Skip to main content Skip to search
05 Feb 2016
17 min 11 sec
Video Overview
Creators: 
Monika Subba, Kuenzang Wangmo

ག་ར་ཇབ་པུ་ཇ་དེ་ཡང་ ལོ་གཅིག་གི་རིམ་གྲོ་སྦེ་འབད་དོ་ཡོདཔ་ཨིན་མས། གསར་སྤང་ དགེ་ལེགས་ཕུག་ ལས་སྐྱིད་ཐང་ལུ་སྦེ་ ལལ་བཱ་དུར་ཇོ་གི་གིས་འབད་ འབདཝ་ཨིནམ་དང་ པུ་ཇ་འབདཝ་ད་ གལ་སྲིད་ཁྱིམ་ནང་གི་མི་ཅིག་མ་ཚང་པ་ཅིན་ མ་ཚང་མི་གི་གོ་ལ་གུ་ཨིན་རུང་འབད་དགོ་དོ་ཡོདཔ་མས། དེ་སྦེ་ཕྱི་ཁ་ལུ་ ནོར་བཏགས་སྦེ་ནོར་གུ་ཡང་ པུ་ཇ་འབད་མི་དེ་ ཧེ་མ་ མ་བཏུབ་དང་མ་བཅའཝ་གི་ལཱ་ངན་པ་འབད་མིའི་ཉེས་པ་ཚུ་དག་སྟེ་ ལས་ཀྱི་རྣམ་སྨིན་འཁོར་མ་བཅུག་པར་ ན་ལས་ཕར་བྱ་བ་ལམ་འགྲོ་ལེགས་ཤོམ་འོང་བཅུག་ ཟེར་འབདཝ་ཨིན་མས། འ་ནི་པུ་ཇ་གི་དོན་ལས་ནོར་འདི་ཡང་ མོ་ནོར་དགོཔ་མ་ཚད་ རང་ལས་མེད་པ་ཅིན་ ཕྱི་ཁ་ལས་ཨིན་རུང་ཉོ་སྦེ་ པུ་ཇ་འབད་ཞིནམ་ལས་ བླམ་འདི་ལུ་ཡོན་འབད་ ཕུལཝ་ཨིན་མས།

Lal Bdr Jogi from Lekithang in Sarpang District performs the Garajab Puja in various households in the community. Garajab Puja is performed to remove the bad deeds that a person has accumulated by harming animals. If the person cannot be present during the ritual, Lal uses his or her clothes to stand for him or her. The most unique cultural aspect found in this puja is that the owner of the household needs to offer the ritualist a cow as payment.