Skip to main content Skip to search
07 Sep 2018
1 min 54 sec
Video Overview
Creators: 
Monika Subba, Kencho Wangmo

Raimati Mongar from Dekiling in Sarpang district share some riddles. A house with 30 stories has only a door as entrance. Who am I? Answer: bamboo. Golden chain and tree branches asking for water. What am I? Answer: a paddy field.

༉  གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ལས་ རའི་མ་ཏི་མོང་གར་གྱིས་ གའུ་ཁ་ནི་ཀ་ཐཱ་ཅིག་བཏང་སྟེ་ཡོདཔ་ད་ གའུ་ཁ་ནི་ཁ་ཐཱ་འདི་ ལྷོ་མཚམས་པའི་ཁ་སྐད་ལས་སླབ་ཨིནམ་ད་ ཚངས་ལའི་ཁ་སྐད་དང་ རྫོང་ཁའི་ནང་འབད་བ་ཅིན་ མཁར་གཏམ་ཟེར་ སླབ་དོ་ཡོདཔ་བཞིན་དུ་ རང་སོའི་ཁ་སྐད་དང་འཁྲིལ་ཏེ་ སླབ་ཐངས་སོ་སོ་སྦེ་ཡོདཔ་ཨིན། མ་གཞི་མཁར་གཏམ་གཏང་ཐངས་འདི་ གཅིག་གིས་དྲི་བ་བཀོད་སྦེ་ གཅིག་དང་གཉིས་གང་རུང་གིས་ ལན་འཇལ་ཏེ་གཏང་དགོཔ་ཨིན་རུང་ རའི་མ་ཏི་མོང་གར་གྱིས་འབད་བ་ཅིན་ དྲི་བ་དང་ལན་གཉིས་ཆ་ར་མོ་ར་གིས་འབད་སླབ་སྟེ་ མཁར་གཏམ་གཏང་ཐངས་ཀྱི་དཔེ་སྟོན་ཅིག་བསྟན་ཏེ་འདུག

Transcript search
No results found for this search
0 of 0
 • རའི་མ་ཏི་མ་གར Raimati Magar
  I am going to share few riddles. I am Raimati Mongar from Dekiling.
  ང་མཁར་གཏམ་ཅིག་སླབ་ནི་ཨིན་ ང་བདེ་སྐྱིད་གླིང་གི་རའི་མ་ཏི་མོང་སྒར་རང་ཨིན།
 • རའི་མ་ཏི་མ་གར Raimati Magar
  འདི་གི་དོན་དག་འདི་སྤག་ཤིང་ཨིན།
  ཁྱིམ་མཐོ་གསུམ་བཅུ་གི་ སྒ་མེད།
  A house of 30 story, with out a door as entrance, The answer is bamboo,
 • རའི་མ་ཏི་མ་གར
  དོཝ་ཀེ་བ་ཨིན་མས། ཡར་ཉིན་དུག་དང་མར་མདུད་ཕུད་ཡོད་མི་འདིདོཝ་ཀེ་བ།
  མགུ་ལུ་ཉིན་དུག་ རཱ་ཏོག་ཁ་མདུད་ཕུད་ ཟེར་མི་ག་ཅི་སྨོ་ཟེར་བ་ཅིན།
  Umbrella on top and a knot on the bottom, what it is? It is taepioka plant
 • རའི་མ་ཏི་མ་གར Raimati Magar
  A house of 3 story, with a door as entrance, The answer is making local wine
  ཁྱིམ་མཐོག་གསུམ་ལུ་སྒོ་ཡང་མེད་སྒོ་ཅུང་ཡང་མེད་ཟེར་མི་འདི་ ཆང་ཨ་རག་བཏོནམ་ཨིན་མས།
 • རའི་མ་ཏི་མ་གར Raimati Magar
  A bird with two tails. It is making topora(Plate made from plant leaf)
  བྱ་གཅིག་གི་མཇུག་མ་གཉིཧ་ཟེར་མི་འདི་ག་ཅིག་སྨོ་ཟེར་བ་ཅིན་ ཤིང་ཤོམ་འདབ་ཀྱི་
 • རའི་མ་ཏི་མ་གར Raimati Magar
  Leap, fall back, slippery without a tail, it is a frog
  ཡར་མཆོང་ཡར་མཆོང་ མཇུག་མ་མེད་མི་ག་ཅིག་ འདི་སྦལཔ་ཨིན་མས།
 • རའི་མ་ཏི་མ་གར Raimati Magar
  Golden chain, branches of the tree, asking for water, It is a crop field
  གསེར་གི་ ལྕགས་ཐག་ ཤིང་གི་ཞལ་ལག་ ཆུ་ལྷང་མི་ག་ཅིག་སྨོ་ འདི་ཨ་རིང་ཨིན་མས།
 • རའི་མ་ཏི་མ་གར Raimati Magar
  While going to forest, the mouth faces house and while going home the mouth faces the forest. Hmm it is carrying gun in the shoulder
  ཁྱིམ་འོངམ་ད་ཁ་ནག་ཚལ་བཏའ་ ནག་ཚལ་ན་འགྱོཝ་ད་ཁ་ཁྱིམ་བཏའ་ཟེར་མི་འདི་ག་ཅིག་སྨོ་ཟེར་ན་ ཕྱག་ལྟག་གུ་ཀྲོབ་མདའ་འབག་འབགཔ་མས།