05 Jan 2016
1 min 48 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "The Gathering of Guests." This song is part of a collection of folk songs from the Rebgong cultural area.
འདི་ནི་མདོ་སྨད་རེབ་གོང་ས་ཁུལ་གྱི་དམངས་གླུ་ལས་བསྟོད་གླུ་ཞིག་ཡིན།
གླུ་འདིའི་རིགས་ཚོགས་པ་དང་འདུ་འཛོམས་ཆེ་སར་ལེན་པ་དང་། གཙོ་བོར་དེ་རིང་གི་ཁྲོམ་པ་འཛོམས་ཚུལ་ཡག་སྲོལ་བརྗོད་ཡོད་པ་དང་། དེ་ཡང་རྫ་ཁྲ་ཡག་དང་འབྲོང་བྲེ་སེར་གཉིས་འཛོམས་པ་དཔེ་དང་ནང་ཁྲོམ་པ་དང་གླུ་བ་གཉིས་འཛོམས་པ་དཔེ་ཅན་དུ་བཀོད་ནས་བསྟོད་པ་བྱས་ཡོད།
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- རྫ་ཁྲ་ཡག་གཡས་འཛོམས༼དུང་ལོ་ལོ༽གཡོན་འཛོམས་རེད། །
- འབྲོང་བྲེ་སེར་འཛོམས་ནས༼དུང་ལོ་ལོ༽གསུམ་འཛོམས་རེད། །
- ཅི་འདྲ་འདྲའི་རྫ་རི༼དུང་ལོ་ལོ༽འཛོམས་པོ་ཞིག །
- ངས་འཛོམས་སོང་ཟེར་ལ༼དུང་ལོ་ལོ༽འུར་ལ་འགྲོ །
- ངས་ཡག་གི་ཟེར་ར༼དུང་ལོ་ལོ༽བརྗོད་ལ་འགྲོ། །
- ནང་ཁྲོམ་པ་གཡས་འཛོམས༼དུང་ལོ་ལོ༽གཡོན་འཛོམས་རེད། །
- ཅི་འདྲ་འདྲའི་ཁྲོམ་པ༼དུང་ལོ་ལོ༽འཛོམས་པོ་ཞིག །
- ང་གླུ་བ་འཛོམས་ན༼དུང་ལོ་ལོ༽གསུམ་འཛོམས་རེད། །
- ངས་འཛོམས་སོང་ཟེར་ལ༼དུང་ལོ་ལོ༽འུར་ལ་འགྲོ །
- ངས་ཡག་གི་ཟེར་ར༼དུང་ལོ་ལོ༽བརྗོད་ལ་འགྲོ། །