Skip to main content Skip to search
20 Jun 2018
5 min 45 sec
Video Overview
Creators: 
Karma Yezor

Khrung La Yar Yar, an old Zhungdra song from Talo monastery, was sang by Denkar and a friend. The song glorifies the monastery and its founder. It says that the monastery was a residence of Zhabdrung Ngawang Namgyal, enclosed with peace and tranquility. The outer door was carved with gold, and the inner door with silver where the precious master sits on a golden throne, looking after the welfare of all sentient beings. The song is always sung and danced during the Talo annual festival.

སྒྲོལ་དཀར་དང་ཆ་རོགས་ཚུ་གིས་འཐེན་མི་ གཞུང་སྒྲའི་གླུ་གཞས་རྙིངམ་ འཁྲུངས་ལ་ཡ་ཡ་འདི་ རྟ་ལོག་ལས་དར་ཁྱབ་བྱུང་བྱུངམ་ཨིནམ་ད་ གླུ་གཞས་འདི་ནང་ གཙུག་ལག་ཁང་དང་ བཞེངས་གནང་མི་ལུ་ བསྟོད་པ་སྦེ་ཕུལཝ་མས། ད་རུང་ གླུ་གཞས་འདི་ནང་ གཙུག་ལག་ཁང་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ གདན་ས་སྐྱིད་ཏོག་ཏོ་དང་ དགའ་ཏོག་ཏོ་ཅིག་ཨིནམ་སྦེ་ འགྲེལ་བཤད་རྐྱབ་ཨིནམ་ད་ ལྷ་ཁང་གི་ནང་ན་ གསེར་གྱི་ཁྲི་གུ་ བླམ་རིན་པོ་ཆེ་བཞུགས་ཏེ་ སེམས་ཅན་ཐམས་ཅད་ཀྱི་དོན་མཛད་གནང་བསྒང་ཡོད་མིའི་ ལྷ་ཁང་གི་ཕྱིའི་སྒོ་འདི་གསེར་གྱི་པ་ཏྲ་བརྐོ་ཁོག་ཁོ་དང་ ནང་གི་སྒོ་འདི་དངུལ་གྱི་སྒོ་ཨིན་མས། གླུ་གཞས་འདི་ སྤུན་ན་ཁ་རྫོང་ཁག་ རྟ་ལོག་གི་ཚེས་བཅུའི་སྐབས་སུ་ རྐྱབ་སྲོལ་དང་འཐེན་སྲོལ་འདུག། 

Transcript search
No results found for this search
0 of 0
  • སྒྲོལ་དཀར་དང་ཆ་རོགས་
    འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    དགོནམ་རྟ་ལོག་དཔལ་གྱི་དགོན་མ་(པ་)ལུ། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ཞབས་རིམ་འབྱོན་རྣམས་ཀྱི་གདན་ས་ཨིན། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ན་གདན་ས་འདི་ལ་ཕྱག་འཆལ་ལོ། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    གཡུས་དུས་རྣམ་དགའ་བ་རྟ་ལོག་གཡུས། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ཕྱི་ཆགས་ཐངས་ལེགས་པ་གསང་གླིང་རྫོང་། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ཕྱི་སྒོ་ར་སྒོ་འདི་གསེར་སྒོ་ལོ(གསེར་གྱི་སྒོ)། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    སྒོ་གསེར་སྒོ་ཕྱེ་བའི་ནང་ཤེད་ན། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ནང་གཟིམ་ཅུང་སྒོ་འདི་དངུལ་སྒོ་ལོ(དངུལ་གྱི་སྒོ)། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    སྒོ་གསེར་སྒོ་ཕྱེ་བའི་ནང་ཤེད་ན། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ཁྲི་གསེར་ཁྲི་ཁྲི་གི་སྟེང་ལུ་ལོ། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་བཞུགས། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ། །
  • སྒྲོལ་དཀར་དང་ཆ་རོགས་
    ཞབས་རིན་པོ་ཆེ་ལ་ཕྱག་འཆལ་ལོ། །འཁྲུངས་ལ་ཡ་ཡ། །འཁྲུངས་ལ་ཡ་ཡ།། །།