Skip to main content Skip to search
03 Jul 2018
3 min 51 sec
Video Overview
Creators: 
Norzin Lhamo

During the Bayling Tshechu of Trongsa district, an old man performs a unique dance at the festival's onset. Monk Dorji Wangdi of Gayling Village shares the significance of the Old Man Dance. The old man is said to have been sent by Lord Shiva to create the village and its inhabitants. This  dance is performed first during the Tshechu and he enters the courtyard from the upper realm, lower realm and the middle realm. He has received so many flowers yet didn’t see the marigold flower, he had received many drinks yet could not smell any of them and had received much incense yet could not see the smoke. 

༉  ཀྲོང་གསར་ཆ་འོག་ གླང་མཐིལ་རྒེད་འོག་ སྦེ་གླིང་ལས་དགེ་སློང་རྡོ་རྗེ་དབང་འདུས་ཀྱིས་བཤད་མི་ནང་ སྦེ་གླིང་ཚེས་བཅུ་གི་སྐབས་འཆམ་རྐྱབ་ད་ལུ་ ས་བཅགས་པའི་ཚུལ་འབད་ ཨ་རྒས་དང་ཨང་རྒས་ཀྱི་འཆམ་ཅིག་རྐྱབ་ནི་ཡོདཔ་ད་ དེ་ཡང་ ཉིནམ་དང་པ་ལས་གསུམ་པ་ཚུན་ཚོད་རྐྱབ་དོ་ཡོདཔ་མས། འ་ནཱི་འཆམ་ཚིག་ནང་འབད་བ་ཅིན་ ཧེ་མ་འཛམ་བུ་གླིང་ནང་ མི་མེད་ས་སྟོང་རི་སྟོང་སྦེ་སྡོད་པའི་སྐབས་ལུ་ འགོ་དང་པ་ར་ འ་ནཱི་ཨ་རྒས་འདི་ལྷོདཔ་སྦེ་སྟོནམ་ཨིན་ད་ དེ་ལས་ ཨ་རྒས་ཁོ་ར་རྐྱངམ་ཅིག་འབད་ མི་རྒྱུད་སྤེལ་བའི་ཐབས་ཅིག་མེདཔ་ལས་ མཁའ་འགྲོ་ལུ་གསོལཝ་བཏབ་སྟེ་ མཁའ་འགྲོ་ཡང་བྱོན་ཞིནམ་ལས་ དེ་ལས་ང་བཅས་ར་མི་རྒྱུད་དེ་ དར་དརཝ་སྦེ་འཐོནམ་ཨིན་པས། འཆམ་ཉིནམ་གསུམ་རྐྱབ་ས་ལས་ ཉིནམ་དང་པའི་ནང་ མི་རྒྱུད་ཀྱི་འབྱུང་ཁུངས་དང་ གཉིས་པའི་ནང་ མི་རྒྱུད་དར་ཚུལ་ དེ་ལས་ཉིནམ་གསུམ་པའི་ནང་ བཀྲ་ཤིས་ཀྱི་ཚིག་ཚུ་འཐོནམ་ཨིན་པས།

Transcript search
No results found for this search
0 of 0
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    ཏེ་ང་བཅས་ ཀྲོང་གསར་ཆ་འོག་ གླང་མཐིལ་རྒེད་འོག་ སྦས་གླིང་གི་ ཏེ་སྒྲུབ་ཀྱི་སྐབས་ལུ་ ཨ་རྒས་ཀྱིས་ས་བཅགས་ནི་ཅིག་ཡོད། དེ་འབདཝ་ད་ ཨ་རྒས་ཀྱིས་ ཏེ་གསལ་བཤད་དེ་ག་དེ་སྦེ་འབད་འོང་ཟེར་བ་ཅིན་ ཉིནམ་དང་པམ་ནང་ལུ་ མི་ང་དང་ང་ངོ་ཁྱོད་ཤེས་ག །མི་ང་དང་མ་ངོ་ཁྱོད་མ་ཤེསན། །ང་སྟེང་ཕྱོགས་ལྷ་ཡི་སྲས་ཨིན་པས་ཟེར་ དེ་ལས་འཆམ་རྐྱབ་ནི་ཡོད། དེ་ལས་ ང་སྟེང་ཕྱོགས་ལྷ་ལས་མར་བབས་ཚེ། །བསང་གཏང་མི་ཁལ་ལྔ་ཡོད། །དུ་པ་ལོང་ལོང་ང་མ་མཐོང་ཟེར་
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    མི་ང་དང་ང་ངོ་ཁྱོད་ཤེས་ག །མི་ང་དང་ང་ངོ་ཁྱོད་མ་ཤེསན། །ང་འོག་ཕྱོགས་ཀླུ་ཡི་སྲས་ཨིན་པས་ཟེར་ ང་འོག་ཕྱོགས་ཀླུ་ལས་ཡར་འོང་ཚེ། །མེ་ཏོག་ཕུལ་མི་ཁལ་ལྔ་ཡོད། །སེར་ཤོག་མེ་ཏོག་ང་མ་མཐོང་ཟེར་ མི་ང་དང་ང་ངོ་ཁྱོད་ཤེས་ག །མི་ང་དང་ང་ངོ་ཁྱོད་མ་ཤེསན། །ཏེ་ ང་བར་ཕྱོགས་བཙན་གྱི་སྲས་ཨིན་པས་ཟེར་ ང་བར་ཕྱོགས་བཙན་ལས་མར་བབས་ཚེ། །མར་ཆང་སྐྱེལ་མི་ཁལ་ལྔ་ཡོད། །ཆང་གི་དྲི་མ་ང་མ་མཐོང་ཟེར་
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    དེ་ལས་ འ་ནི་ཁོ་ཨ་རྒས་ཀྱི་ ཏེ་རྒྱུད་ཁུངས་ག་ཏེ་ལས་བྱོན་ཡི་ག ཏེ་མ་པ་ཨིན་རྒྱུ་འདི་ལྷའི་སྲས་ཨིན། དེ་འབདཝ་ད་ ཡར་ལས་མར་ ཏེ་ནཱ་ས་སྟེང་ལུ་བྱོནམ་ལས་བརྟེན་ཏེ་སྦེ་ འོག་ཕྱོགས་ཀླུ་དང་བར་ཕྱོགས་བཙན་ག་ར་ ཏེ་འདི་གིས་ ཏེ་ཐུགས་དགྱེས་ ཚིམ་པ་ལས་བརྟེན་ཏེ་སྦེ་ ཏེ་གསལ་བཤད་འབད་དགོ་པའི་གནད་དོན་ འདི་ལུ་བརྟེན་ཏེ་ཨིན་མས་ཟེར་ཞུ་ནི།
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    དེ་ལས་ ཏེ་ཉིནམ་གསུམ་པམ་ནང་ལུ་ ད་ཅི་གོང་ལུ་ཞུ་དོ་བཟུམ་སྦེ་ ཨང་རྒས་འདི་མཁའ་འགྲོ་གི་སྤྲུལ་པ་ཨིནམ་ལས་བརྟེན་ཏེ་སྦེ་ མཁའ་འགྲོ་ལུ་གསོལཝ་བཏབ་ད་ ག་དེ་སྦེ་བཏབ་ཨིན་ཟེར་བ་ཅིན་ ཉིནམ་གསུམ་པམ་ནང་ལུ་ མགུ་ཏོ་ཟངས་ཀྱིས་སྤུབས་པ་འདི། །ཟངས་མདོག་དཔལ་རི་ཕྱག་འཚལ་ལོ། །སྐེད་པ་ཚེ་ཡི་མདའ་དར་འདི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །རྩ་བ་ནགས་ཀྱིས་བསྐོར་བ་འདི། །ན་རོ་དཔོན་ཆེན་ཕྱག་འཚལ་ལོ། །
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    ནོར་བུ་ཁྲི་ལ་བཞུགས་པ་འདི། །དགོས་འདོད་དཔུང་འཇོམས་ཕྱག་འཚལ་ལོ། །ཟེར་མི་འདི་ ཏེ་མཁའ་འགྲོ་འདི་ཚུ་ལུ་ ཏེ་ང་བཅས་འཇིག་རྟེན་འཛམ་གླིང་འདི་ནང་ལུ་ ང་རྐྱངམ་ཅིག་འབདཝ་ལས་བརྟེན་ཏེ་སྦེ་ ནོར་བུ་དགོས་འདོད་དཔུང་འཇོམས་ཀྱི་བྱིན་རླབས་འདི་ ཏེ་དག་མ་ཚུགས་ མཁའ་འགྲོ་འདི་ཚུ་ལུ་ གསོལཝ་བཏབ་དགོ་པས་ཟེར་ཏེ་སྦེ་ ཏེ་ཕྱག་འཚལ་ སྐོར་ར་རྐྱབ་ གསོལཝ་བཏབ་བཏབ་བཏབ་ཀྱི་ཚུལ་ཨིན་མས་ཟེར་ཞུ་ནི་ ཉིནམ་གསུམ་པམ་ནང་ གཉིས་པ་ནང་ལུ།
  • རྡོ་རྗེ་དབང་འདུས་/ Dorji Wangdi:
    ཏེ་གསུམ་པམ་ནང་ལུ་ མཁའ་འགྲོ་ནཱ་བྱོན་ཞིན་ན་ ཏེ་མི་བརྒྱུད་དར་ཤིང་རྒྱས་ ཚེ་རིང་ ལོ་བརྒྱ་ཐུབ་ འབདཝ་ལས་བརྟེན་ཏེ་སྦེ་ འདི་གི་ ཏེ་བཀྲིས་བཟུམ་སྦེ་ ཏེ་མགུ་ཏོ་ཟངས་ཀྱིས་སྤུབས་པ་འདི། །ཟངས་མདོག་དཔལ་རི་བཀྲིས་ཤོག་ཟེར་ སྐེད་པ་ཚེ་ཡི་མདའ་དར་འདི། །ཚེ་དཔག་མེད་ཀྱི་བཀྲིས་ཤོག །རྩ་བ་ནགས་ཀྱིས་སྐོར་བ་འདི། །ན་རོ་དཔོན་ཆེན་བཀྲིས་ཤོག་ཟེར་ ནོར་བུ་ཁྲི་ལ་བཞུགས་པ་འདི། །དགོས་འདོད་དཔུང་འཇོམས་བཀྲིས་ཤོག །བཀྲིས་ཕུན་སུམ་ཚོགས་པའི་བཀྲིས་ཤོག །ཏེ་བཀྲིས་འ་ནཱི་སྦེ་ཕབ་ཞིན་ན་ ཉིནམ་གསུམ་པམ་འདི་ནང་ལུ་ གྲོལཝ་ཨིན་མས་ཟེར་ཞུ་ནི། ཨ་རྒས་ཀྱི་ ཏེ་གསལ་བཤད་མདོར་བསྡུས་ཅིག་ཞུ་བ་ཅིན་ འ་ནཱིམ་ཅིག་ཨིན་ཟེར་ཞུ་ནི། ལགས་སོ་བཀའ་དྲིན་ཆེ།། །།