Video Overview
Posing riddles is an old tradition in Bhutan, where it particularly popular in rural areas. A riddle is a question or a statement that should to be solved using intelligence and reasoning. Riddles have been posed at leisure times for entertainment since ancient times. It is an art that gives meaning to a particular object. For example, "There is nothing to hold on; it can be lift up with hands." The answer to the above statement is to "wear a hat." Nowadays, the art of posing riddles is declining, because not many of the villagers practice it.
༉ མཁར་གཏམ་མམ་དྲག་དྲགཔ་མཁས་མཁསཔ་འདི་ ད་རེས་ནངས་པར་བཟུམ་གྱི་འཕྲུལ་རིག་ཡར་རྒྱས་གོང་འཕེལ་མ་འགྱོ་བའི་གནས་སྐབས་ནང་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་པའི་ལམ་སྲོལ་ཅིག་ཨིན། དང་ཕུ་ང་བཅས་ར་སྲུང་གཏང་སྲོལ་ཡོདཔ་བཟུམ་སྦེ་ར་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ཚངས་ལྷའི་ཁ་སྐད་ནང་ མཁར་གཏམ་ཟེར་ ཕྱི་རུ་ཉལ་རནམ་ཁར་ མེ་བསད་ མགུ་ཧང་ཁར་བཀལ་ གཅིག་གིས་དྲི་བ་བཀོད་ཅི་ར་ གཅིག་གིས་ལན་སླབ་སྟེ་ ལན་ཕོག་མ་ཚུགས་པ་ཅིན་ གཡུས་གཅིག་གི་ཁྱིམ་ཚུའི་སྦྱིན་བདག་ཚུ་གི་མིང་བཏོནམ་སྦེ་ དྲི་བ་རེ་རེ་གི་ཁྱིམ་རེ་བྱིན་ཏེ་ མཁར་གཏམ་དེ་སྦེ་བཏང་བའི་སྲོལ་ཅིག་ཡོདཔ་ཨིན། འ་ནཱི་བཟུམ་འབད་མི་དེ་ཡང་ ཕྱིའི་མཐོང་སྣང་ལུ་རྩེདམོ་བཟུམ་སྦེ་མཐོང་རུང་ ནང་ན་གཅིག་གིས་གཅིག་རིག་པ་བརྟག་དཔྱད་འབད་དོ་ཡོདཔ་ལས་ རིག་པ་གོང་འཕེལ་བཏང་ཚུགས་པའི་ཁེ་ཕན་ཡོདཔ་ཨིན། འདི་ལུ་ རང་རང་སོ་སོའི་ལུང་ཕྱོགས་ཀྱི་ཁ་སྐད་དང་བསྟུན་ཏེ་ མིང་བཏགས་ཐང་ཡང་མ་འདྲཝ་སྦེ་འདུག དེ་ཡང་ ཚངས་ལྷའི་ཁ་སྐད་ནང་མཁར་གཏམ་དང་ ཁྱོད་ཅག་ང་ཅག་གི་ཁ་སྐད་ནང་ཤེས་ལོང་། དེ་ལས་ གཡང་རྩེ་པའི་ཁ་སྐད་ནང་ཤོ་ལོང་དང་ སྤར་ཝང་གི་ཁ་སྐད་ནང་ དྲག་དྲགཔ་མཁས་མཁསཔ། དེ་བཟུམ་སྦེ་ར་ ཤར་གྱི་ཁ་སྐད་ནང་ཤེས་ཤེསཔ་དང་ བུམ་ཐང་པའི་ཁ་སྐད་ནང་མེག་སེམ་ཅོབ་ཅོབ། ཆུ་སྨད་པའི་ཁ་སྐད་ནང་ཕི་ཀོ་ལྡིང་ལྡིང་། སྐུར་སྟོད་པས་མེག་པ་ཅོབ་ཅོབ། ལྷོ་མཚམས་པའི་ཁ་སྐད་ནང་གའུ་ཁ་ནི་ཀ་ཐཱ་ཟེར་ འབྲུག་རྒྱལ་ཁབ་གཅིག་ནང་རང་ ལམ་སྲོལ་གཅིག་ལུ་ ཁ་སྐད་དང་འཁྲིལ་ཏེ་མིང་བཏགས་ཐང་མ་འདྲཝ་དེ་སྦེ་འདུག
- Sarpang
- Gelephu
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyད་ང་གི་ཁར་གཏམ་རེ་རེ་གཉིས་བཤད་ནི་ཨིན། ཨང་དང་པ། སྒལཔ་གི་ངལ་འཚོ་ནི་མེད་ དེ་འབདཝ་ད་ལགཔ་གཉིས་ཀྱི་འཕབ་དགོ་ འདི་ག་ཅི་སྨོ། འ་ནི་འདི་ཞཱ་མོ་བཙུགས་ནི་ཨིན།Now, a few [one or two] riddles are going to present which I am going to share.Number one There is nothing to hold on, can be lift up with two hands. What is that? That means to wear a hat.
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཨང་གཉིས་པ། རུ་སྦྱིས་འཐེནམ་ད་ལུ་ རྡོ་དཀྲུམ་འགྱོ་སྐེད་རྐྱབ་དེ་ འདི་ག་ཅིག་སྨོ། འ་ནི་འདི་ཨོ་མ་དཀྱོག་ནི་ཨིན།Number two, When you pull a creeper, the rock roars. what is that? That means to Churning milk.
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཨང་གསུམ་པ། ཁྱིམ་ནང་འགྱོཝ་ད་ཁ་ཚལ་མ་བལྟ་ ཚལ་མ་ནང་འགྱོཝ་ད་ཁ་ཁྱིམ་བལྟ་ ག་ཅིག་སྨོ། ཀྲོབ་མདའ།Number three When you go home it faces jungle, when you go to jungle it faces house. what is that? A gun
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཨང་བཞི་པ། ཀེབ་ཏ་བཟའ་གེ་ཟེར་ན་བཟའ་མ་ཚུ་ རྨོ་གེ་ཟེར་ན་གླང་ཅུང་རྨོ་མ་ཚུ་ བཟུང་གེ་ཟེར་ན་སྤག་ཚར་ཁརཝ་བཟུང་མ་ཚུགས་ འདི་ག་ཅིག་སྨོ། ཉིམ། སྟག སྦུལ།Number fourA cake that cannot be eaten, an ox that cannot be tamed and a cane stick that cannot be touched with it. What is that? Sun, Tiger and Snake.
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyརྐང་རྫེ,་སྦོམ་ རྣམ་ཅོ་ལེབ་སྦོམ་ དེ་ལས་མཇུག་མ་གཉིས་ཡོད་ འདི་ག་ཅིག་སྨོ། གླང་མོ་ཆེ།A flate foot print, flappy ears and two sides tail. What is that? An elephant
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyའདི་ང་གི་བཏེག་མི་ མ་ཚད་ཆ་རོགས་ ཁག་ཆེ་བའི་སྐབས་མཚོན་ཆ་ཡང་ཨིན་ འད་ག་ཅིག་སྨོ། ཁརཝ།It is my support, It is my friend, In bad times it is my weapon. What is that? Stick
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyལྕགས་ཐག་ཤེ་ཤེ་ རཱ་ཏོག་གི་ཆུ་ལྷངམ་མས་ འདི་ག་ཅིག་སྨོ། རེ།Chain after chain, but it takes rain from the roots. What is that? Paddy
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཧ་རི་གི་བུ་ བུས་ནུས་གི་དི་བུ་ དུས་ཨ་རྟག་རང་ཁྱིམ་མཐོག་གུ་སྡོདཔ་མས་ འདི་ག་ཅིག་སྨོ། སྒོ་གི་གཉའ་ལྕགHari's son, Bista's grandson, always stays on the top of door. What is that? Chain (Door chain)
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཤིང་གི་རྡུམ་ ལྕག་གི་མཐུད་ཧེ་མ་ཧེ་མ་རམ་དང་ལཱ་ཆུ་མན་ ཤུས་ལས་ཤུས་ཨརཝ་ འདི་ག་ཅིག་སྨོ། གླང་རྨོ་ནི།Wooden tools metal joints, two brothers infront and a theif behind. What is that? Ploughing field
- ཀར་ན་ཀུ་མར་ག་ལེ Karna Kumar Ghalleyཁ་གསུམ་ཡོད་མིག་ཏོ་མེད་ཁོ་གི་ རྩ་བ་གཅིག་རང་ཨིན་དེ་འབདཝ་ད་འབག་ནི་ཡོད་མི་གཉིས་དྲོ་པ་ཡང་ནང་ཕྱི་རུ་ དེ་འབདཝ་ད་ང་གི་ཤིང་ལེ་ཤཱ་བཟའ་ནི་ཡོད་དུས་ཨ་རྟག་རང་ ག་ཅིག་སྨོ། ཐབ། རྫོགས་སོ།It has three mouths but no eyes. It has got one hat and can carry wo at a time every morning and evening, but it eats wood every time. What is that? An Oven