05 Jan 2016
2 min 14 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "The Gathering of Brothers." This song is part of a collection of folk songs from the Rebgong cultural area.
འདི་ནི་སྤུན་ན་ཟླ་ལྷན་འཛོམས་བྱུང་སྟེ་གླུ་སྙན་མོ་སང་སང་ལེན་པར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་ཨ་སྔོན་དབྱིངས་ནས་ནམ་ལངས་ཏེ་ཉི་མ་ཤར་བ་དང་། དབྱར་གྱི་དཔྱིད་དཔལ་རྒྱས་ཏེ་ནགས་རྒྱ་རྫོང་དུ་བྱ་ཁུ་བྱུག་གྲགས་པ། སྤུན་ན་ཟླ་འཛོམས་ཏེ་སྐྱིད་གླུ་སིང་སིང་ལེན་གྱིན་པ་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་་འབའ་ལ་ཡང་ལ་མོ་ལ་དབྱངས་ལེན། འབའ་ལ་དབྱངས་རང་གི་ལེན་ཕྱོགས་རེད༽
- དགུང་ཨ་སྔོན་དབྱིངས་ཀྱི་བང་རིམ་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- དགུང་ཉི་མ་ཤར་ནས་འོད་ལམ་ལམ། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- འདི་ཨ་སྔོན་ནམ་མཁའ་ལངས་ནི་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- ནགས་རྒྱ་རྫོང་ཡག་གི་ཕོ་བྲང་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- བྱ་ཁུ་བྱུག་གྲགས་ནས་སྟོངས་སྟོངས་སྟོངས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- འདི་དབྱར་གྱི་དཔྱིད་དཔལ་རྒྱས་ནི་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- གྲལ་ཁྲོམ་པ་ཡག་གི་ནང་རོལ་ནས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- ང་ན་ཟླའི་གླུ་སྐད་སིངས་སིངས་སིངས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- སྤུན་ན་ཟླ་ལྷན་འཛོམས་བྱུང་ནི་རེད། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽
- གླུ་འདི་འདྲ་ཞིག་གིས་དགོད་ཁ་སློངས། ། ༼འབའ་ལ་ཡང་ལ་མོ་ལ་དབྱངས་ཡེ་ལེན༽