Video Overview
Several women danced with one man leading them and playing the dramnyen. This song is performed on festive occasions such as New Year's day and birthdays.
- Tsang
- 4a ༄༎དགའ་ལྡན་གནས་མཆོག།
- དགའ་ལྡན་གནས་རུ་༼སུ་༽བཞུགས་པའི༎
- ཆུང་འདྲིས་ཐོ་རེངས་སྐར་ཆེན༎
- ཞག་གསུམ་ཨ་ཅེའི་ལའ། མདོ་རུ་མེ་ཏོག་འཁྲུངས་ནིས་༼པས་༽༎
- ངོས་འཛིན་བཞེས་ལ་སྤྱན་ཕེབས༎
- ཞག་གསུམ་ཨ་ཅེའི་ལཱ། མདོ་རུ་མེ་ཏོག་འཁྲུངས་ནིས་༼པས་༽༎
- ངོས་འཛིང་གནང་ལ་སྤྱན་ཕེབས༎
- ལྷ་ཁང་སེར་པོའི་དཀོན་གཉེར༎
- ང་ལས་ཁྱོད་རང་རྒྱས་ཝེ་༼པ༽།
- ཞག་གསུམ་ཨ་ཅེའི་ལཱ། མཆོད་པའི་མཆོད་རྫས་འཁྱེར་ན༎
- གང་དགོས་བཞེས་ལ་སྤྱན་ཕེབས༎
- ཞག་གསུམ་ཨ་ཅེའི་ལཱ། མཆོད་པའི་མཆོད་རྫས་འཁྱེར་ན༎
- གང་དགོས་བཞེས་ལ་སྤྱན་ཕེབས༎
- ཁ་དེ་སྐོམ་རང་དྲགས་ནས༎
- ཆུ་ལ་ཧུབ་གང་བཏུངས་ཡོད༎
- ཞག་གསུམ་ཨ་ཅེའི་ལཱ། ཁོག་ལ་ཉ་ཆུང་ཚང་ནས༎
- གཟུགས་གཞི་བདེ་པོ་མི་འདུག།
- ཞག་གསུམ་ཨ་ཅེའི་ལཱ། ཁོག་ལ་ཉ་ཆུང་ཚང་ནས༎
- གཟུགས་གཞི་བདེ་པོ་མི་འདུག།
- ཕར་ལ་གྲུ་གཅིག་བཏང་ནས༎
- གངས་ལའི་རྩེ་ནས་བརྒྱབ་སོང༎
- ཞག་གསུམ་ཨ་ཅེའི་ལཱ། ངོ་ཚ་མེད་པའི་ཆུང་འདྲིས༎
- ང་ལ་ཕྱི་མིག་མི་བལྟ༎
- ཞག་གསུམ་ཨ་ཅེའི་ལཱ། ངོ་ཚ་མེད་པའི་ཆུང་འདྲིས།
- ང་ལ་ཕྱི་མིག་མི་བལྟ༎
- བཀྲ་ནི་བཀྲ་ཡང་ཤིས་སོང་༎
- དོན་ནི་དོན་ཡང་གྲུབ་སོང་༎
- ཞག་གསུམ་ཨ་ཅེའི་ལཱ། བཀྲ་ཤིས་དོན་གྲུབ་གཉིས་ལ༎
- འགྱུར་བ་ཡོང་ས་མི་འདུག།
- ཞག་གསུམ་ཨ་ཅེའི་ལཱ། བཀྲ་ཤིས་དོན་གྲུབ་གཉིས་ལ༎
- འགྱུར་བ་ཡོང་ས་མི་འདུག། ༎