Skip to main content Skip to search
22 Jan 2016
2 min 41 sec
Video Overview
Creators: 
Sherig Dhentshog

This song called "Gungtu Toela Nangduley" (High up in the Sky) tries to stress the importance of some key figures. The lyrics describe many stars gathered in the sky, yet among the hundreds of them, the star known as 'Jangkar Puenduen' shines bright. When that star disappears behind the mountains, the sky is sad to remain empty. The song continues with other metaphors such as flowers in the garden and the sun flower, monks in a temple and the lama, ladies in a village among which one is very beautiful, etc.

 

༉  པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ ཉེང་ཤིང་བོ་རང་ལས་ བཀྲ་ཤིས་རྣམ་རྒྱལ་གྱིས་ སྤྱི་ལོ་༡༩༩༠ འི་ལོ་ནང་ བཀྲ་ཤིས་དཔལ་འབྱོར་གྱིས་བརྩམས་ཡོད་པའི་གླུ་གཞས་ དགའ་བའི་ཉི་མ་ཤར་སོང་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ འབྲུག་རྒྱལ་བཞི་པ་གི་དུས་སྐབས་ལུ་ ཡོངས་གྲགས་ཅན་ཅིག་ལུ་གྱུར་ཏེ་སྡོད་ནུག དེ་ཡང་ ན་གཞོན་སློབ་ཕྲུག་ཚུ་གིས་ དུས་སྟོན་དང་དགའ་སྟོན་གྱི་སྐབས་ལུ་ མི་དབང་མཆོག་བཞུགས་པའི་སྐབས་འཁྲབ་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ རྒྱལ་ཁབ་ལུ་ཤ་ཚ་བའི་གླུ་གཞས་ཅིག་ཨིན་པའི་ཁར་ རྗེ་མཁན་པོ་མཆོག་དང་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་ཁབ་ནང་ དགའ་སྐྱིད་དང་ཞི་བདེ་འབྱུང་བཅུག་མི་ལུ་ བཀའ་དྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ བསྟོད་པ་ཕུལ་བའི་གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དགའ་བའི་ལ་ཉི་མ་ཤར་སོང་ལ། །སྐྱིད་པའི་ཟླ་བ་ཚེས་སོང་ལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྭོ་་་དགའ་སྐྱིད་འཛོམས་པའི་ཞབས་བྲོ། །པདྨའི་ཐང་ལ་འཆམ་ཤོག །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཕོ་ཡི་ལ་ཞབས་བྲོ་གཡས་བསྐོར་ལ། །མོ་ཡི་ཞབས་བྲོ་གཡོན་བསྐོར་ལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྭོ་་་གཡས་གཡོན་བསྐོར་བའི་ཞབས་བྲོ། །ནོར་བུ་དགའ་བ་འཁྱིལ་སོང་། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཕུན་སུམ་ལ་ནོར་བའི་གླིང་ལ། །དཔག་བསམ་ལྗོན་ཤིང་འཁྲུངས་ཡི་ལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྭོ་་་ལྷ་ཤིང་གཙོས་(ལྗོན་)པའི་རྩེ་ནས། །ཞིམ་མངར་འབྲས་བུ་ལངས་(ཆགས)སོང་། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    བཀྲ་ཤིས་ལ་མཚོ་མོའི་དབུས་ན་ལ། །གསེར་གྱི་ཉ་མོ་འཁྱུག་འཁྱུག་ལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྭོ་་་ཉ་མོ་གཤོག་རྩལ་རྒྱས་པ(ནས)། །བདེ་སྐྱིད་ཕུན་སུམ་ཚོགས་སོང་(ཡོད)། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལྷ་སྲས་ལ་གསེར་གྱི་ཉི་མ་ལ། །སྐྱིད་པའི་མཁའ་ལ་ཤར་སོང་ལ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    སྭོ་་་་ཁ་ལ་ཤར་བ་མ་རེད། །གསེར་གྱི་ཁྲི་ལུ་བཞུགས་ཡོད། །ལེགས་སོ།