29 Dec 2015
2 min 37 sec
Video Overview
Creators:
Tibetan & Himalayan Library
This is a video of Tsethar Bum from Yonru Village in Chentsa (Amdo) singing a song called "A Gathering of Many Monks." This song is part of a series of folk songs from the Rebgong cultural area.
གླུ་འདིའི་ནང་དོན་ནི་དགེ་འདུན་པས་འདུ་ཁང་ནང་དུ་ཆོས་འདོན་པ་དང་གླུ་བས་མི་ཚོགས་ཀྱི་ཁྲོད་དུ་གླུ་ལེན་པ་གཉིས་དཔེ་དང་དཔེ་ཅན་གྱི་སྒོ་ནས་བསྡུར་ཏེ། ཁ་དཔེར་དགའ་བ་བྱས་ན་དགེ་བ་ཟེར་བ་ལྟར། དགེ་འདུན་པས་སེམས་ཅན་གྱི་དོན་དུ་ཆོས་སྒྲུབ་པ་དང་། གླུ་བས་སེམས་ཅན་དགའ་རུ་འཇུག་པ་གཉིས་དགེ་བ་ལ་འཇུག་པར་བརྗོད་དེ། གླུ་བས་རང་གི་གླུ་ལ་ཆེ་བསྟོད་བྱས་ཡོད།
- ཡེ་་་་་་་་་་་་་ཨ་ཟིན་ཁོ་་་་་་་་་་ཡ་རེ་ལེན། །
- སྟོད་དབུས་གཙང་འདུ་ཁང་བྱ་འོག་ན། །
- བན་སེར་མོ་བརྒྱ་ཚོགས་སྟོང་འདུས་རེད། །
- མགོ་ཞྭ་མོ་གྱོན་ནོ་འདྲ་འདྲ་རེད། །
- ཆོས་ཀུན་རིག་བཏོན་ནོ་ཁ་ཁེར་རེད། །
- ཡེ་་་་་་་་་་་་་ཨ་ཟིན་ཁོ་་་་་་་་་་ཡ་རེ་ལེན། །
- འདི་ཁྲོམ་པའི་གྲལ་ཡི་གྲལ་དཀྱིལ་ན། །
- སྟག་ཤ་ར་བརྒྱ་ཚོགས་སྟོང་འདུས་རེད། །
- གླུ་རྩེད་རིགས་ལེན་ནོ་འདྲ་འདྲ་རེད། །
- གླུ་ཁ་མཚར་ལེན་ནོ་ཁ་ཁེར་རེད། །
- ལེན་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །