Video Overview
The song Gathering of Stars is sung by Sempa from Richanglu. Its tune is similar to the alo of eastern Bhutan. Although the lyrics do not have the word "alo" in them, they express sadness. People tend to sing this song while in a sad mood.
སེམས་པ་གིས་འཐེན་མི་གླུ་གཞས་ སྐར་མ་བརྒྱ་འཛོམས་སྟོང་འཛོམས། ཟེར་ གདངས་དབྱངས་འདི་བཟུམ་ཅིག་སྦེ་འཐེན་མི་གླུ་གཞས་ཚུ་ ཡོངས་གྲགས་ལུ་ ཤར་ཕྱོགས་པའི་ཨ་ལོ་ཟེར་སླབ་སྲོལ་ཡོདཔ་ཨིན་རུང་ ཨ་ལོ་ཟེར་བའི་ཚིག་མེད་རུང་ སྐྱོ་བའི་ཚིག་ཡོདཔ་ལས་ ཨ་ལོ་དང་འདྲ་བའི་སྐྱོ་བའི་གླུ་གཞས་རང་ཨིན། གླུ་གཞས་འདི་ སེམས་འཁྲུལ་སྣང་ལངས་པའི་སྐབས་འཐེན་ནི་གི་གླུ་གཞས་ཅིག་ཨིནམ་ད་ མཇུག་ཁམས་ཅིག་ཁར་ མི་རྣམས་འཛོམས་པ་མཐོང་ཚེ། །ཕ་མ་འཛོམས་པ་མ་མཐོང་། །སྤུན་ཆ་འཛོམས་པ་མཐོང་ཚེ། །འཁོར་གཞི་འཛོམས་པ་མ་མཐོང་། །ཟེར་ མི་ལེ་ཤ་འཛོམས་སྡོད་ས་མཐོང་རུང་ དྲིན་ཆེ་བའི་ཕ་མ་འཛོམས་པ་མི་མཐོང་པས། སྤུན་ཆ་འཛོམས་སྡོད་ས་མཐོང་རུང་ རང་གི་བུ་གཞིས་ཕམ/གཉེན་གྲོགས་འདི་འཛོམས་པ་མི་མཐོང་པས། ཟེར་ ག་ནི་བ་སྐྱོ་ལྷང་ལྷང་སྦེ་འཐེནམ་ཨིན་པས།
- Martshala
- སེམས་པ་ Sempaསྐར་མ་བརྒྱ་འཛོམས་སྟོང་འཛོམས།Hundreds and Thousands of Stars comes together
- སེམས་པ་ Sempaགནམ་མཁའི་ཞིང་ལུ་འཛོམས་ཤིགIn the middle of the sky.
- སེམས་པ་ Sempaཤིང་མོ་བརྒྱ་འཛོམས་སྟོང་འཛོམས།Hundreds and thousands of trees comes together
- སེམས་པ་ Sempaརི་བའི་རྩེ་ལུ་འཛོམས་ཤིགOn top of the mountain.
- སེམས་པ་ Sempaཉ་མོ་བརྒྱ འཛོམས་སྟོང་འཛོམས།Hundreds and thousands of Fish, comes together
- སེམས་པ་ Sempaཟམ་པའི་འོག་ལུ་འཛོམས་ཤིགunder the bridge.
- སེམས་པ་ Sempaམི་ཆེན་བརྒྱ་འཛོམས་སྟོང་འཛོམས།Hundreds and thousands of people come together
- སེམས་པ་ Sempaཕ་མའི་སྒོ་ཁ་འཛོམས་ཤིགIn front of their parents home.
- སེམས་པ་ Sempaམི་རྣམ་འཛོམས་པ་མཐོང་ཚེ།So, When I see them people gather,
- སེམས་པ་ Sempaཕ་མ་འཛོམས་པ་མ་མཐོང་།I didn't see my parents among them.
- སེམས་པ་ Sempaསྤུན་ཆ་འཛོམས་པ་མཐོང་ཚེ།I saw my siblings come together,
- སེམས་པ་ Sempaཁུར་བཞི་འཛོམས་པ་མ་མཐོང་།I didn't see any gifts.
- སེམས་པ་ Sempaའགྲོ་དགོ་འགྲོ་དགོ་བསམ་པ།I thought of going too.
- སེམས་པ་ Sempaཕ་གཡུས་རྒྱང་གནས་རིང་སོང་།But My hometown is very far.