11 Jan 2016
1 min 59 sec
Video Overview
Creators:
Dradul Dorjay, Tibetan & Himalayan Library
འདི་ནི་ཁྲོམ་གཅིག་ལ་འཛོམས་པའི་ན་ཟླ་རྣམས་ལ་གླུ་སྐྱིད་པོ་ཡོད་ན་དེ་རིང་ལོངས་ཞེས་སྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཕྱོགས་སོ་སོའི་ན་ཟླ་རྣམས་ལྷན་དུ་འཛོམས་པས་གླུ་དང་རྩེད་རིག་ལེན་ཤེས་མཁན་ཡོད་ན་དེ་རིང་ལོངས་དང་ཚང་མའི་སྙན་དབང་གསོ་ཐུབ་པ་དང་ཚང་མར་དགའ་སྤྲོ་སྐྱེད་ཐུབ། དེ་མིན་ན་སངས་ནངས་མོ་ཉི་མ་ཤར་དུས་རང་རང་ས་ན་ཡོད་པས་ཉན་མཁན་མེད་པར་བརྗོད་པའི་གླུ་ཞིག་ཡིན།
- ༼ཨོ་ཡེ་་ཡ་རེ་ཡ་རེ་་་་ཡ་རེ་ལེན་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན༽
- ཡར་ནང་རྫ་དང་མར་ནང་རྫ།།
- རྫ་གཅིག་ལ་འཛོམས་པའི་འབྲོང་བརྒྱ་ཚོ།།
- མགོ་རྭ་རྩེ་བྱེད་ན་དེ་རིང་བྱེད།།
- སང་ནངས་མོ་རང་རང་རྫ་ན་ཡོད།།
- ཡར་ནང་སྤང་དང་མར་ནང་སྤང་།
- སྤང་གཅིག་ལ་འཛོམས་པའི་རྟ་བརྒྱ་ཚོ།
- མགོ་རྔོག་རྩེ་བྱེད་ན་དེ་རིང་བྱེད།།
- སང་ནངས་མོ་རང་རང་སྤང་ན་ཡོད།།
- ཡར་ནང་ཁྲོམ་དང་མར་ནང་ཁྲོམ།།
- ཁྲོམ་གཅིག་ལ་འཛོམས་པའི་ན་ཟླ་ཚོ།།
- གླུ་རྩེད་རིག་ཡོད་ན་དེ་རིང་ལོངས།།
- སང་ནངས་མོ་རང་རང་ཡུལ་ན་ཡོད།།
- གླུ་ཁ་མཚར་ཞིག་གིས་དགོད་ཁ་སློངས།།