེགས་བཟོ་བཀོད༽དེ་བྱེད་ཀྱི་ཡོད།
  • ཨ་ནི་་་་་་འདིའི་ལོ་ངེད་ཚོས་༿ང་ཚོས༾ཉིས་སྟོང་གསུམ་གི༿གྱི༾ལོ།འ་ཚོས༿ང་ཚོས༾ད་ལྷ་སའི་རི་མི་འདྲ་འདྲ་༿འདི༾བོ་འདི།སྒྱུ་རྩལ་པ་སྐོར་ཟིག་༿ཞིག༾་གིས་འདིའི་དགེ་འདུན་ཆོས་འཕེལ་གྱི་སྒྱུ་རྩལ་ལྷན་ཚོགས་ང་ཚོས་འདི་༿ལྟ་བུ༾མོ་ཞིག་འཚོགས་ནི་ཡིན།
  • འདི་འཚོགས་རྒྱུའི་དམིགས་ཡུལ་ཇི་ཟེ་༿ཅི་ཞིག༾རེད་ཟེར་ན྄། ཨ་་་་་འདི་རྩ་འཛུགས་བྱེད་པའི་དམིགས་ཡུལ་ཇི་ཟེ་༿ཅི་ཞིག༾རེད་ཟེར་ན།
  • དེང་སང་བོད་ཀྱི་རི་མོ་བ་དེ་སྒྱུ་རྩལ་པ་་་ད་ས་ཆ་གང་ཡིན་རུང་། འདིའི་མདོ་དབུས་ཁམས་གསུམ་གང་ཡིན་ནའང་ད་སྒྱུ་རྩལ་པ་གསར་པ། ད་དེ་མོ་༿ལྟ་བུ༾སློབ་གྲྭ་སྒོ་མཐར་ཕྱིན་ནས་ཡོང་། ཁ་ཤས་རང་གིས་རང་གིས་སྒྱུ་རྩལ་སྦྱངས་ནས་༿རང་སྦྱོང་༾སྒོ་ཡོང་བའི་སྐོར་ཞིག་ཡོད་ནི་རེད།
  • ཡོད་ནི་རེད་གྲ་༿ཡོད་ན་ཡང་༾རང་རང་ས་ཆ་ནས་བསྡད་རེས་བསྡད་དང་༿བསྡད་དེ༾ཡིས། གཅིག་གིས་གཅིག་ལ་ཧ་ཚུར་༿ཕན་ཚུན་༾འབྲེལ་བ་དང་བསམ་བློ་བརྗེ་རེས་ར་༿དང་༾། དེ་བྱེད་པའི་རྒྱུན་དུ་གོ་སྐབས་ར་དེ་༿འདྲ་དེ་༾མ་གཏོགས་མང་པོ་ཡོད་ནི་མ་རེད།༿ཡོད་པ་མ་རེད༾
  • དེ་གི་ད་༿དེར་བརྟེན༾ང་ཚོས་ས་ཆ་འདི་མོ་ཞིག་༿འདི་ལྟ་བུ༾། བར་སྐོར་གི་༿གྱི༾ལྷ་ས་གི་༿ལྷ་སའི༾དཀྱིལ་གི༿གྱི༾། བར་སྐོར་ནང་གི་ས་ཆ་ཞིག་རག་༿ཐོབ༾ནས་དགེ་འདུན་ཆོས་འཕེལ་གྱི་སྒྱུ་རྩལ་ལྷན་ཚོགས་འདི་འུ་ཚོས་༿ང་ཚོས༾འཚོགས་ནི་༿པ༾རེད། དམིགས་ཡུལ་གཅིག་ཡིན་ན་དེ་རེད། 
  • དམིགས་ཡུལ་གཉིས་ཡིན་ན་ཇི་ཟེ་༿ཅི་ཞིག༾རེད་ཟེར་ན྄། ད་་་་་དེང་རབས་ཀྱི་རི་མོ་ཟེར་གོ་ནི་༿ཟེར་བ༾ཇི་ཟེ་༿ཅི་ཞིག༾རེད་ཟེར་ན། ཕྱི་རོལ་ཕྱི་རྒྱལ་གྱི་ཡིན་ནའང་འདྲ་གི་རྒྱལ་ནང་ཡིན་ནའང་འདྲ་གི། བོད་ཀྱི་རིག་གནས་དང་བོད་ཀྱི་རི་མོ་ར་༿དང་༾དེའི་སྐོར་གྱི་ལྟ་སྟངས་ཞིག་ཡོད་ནོ་༿པ༾ཇི་ཟེ་༿ཅི་ཞིག༾རེད་ཟེར་ན།
  • ད་སྔ་མ་༿སྔོན་མ༾ཡི་དེའི་ཆི་ཟིག་༿ག་འདྲ༾ཟེར་དགོས་པ་རེད་ཡ། སྲོལ་རྒྱུན་གྱི་རིག་གནས་ཀྱི་དེའི་སྐོར་གྱི་མང་པོ་ཧ་ནི་བོས༿མི་ཚང་མས༾ཤེས་ཀྱི་རེད། ད་་དགོན་པ་ཡིན་ནའང་འདྲ། ད་གང་ཡིན་སོ་ཐང་ཀ་ཡིན་ན།ད་ཧ་ནི་བོ་༿ཚང་མ་༾བོད་ཀྱི་རི་མོ་ཞིག་བསམ་ནོ་༿པ༾གླེང་བ་ལས་དེང་སང་གི་དེང་རབས་ཀྱི་རི་མོ་འདི་ཆི་མི་ཟིག་༿ག་འདྲ༾ཡིན་མིན་སྐོར་ལ་ཧ་ནི་བོས༿ཚང་མས་༾ད་དེ་བསམ་ནི་༿གྱི༾ཞིག་མེད་གི་༿པ༾རེད།
  • དི་གི་ད་༿དེར་བརྟེན༾འུ་ཚོས་༿ང་ཚོས༾རང་གིས་རང་གིས་༿རང་ཉིད༾འདི་མོ་༿འདི་ལྟ་བུ༾ས་ཆ་ཞིག་ཡོད་པས།འདི་མོ་ཟིག་༿ཞིག་༾ཨི་་་་སྒ་ལིར་རེ་ཟི་༼འགྲེམ་སྟོན་ཁང་༽ཚུགས་གིས༿ནས༾འུ་ཚོས་༿ང་ཚོས༾རང་གིས་རི་མོ་ཕྱི་ཚོར་༿རུ༾སྟོན་ཡ་ཡོད་རྒྱུ་བོ་༿ཡོད་པ༾།
  • འུ་ཚོ་༿ང་ཚོ༾རང་གིས་ཧ་ནི་བོ་༿ཚང་མ༾ཡིས།འདིའི་ཨ་་གསར་རུ་༿བུ༾རིག་ག༿ཚོ༾དེང་སང་ན་གཞོན་གི་༿གྱི༾རི་མོ་འབྲི་ནོ་རིག་གིས་༿འབྲི་མཁན་ཚོས་༾དེང་སང་རི་མོ་ཇེ་ཞན་ལ་འགྲོ་གི་༿ཡི༾ཡོད་གི༿ཀྱ༾མ྄ོ།
  • ཁུ་ཆོ་༿ཁོང་ཚོ༾ཧ་ནི་བོ་༿ཚང་མས༾།ང་ཚོ་རང་གི་བོད་ཀྱི་དེང་སང་གི་རི་མོ་ཡི།དེའི་དེ་ཆི་མོ་ཟིག་༿ཅི་འདྲ་ཞིག༾ཡིན་ན།ད་བཤད་ན་ཨ་་་་་་་སོ་སོ་སོ་སོའི་ཨེ་རྡེན་ཐེ་ཐིས་སི་༼་་་་་་༽ཟེར་དགོས་རེད་པ྄།དེ་ག་འདྲ་ཟིག་༿ཞིག༾ཡིན་མིན྄།
  • ཕྱི་ཚོར་༿རུ༾་ཅིག་དེའི་་ཧ་གོ་ཡས་ཀྱི་ཆེད་དུ་ཡིན྄། ཨ་ནི་་་ང་ཚོས་ཟེར་རྒྱུ་བོ་ཆི་ཟིག་རེད་ཟེར་ན་༿བཤད་པ་ག་འདྲ་རེད་ཞེས་ན༾། ང་ཚོའི་ཧོའོ་ལང་༼རྒྱ་སྐད་དོན་ནི་དཔར་འགྲེམ་ཁྱམས་ར༽ནང་གི་རི་མོ་ཧ་ནི་བོ་༿ཚང་མ༾། འདིའི་དེང་རབས་ཀྱི་རི་མོ་དེ་མོ་༿དེ་ལྟ་བུ༾གི་སྐོར་ལ་འབྲི་དགོས་ཟེར་གི་ནོ་༿ཟེར་གྱི་ཡོད༾།
  • ཨཻ་ནི་་་ཧི་་་ད་ཡིན་ན་འུ་ཚོས་༿ང་ཚོས༾རི་མོ་འབྲི་གོ་ནོ་༿འབྲི་བཞིན་པ༾མང་ཕྱོགས་དེང་རབས་ཀྱི་རི་མོ་ཡི་བསཾམ་བློའི་སྐོར་ལ་ཨ་ན་མ་ན་༿ཇི་མ་ཇི་བཞིན༾ཞིག་ད་བོ་༿ད་ལྟ༾སོང་ཡོད་ནི་མ་རེད། ཆི་ཟེར་ན་༿རྒྱུ་མཚན་ཅི་རེད་ཞེས་ན༾། དེང་རབས་ཀྱི་རི་མོ་ཟེར་ན་༿བ༾། ཨ་ནི་་་་དེང་སང་དེང་རབས་ཀྱི་འཚོ་བ་ལ་འབྲེལ་བ་ཡོད་མེད། ཨ་་་་་་དེང་རབས་ཀྱི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ར༿དང་༾། རང་གི་འཚོ་བར་འབྲེལ་བ་ཡོད་ནི་བོའི་༿ཡོད་པའི༾བསམ་བློ་ལྟར་དུ་སོང་༿བྱས༾ནས་འབྲེལ་བ་ཡོད་ལེ་ལེ་ཡི་༿པའི་༾རི་མོ་འབྲི་གི་ཡོད་ནི་༿འབྲི་བ་༾དེར་དེང་རབས་ཀྱི་རི་མོ་ཟེར་དགོས།
  • ཟེར་རྒྱུ་བོ་དི་མོ་ཟེར་གོ་ནི་རེད་དྲ་༿དེ་ལྟར་བཤད་ཀྱི་ཡོད་མོད༾། དེང་སང་འུ་ཚོས་༿ང་ཚོས༾བསམ་བློ་མང་བ་ཟིག་༿ཞིག༾གིས་ཁེར་རེ་༿ལྷག་པར༾རི་མོ་ཡི་འབྲི་སྟངས་ཆི་ཟིག་༿ག་འདྲ༾རེད་ཟེར་ན། ད་ཨ་་་བཤད་ན་ད་ཤན་ཏའི་ཀྲུའུ་ཡེ་༼རྒྱ་སྐད་དེང་རབས་རིང་ལུགས༽ཟེར་དགོས་རེད་པ། ད་ཤན་ཏའི་ཀྲུའུ་ཡེ་བསམ་བློ་ད་ང་ཚོའི་དེའི་ནང་མང་བ་ཡོད་ནི་༿པ༾རེད།
  • ཨཻ་ནི་་་་ཏང་ཏའི་ཡིད་ཧྲུའུ་༼དེང་རབས་རབས་སྒྱུ་རྩལ༽ཟེར་གོ་ནོ། ཏང་ཏའི་ཡིད་ཧྲུའུ་༼དེང་རབས་རབས་སྒྱུ་རྩལ༽ ཡི་ཁིན་ཐམ་ཕུ་ཐིར་གི་༼་་་་་་་་་་༽དེའི་བསམ་བློ་དེ་ད་དུང་ཡུན་གི་ཡུན་གི་༿ཡུན་གྱིས༾དལ་མི་དལ་མོ་ཡིས་ཆགས་རྒྱུ་ཟིག་༿ཞིག་༾རེད།
  • ད་བོ་༿ད་དུང་༾རིམ་པ་རིམ་པ་ཡི་རི་མོའི་ལ་ཁ་ན་༿ཐོག་ན༾དེང་སང་གི་འཚོ་བ་ར་༿དང་༾།དེང་སང་གི་བསམ་བློ་འགྲོ་སྟངས་འཁྱེར་སྟངས་༿འཁྱེར་སོ༾དང་ཡོད་ཡོད་གཉིས་ཀ་༿ཡོད་ཚད་ཚང་མ༾འབྲེལ་བ་ཡོད་ནོ་༿པ༾དི་༿དེ༾། ད་རུང་ཨ་ཐིར་གི་ཨ་ཐིར་གི་༿ཧ་ཅང་༾དཔའ་༼དཔར༽གི་༿གྱི༾རི་མོའི་ལ་ཁ་ན་༿ཐོག་ན༾།ད་རུང་ཧ་ནི་བོའི་༿ཚང་མའི༾རི་མོའི་ལ་ཁ་ན་དི་མོ་༿དེ་འདྲ༾མང་བ་ཞིག་མེད་གི་ར་༿མེད་མོད༾།
  • ད་ཡུན་གི་ཡུན་གི་ཡུན་གིས་༿ཡུན་གྱིས༾རང་གི་རི་མོ་ཡི།ད་ཆི་ཟིག་ཟེར་དགོས་ནི་རེད་བོ་༿ག་འདྲ་བཤད་དགོས་པ་རེད་ཡ༾། ཧ་ནི་བོ་༿ཚང་མ༾རི་མོའི་ཐོག་ལ་དེའི་ཕྱོགས་ལ་འགྲོ་གི་༿གིན༾ཡོད་ནི་རེད།
  • དེ་བྱས་ར༿དེ་ལྟར་བྱས་ན༾།དེང་སང་གི་རིག་གནས་གསར་བ་ཨཻ་་་་་་སྤྱི་ཚོགས་འགྱུར་སོང་ན་སྔུན་གི་༿སྔོན་གྱི༾རིག་གནས་ར་༿དང་༾དེང་སང་གི་རིག་གནས་མི་འདྲ་གི་རེ་༿འདྲ་གི་མ་རེད་པ༾།
  • དེང་སང་གི་མྱི་༿མི༾དེང་སང་འཚོ་བ་ཡེད་གོ་ནི་བོ་༿འཚོ་བ་སྐྱེལ་བ༾།འཚོ་་ཨི་་་་་་ཡོད་ཡོད་གཉིས་ཀ་ད་ཆི་ཟིག་ཟེར་དགོས་ནོ་རེད་བོ་༿ག་འདྲ་ཟེར་རམ༾།ད་བསམ་བློ་ཡིན་ན་འཚོ་བའི་འགྲོ་སྟངས་ཡོད་ཡོད་གཉས་ཀ་༿ཡོད་ཚད༾འགྱུར་སོང་ཟིག་རེད་༿རེད་པ༾།
  • དེས་འགྱུར་སོང་ན།རིག་གནས་ར་༿ཡང་༾དེའི་ཞོར་གི་༿ཏུ༾རིག་གནས་གསར་བ་ཟིག་༿ཞིག་༾ཨུ།བསམ་བློ་ར་ཡོད་ཡོད་གཉིས་ཀ་༿ཡོད་ཚད༾གསར་བ་ཟིག་༿ཞིག༾སྐྱེས་དགོས་ནི་རེད།
  • ད་དེ་འུ་ཚོས་རི་མོ་ར་༿ཡང་༾་ཡོད་ཡོད་གཉིས་ཀ་དེ་འབྲེལ་བ་ཡོད་ནོ་བོ་༿ཡོད་པ༾།དི་མོ་གི་༿དེ་ལྟ་བུ༾སྐོར་ཞིག་ད་ཡུན་གི་ཡུན་གི་༿ཡུན་གྱིས༾ད་དེ་མོ་༿དེ་འདྲ་བའི༾ཕྱོགས་ལ་འགྲོ་རྒྱུའི་ཟེར་གོ་ཡོད་ནི་རེད་༿འགྲོ་རྒྱུ་ཡིན་ཟེར་གྱི་ཡོད༾།ད་འུ་ཚོའི་༿ང་ཚོའི༾ལས་ཀ་འདྲ་མོའི་༿དེའི༾དམིགས་ཡུལ་འདྲ་མོ་༿དེ༾དེ་རེད།ཨཻ་་་་
  • ཨ་ནི་་་ཚེ་རིང་ལགས་ཁྱེད་རང་གིས་རི་མོ་ད་ལྟ་འདི་འདྲའི་ཨ་་་་་་་མང་པོ་ཞིག་བྲིས་གནང་ཡོད་རེད྄། དེའི་ནང་ལ་ཨ་་་སྣུམ་ཚོན་རི་མོ་དེ་འདྲའི་ནང་ལ་མང་པོ་ཅིག་གིས་ཨ་མདོའི་རྒྱུད་ཀྱི་ཨ་་་་ད་ག་རེ་རེད་པས་མི་ཡིན་ནའི་རེད་ཡུལ་ལྗོངས་ཡན་ནའི་རེད་དེ་འདྲ་ཡོད་རེད། ཡང་བཀྲ་ཤིས་ལྷུན་པོ་དང་དེ་འདྲའི་དགོན་པ་དང་དེའི་གཡས་གཡོན་གྱི་བོད་ཀྱི་ད་དབུས་ཀྱི་དེ་འདྲའི་གནས་ཚུལ་མང་པོ་བྲིས་གནང་ཡོའོ་༿ཡོད་༾རེད་པ།
  • ཨཻན་་་རེད་རེད།
  • དེའི་སྐོར་ལ་ཁྱེད་རང་གིས་ངོ་སྤྲོད་ཞིག་གནང་རོགས།
  • རེད་རེད་རེད།ང་ད་སྔ་མ་སློབ་གྲྭ་ནང་ལ་སྦྱངས་དུས་ཆི་ཟིག་ཟེར་དགོས་ནི་རེད་༿ག་འདྲ་ཟེར་རམ༾ད་སྦྱངས་ཡ་གི་དེའི་སློབ་སྦྱོང་ཁིར་ཀེ་༿འདི༾ཨཻ་་་་་ད་སྤུང་ཀི་༼གཤིས་ལུགས༽ཟེར་དགོས་རེ་དེའི་འགྲོ་སྟངས།རི་མོ་ཡི་དེའི་
  • ཁྱད་ཆོས།
  • ཨཻ་་ཁྱད་ཆོས་དེའཻ་ག་རེ་ཟེར་ན་ད་དེའི་འདྲ་པོ་ཡོད་རྒྱུ་དེའི་རེ་ལེ་སུ་ཐེས་ཁི་༼བདེན་དོན་གྱི་རང་བཞིན༽ཟེར་དགོས་རེད་པ།ཨཻ་འདྲའི་༿དེ་འདྲའི༾སོར།
  • དངོས་བྲིས་ཟེར།
  • ཨ་་་ཨ་འདྲས་ད་ཨ་འདྲས་༿འདི་འདྲས་༾ཟེར་གྱི་ཡོད་རེད། ད་དེ་འདྲ་བྱས་སྦྱངས་ཡོང་རྒྱུ་རེད། ཨ་ནི་སློབ་གྲྭ་ནས་མར་ཐོན་ཡོང་པ་དང་། སོ་སོས་སྔ་མ་ནས་ད་ག་རེ་ཟེར་དགོས་པ་རེད་འབྲོག་པ་ཡིན་ནའང་འདྲ་ཞིང་པ་ཡིན་ནའང་འདྲ། མདོ་དབུས་ཁམས་གསུམ་ད་ཨ་མདོ་ཕྱོགས་གི་༿ཀྱི༾ཁམས་ཕྱོགས་གི་༿ཀྱི༾དབུས་གཙང་ཕྱོགས་གི་༿ཀྱི༾ས་ཆ་སྣ་མ་སྣ་ཚོགས་གི་༿ཀྱི༾ད་འབྲོག་པ་དང་དེ་ཚ་ཡི་ཨི་འདའི་སྐོར་ལ་ཨི་་དེའི་སྐོར་རི་མོ་དེའི་སྐོར་མང་པོ་བྲིས་པ་ཡིན།
  • དེ་ང་སོ་སོ་སོ་སོ་གི་༿རང་ཉིད་ཀྱི༾་ཨ་འདྲས་བྲིས་ཡས་དགའ་པོ་ཡོད། དེས་མི་ཚད་༿དེ་ལས་གཞན༾ད་དུང་ཆི་ད་ག་འདྲ་ཟེར་དགོས་རེད་ད་དགོན་པ་བཟོ་ར་༿ལྟ་བུ༾། ད་ང་ཚོ་བོད་ཀྱི་ཁྱད་ཆོས་ཡོད་པའི་ད་དེའི་་་༿དེ་འདྲ༾ཁང་པ་རྙིང་པ་བཟོ་ར་༿ལྟ་བུ༾།
  • ད་ཨ་འདྲས་་་ཨ་འདྲས་༿འདི་འདྲས་༾ང་བྲིས་ཡས་དགའ་པོ་ཞེ་པོ་ཡོད། ག་རེ་རེད་ཟེར་ན་ད་དཔེ་བཞག་ན། ད་ང་ཚོ་ལྷ་ས་གི་༿སའི༾ཁང་པ་རྙིང་པ་དང་ད་དེ་ཚོ། ད་ག་ལེ་ག་ལེར་ཁང་པ་གསར་པ་བརྒྱབ་ཨ་འདྲས་བྱས་པ་དང་རྙིང་པ་ག་ལེ་ག་ལེ་ག་ལེར་མེད་འགྲོ་གི་རེད་པ།
  • ད་རྙིང་པ་དེ་ཚོ་ག་རེ་ཟེར་ན། ད་ཅིག་བྱས་ན་པར་འདྲ་༿ལྟ་བུ༾ཨ་འདྲས་བརྒྱབ་བྱས་བཞག་ཆོག་གི་རེད྄་དེ་ལས་ཡང་རི་མོ་བྲིས་བྲིས་པ་དང་འདྲ་གི་མ་རེད་པ། ད་ང་ཁང་པ་རྙིང་པ་དང་དེའི་སྐོར་ལ་བྲིས་ཡས་དགའ་པོ་ཡོད།
  • ཨོ་ཐུགས་རྗེ་ཆེ།
  • ཨ་ནི་་་ཚེ་རིང་ལགས་ཁྱེད་རང་གིས་ད་ལྟ་རི་མོ་བྲིས་གནང་པ་ཞིག་ཡོད་བ་རེད་པ།
  • ཨི།
  • དེ་དང་ཨ་་་རི་མོ་འབྲ་ཨིཉན་༿མཁན་༾ཕྱི་རྒྱལ་ཡིན་ནའང་རེད་ཡང་མིན་ན་འདི་བར་གྱི་རི་མོ་འབྲི་ཉན་༿མཁན་༾གཞན་དག་དེ་འདྲའི་དེ་འདྲས་ཀྱིས་ཤུགས་རྐྱེན་ཐེབས་ཡོའོ་༿ཡོད་༾རེད་པས། ཁྱེད་རང་ལ།
  • དེ་ཡོའོ་༿ཡོད་༾རེད། ད་ཨ་་་་མི་གཅིག་གི་ད་ག་རེ་ཟེར་དགོས་རེད་གཞུག་གུར་༿རྗེས་སུ༾ཕྱིན་པ་རེད་ཟེར་ན་ཧ་གི་མི་འདུག་སྟེ། ད་ཕྱི་རྒྱལ་ཡིན་ན་ལྷག་པར་དུ་ཕྱི་རྒྱལ་རེད། ཕྱི་རྒྱལ་གྱི་ད་ཨ་་་་་་་་་་་་རི་མོ་ཏང་ཏའི་ཡིད་ཧྲུའུ་ཅའ་༼དེང་རབས་རབས་སྒྱུ་རྩལ་པ་༽ཁ་ཤས་ཅིག་ཡོད་བ་རེད་དེ་ལས་གཙོ་བོ་ཤན་ཏའི་ཡིད་ཧྲུའུ་༼དེང་རབས་སྒྱུ་རྩལ་པ༽རེད྄།
  • དེའི་ནང་ལོགས་ཀྱི་དཔེ་བཞག་ན་ཡེན་ཞང་ཀྲུའུ་ཡེ་གི་༼ཤུགས་རྐྱེན་རིང་ལུགས༽རི་མོ་བྲིས་མཁན་ཟེར་བ། པེ་ཤན་ཀྲུའུ་ཡེ་གི་་་་༼ཚུར་མཚོན་རིང་ལུགས༽སྒྱུ་རྩལ་པ་ཟེར་བ། ད་དཔེ་བཞག་ན་ཧྥན་ཀོའོ་བཟོ་ར་༿བཟོ་འདྲ་༾ད་དེ་འདྲ་ལ་ང་དགའ་པོ་ཞེ་པོ་ཡོད། ད་དུང་སུའུ་ཏེནབཟོ་ར་༿བཟོ་འདྲ་༾། ཨ་་་ངའི་རི་མོའི་སྒང་༿སྟེང་༾ལ་ཏིག་ཙ་ཏིག་ཙ་༿ཏོག་ཙམ་༾དེ་ཁོ་རང་ཚོ་ལ་སློབ་སྦྱོང་བྱས་པ་དེ་མཐོང་གི་རེད།