Video Overview
Most Boedra songs are dedicated to great masters or saints, teachers, parents or family. This song, entitled Nangla Jungtse Ruru, is a religious song dedicated the singer's parents. The origin of this song is unknown, but in the lyrics the merchant Dawa Zangmo is mentioned. The song talks about clearing the karmic demerits of her parents and herself by offering gold, silver and conch shells to their master. The lyrics of this song, as performed here, have some variation with those noted in songbooks. Therefore, it seems that different places have adapted lyrics and melodies, while preserving the overall meaning of the song.
སྤྱིར་བཏང་བོད་སྒྲའི་གླུ་གཞས་མང་ཤོས་ཅིག་ར་ བླམ་དང་ཆོསཔ་ འདི་ལས་ཁོང་རའི་ སློབ་དཔོན་ འདི་ལས་ ཕམ་དང་བཟའ་ཚང་ཚུ་ལུ་ བསྟོད་པ་སྦེ་ཕུལ་ཏེ་འོངམ་ཨིནམ་ད་ གླུ་གཞས་ནང་ལ་ཕྱིན་ཚེ་རུ་རུ་ཟེར་མི་འདི་ཡང་ རྩོམ་པ་པོའི་ཕམ་ལུ་ བསྟོད་པ་རྐྱབ་སྟེ་ བརྩམས་བརྩམས་ཅིག་ཨིན་པས། གླུ་གཞས་ཀྱི་འབྱུང་ཁུངས་དང་ ངོ་མ་འདི་ག་གིས་འཐེན་ཡི་ག་ ག་གསལ་སྦེ་བཀོད་བཀོདཔ་མེད་རུང་ ཚིག་ནང་ ཚོང་དཔོན་ཟླ་བ་བཟང་པོ་ཟེར་ ཐོན་ནི་ཡོདཔ་ད་ གླུ་གཞས་འདི་ནང་ མོ་དང་མོ་རའི་ཕམ་གྱི་ ལས་སྒྲིབ་དག་ཐབས་ལུ་ མོ་གིས་ ཁོང་རའི་བླམ་ལུ་ གསེར་དངུལ་དང་ དུང་དཀར་འདི་ཚུ་ ཕུལཝ་ཨིན་ཟེར་མས། ཆུ་ཁ་རྫོང་ཁག་ལས་ ཨམ་ཚེ་རིང་ལྷམོ་གི་འཐེན་མི་ གླུ་གཞས་འདི་དང་ ཀི་དེབ་ནང་ཡོད་པའི་ གླུ་གཞས་གཉིས་ཀྱི་བར་ན་ཁྱད་པར་ ཨ་ཙི་རེ་ཡོད་མི་ལུ་ལྟཝ་ད་ ས་གནས་སོ་སོར་ལུ་ ཚིག་དང་མདངས་ར་ སོ་སོར་སྦེ་ཡོདཔ་འདྲེས་ཟེར་མོནཝ་མས།
- Chukha
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་ལོ་མོ་ལ་རྒས་ཡང་མ་རྒས། །བཅུ་གསུམ་རེད་ལོ་མོ་ལ་གཞོན་ཡང་མ་གཞོན། །བཅུ་གསུམ་རེད་རེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག བཅུ་གསུམ་རེད་རེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་བཅུ་གསུམ་ལ་རྒས་པའི་ལོ་ལས། །ཚོང་ལ་ལེགས་པ་ཨ་ཚོང་དཔོན་ལ་ཟླ་བ་བཟང་པོ། །ཚོང་ལ་ལེགས་པ་ཨ་ཇོ་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ཚོང་ལ་ལེགས་པ་ཨ་ཇོ་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་བཅུ་་་ ནང་ལ་འབྱུང་ཚེ་རུག་རུག་ཕོ་དྲེལ་ལ་སུམ་ཅུ་ཐམ་པ་གཡས་ལས་བཙུགས། །མོ་དྲེལ་ལ་སུམ་ཅུ་་་་་ བཞི་བཅུ་ཐམ་པ་གཡོན་ལས་བཙུགས། །[བཞག་ཞེས་པའི་?]ནང་ལ་འབྱུང་ཚེ་རུག་རུག །གཡོན་ལས་བཙུགས་[བཞག་ཞེས་པའི་?]ནང་ལ་འབྱུང་ཚེ་རུག་རུག །
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་ཕོ་དྲེལ་ལ་སྒ་གཤོག་གཡས་ལས། །གསེར་ཤོག་ཕུལ་འདི་ལ་ཡབ་ཆེན་ཨ་པ། །ལས་སྒྲིབ་སུ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ལས་སྒྲིབ་སུ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ནང་ལ་འབྱུང་ཚེ་རུག་རུག་དག་ལ་མ་དག་སེམས་པ། །འགྱོད་པ་མེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་མོ་དྲེལ་ལ་སྒ་གཤོག་གཡོན་ལས། །དངུལ་ཤོག་ཕུལ་འདི་ལས་ཡུམ་ཆེན་ཨ་མ། །ལས་སྒྲིབ་སུ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ལས་སྒྲིབ་སུ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ནང་ལ་འབྱུང་ཚེ་རུག་རུག་དག་ལ་མ་དག་སེམས་པ། །འགྱོད་པ་མེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །
- ཚེ་རིང་ལྷ་མོ་ Tshering Lhamནང་ལ་འབྱུང་ཚེ་རུག་རུག་དགོན་པ་ལ་སེ་ར་དགོན་པ། །དུང་ཤོག་ཕུལ་འདི་ལས་བུ་ཚུ་རང་གི །ལས་སྒྲིབ་སུ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ལས་སྒྲིབ་དག་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །ནང་ལ་འབྱུང་ཚེ་རུག་རུག་དག་ལ་མ་དག་སེམས་པ། འགྱོད་པ་མེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །འགྱོད་པ་མེད་ཞུ་པའི་ནང་ལ་འབྱུང་ཚེ་རུག་རུག །