Skip to main content Skip to search
05 Jun 2018
5 min 33 sec
Video Overview
Creators: 
Dawa Tshering

Nangla Jungtse, meaning “Gathering In”, is a boedra song sung by Dotey, a village elder from Choongkha village. The song says, "I, merchant Dawa Zangpo, am thirty years in age. I have thirty mules and forty mares behind me." He took gold out from the right side of the horse load and offered it to the monastery to clear the sins of his father. He removed sliver from the left side of the horse load and offered to the monastery to clear the sind of his mother. He then took out a conch from the middle of the horse's load and offered it to the monastery to clear my sin.

༉  ནང་ལ་འབྱུང་ཚེ་ (ནང་ལ་ཕྱིན་ཚེ་) ཟེར་མི་ བོད་སྒྲའི་གཞས་འདི་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྤང་མེ་ཁ་གཡུས་ཚན་ལས་ གཡུས་ཁའི་རྒས་ཤོས་ཅིག་ཨིན་མི་ རྡོ་བཏེག་གིས་འཐེནམ་ཨིན་མས། གླུ་གཞས་འདི་ནང་ ང་ལོ་བཅུ་གསུམ་ལངས་མི་ཚོང་དཔོན་ཟླ་བ་བཟང་པོ་ལུ་ རྟ་དྲེལ་སུམ་ཅུ་ཐམ་པ་དང་ རྟ་རྒོདམོ་སུམ་ཅུ་ཐམ་པ་ཡོདཔ་ད་ ཁོ་གིས་ རྟ་ཁུར་གཡས་ཀྱི་དོས་ནང་ལས་གསེར་བཏོན་ཏེ་ ཨ་པའི་ལས་སྒྲིབ་དག་ནི་གི་དོན་ལུ་ གཙུག་ལག་ཁང་ནང་ཕུལ། རྟ་ཁུར་གཡོན་གྱི་དོས་ནང་ལས་དངུལ་བཏོན་ཏེ་ ཨའི་གི་ལས་སྒྲིབ་དག་ནི་གི་དོན་ལུ་ གཙུག་ལག་ཁང་ནང་ཕུལ། རྟ་ཁུར་བར་ནའི་དོས་ནང་ལས་ དུང་དཀར་བཏོན་ཏེ་ ཁོ་རའི་ལས་སྒྲིབ་དག་ནི་གི་དོན་ལུ་ གཙུག་ལག་ཁང་ནང་ཕུལ་ཡི་ཟེར་ འཐོནམ་ཨིན་མས།

Transcript search
No results found for this search
0 of 0
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །ལོ་མོ་ལ་རྒས་ཡང་མ་རྒས་བཅུ་གསུམ་རེད། །ལོ་མོ་ལ་གཞོན་ཡང་མ་གཞོན་བཅུ་གསུམ་རེད། །ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །བཅུ་གསུམ་རེད་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །བཅུ་གསུམ་ལ་རྒས་པའི་ལོ་ལས་ཚོང་ལ་ལེགས། །ཚོང་དཔོན་ལ་ཟླ་བ་བཟང་པོ་ཚོང་ལ་ལེགས་པ་ཨ་ཅོ། །ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །ཚོང་ལ་ལེགས་པའི་ཨ་ཅོ་ལ་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །ཕོ་དྲེལ་ལ་བཞི་བཅུ་ཐམ་པ་སྔོན་ལས་བཙུགས། །མོ་དྲེལ་ལ་བཞི་བཅུ་ཐམ་པ་ཤུལ་ལས་བཞག །ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །ཤུལ་ལས་བཞག་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །ཤུལ་ལས་བཞག་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །རྟ་པོ་ལ་ཕོ་ཤུགས་གཡས་ལས་གསེར་ཤོག་ཕུལ། །དེ་ལས་ཡབ་ཆེན་ཨ་པའི་ལས་སྒྲིབ་དག །ཞེས་པའི་ནང་ལས་ཕྱུང་སེ་ཡོ། །ལས་སྒྲིབ་དག་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །རྟ་པོ་ལ་མོ་ཤུགས་གཡོན་ལས་དངུལ་ཤོག་ཕུལ། །དེ་ལས་ཡུམ་ཆེན་ཨ་མས་ལས་སྒྲིབ་དག །ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །ལས་སྒྲིབ་དག་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །
  • ཨཔ་རྡོ་བཏེག་
    Ap Dotey: ནང་ལ་ཕྱུང་སེ་ཡོ་ཡོ། །རྟ་མོ་ལ་མོ་ཤུགས་བར་ལས་དུང་ཤོག་ཕུལ། །དེ་ལ་བུ་ཚུ་རང་གི་ལས་སྒྲིབ་དག །ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། ། ལས་སྒྲིབ་ནི་དག་ཞེས་པའི་ནང་ལ་ཕྱུང་སེ་ཡོ་ཡོ། །ལགས་སོ།། །།