Video Overview
Sempa from Richanglu village in Martshala gewog, Samdrup Jongkhar district sings an old boedra song. He said that the song has been performed in their village for a very long time. He did not remember who had composed it, and said he learned it from an elder villager. He said this song was sung during the annual household festival or other such occasions. The song can be sung as well as danced, by either an individual or a group.
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེག་འོག་ རི་ཆངས་ལུ་གཡུས་ཚན་ནང་ལས་ སེམས་པ་གི་ བོད་སྒྲའི་གླུ་གཞས་འཐེནམ་ཨིན་མས། ཁོ་གི་སླབ་མི་ནང་ གླུ་གཞས་འདི་ དུས་ཧེ་མ་ལས་རང་ ཁོང་གི་གཡུས་སྒོ་ནང་ལུ་འཐེན་ནི་ཡོད་ཟེར་ཨིན་མས། ཁོ་གི་ གླུ་གཞས་རྩམ་མི་འདི་ དཔྱད་རིས་མ་བཏངམ་ཨིན་རུང་ གླུ་གཞས་འདི་ གཡུས་ཁའི་མི་རྒན་ཤོས་ཚུ་ལས་ལྷབ་ཅིག་ཟེར་ཨིན་མས། ཁོ་གིས་སླབ་མི་ནང་ གླུ་གཞས་འདི་ རང་སོའི་ཁྱིམ་གྱི་ ལོ་ལྟར་ ལོ་མཆོད་དང་ ལས་རིམ་གཞན་གྱི་སྐབས་ལུ་འཐེནམ་ཨིན་ཟེར་ཨིན་མས། གླུ་གཞས་འདི་ ཁ་ལས་འཐེན་ནི་དང་ ལེའུ་འགྱུར་ནི་གཉིས་ཆ་རང་བཏུབ་མ་ཚད་ རང་རྐྱངམ་ཅིག་དང་ ཡང་ན་ སྡེ་ཚན་འབད་ཡང་རྐྱབ་བཏུབ་པའི་གླུ་གཞས་ཅིག་ཨིན་ཟེར་བཤདཔ་ཨིན་མས།
- སེམས་དཔའ་ལ་མོ་སྒོ་ཁ་ལ་མོ་ཡ་ལ་ཡོད་ལ། ། བཏབ་པའི་ནི་སྨིན་དྲུག་འཁྲུངས་སོང་ཡ་ལ། ། བཏབ་པའི་ནི་སྨིན་དྲུག་འཁྲུངས་སོང་ཡ་ལ། །
- སེམས་དཔའ་ཆང་དང་ཆུ་གི་སྒོ་ན་ཡ་ལ་ཡོད་ལ། ། པོ་ཏ་ནི་ལ་ལ་ཕྲད་ཡོང་ཡ་ལ། ། པོ་ཏ་ནི་ལ་ལ་ཕྲད་ཡོང་ཡ་ལ། །
- སེམས་དཔའ་ཞིབ་རྡོ་ཟམ་པའི་འོག་ལ་ཡ་ལ་ཡོད་ལ། ། ཉ་མོ་ནི་སྤང་ཐང་ཤིབ་ཤིབ་ཡ་ལ། ། ཉ་མོ་ནི་སྤང་ཐང་ཤིབ་ཤིབ་ཡ་ལ། །
- སེམས་དཔའ་ཉ་མོ་ཉིན་གསུམ་མ་བཏང་ཡ་ལ་ཡོད་ལ། ། ཐར་པའི་ནི་ལམ་ལ་དྲང་དོ་ཡ་ལ། ། ཐར་པའི་ནི་ལམ་ལ་དྲང་དོ་ཡ་ལ། །
- སེམས་དཔའ་བྱ་མོ་འཁྲུངས་འཁྲུངས་དཀར་མོ་ཡ་ལ་ཡོད་ལ། ། ཤོག་པོ་ནི་མཐོ་བ་ཙམ་ལས་ཡ་ལ། ། ཤོག་པོ་ནི་མཐོ་བ་ཙམ་ལས་ཡ་ལ། །
- སེམས་དཔའ་ཕར་རི་རྒྱང་ཐངས་མི་འགྲོ་ཡ་ལ་ཡོད་ལ། ། ལོ་གསུམ་ནི་སྡོད་ནས་ལོག་ཡོང་ཡ་ལ། ། ལོ་གསུམ་ནི་སྡོད་ནས་ལོག་ཡོང་ཡ་ལ། །
- སེམས་དཔའ་ཕར་ ཞག་ནི་མང་པོ་མི་སྡོད་ཡ་ལ་ཡོད་ལ། ། ལུས་མཐའ་ནི་བསྐོར་ནི་ལོག་ཡོང་ཡ་ལ། ། ལུས་མཐའ་ནི་བསྐོར་ནི་ལོག་ཡོང་ཡ་ལ། །
- སེམས་དཔའ་ཞབས་ཁྲ་མང་པོ་མི་ཤེས་ཡ་ལ་ཡོད་ལ། ། ཞབས་ཁྲ་ནི་ཨ་ཙི་ཤེས་ཡོང་ཡ་ལ། ། ཞབས་ཁྲ་ནི་ཨ་ཙི་ཤེས་ཡོང་ཡ་ལ། །