Skip to main content Skip to search
21 Dec 2015
3 min 19 sec
Rating
0
No votes yet
Video Overview
Creators: 
Unknown

In this video two older gentlemen are discussing the games they used to play in Lhasa when they were kids. They talk about ice skating, flying kites, playing ball, and about how today there are so many good games compared to when they grew up.

Show More

  • འོ་ཙི་་་ཚེ་རྡོར་ལགས། ང་ཚོ་ཆུང་ཆུང་སྐབས་དུས་སྒང་ནས་ཚེ་རྡོར་ལགས་འཚུབ་པོ་ཞེ་པོ་ཅིག་ཡོད་ད།
    Gosh, Tsedor, when we were little, Tsedor (you) were very naughty.
  • འོང་་་་དེ་དུས་ང་སློབ་གྲྭའི་ནང་ལོགས་ནས་ང་འཚུབ་པའི་གྲས་ཀ་རེད་ད་
    Right. Back then I was one of the naughtiest kids at the school.
  • རེད་པ་་་
    That is right.
  • ང་ཡ་འོང་ད་ཁོ་སྐུ་འབུམ་ཐང་ཀ་༿ལྷ་སའི་ས་ཁུལ་༾ཁོ་ད་འཚུབ་པོ་རྒྱའུ་༿ཞེ་དྲག་༾ཅིག་ཡོད་རེད་ཟེར་གྱི་རེད། ཁོ་
    Yes, I was. And the guy in Ku Bum Thang Ka was very naughty.
  • ཞུས་ཙང་།
    That is right.
  • ད་དུང་ལྷག་པར་དུ་ང་རང་ཚོ་དགུན་ཁ་་་་་་་
    Still especially in winter, we......
  • འོང་རེད།
    That is right.
  • འཁྱགས་ཤུར་གློད་ཀར་འགྲོ་དུས་ཙམ་པ་
    When (we) go ice-skating,
  • འོང་རེད།
    Right.
  • འོ་ད། ཡར་པ་ལ་ཡ།་་་་འཁྱགས་པ་སྒང་ལ་ཡ་ཛོབ་ཤོབ་ཅིག་ཐེབས། ཛོབ་ཤོབ་ཐེབས།
    And then......fell into the ice with the cracking sound (zob).
  • དུག་སློག་དང་་་་་་
    Clothes and......
  • ཧམ་གོག་༿ལྷམ་༾འགང་ག་༿ཚང་མ་༾རློན་པ་བཟོས།
    (it) would make shoes and everything wet.
  • ད་གར་ལམ་སང་ཁོ་ར་༿ཁོ་རང་༾སླབ་གྲྭར་༿སློབ་གྲྭར་༾མར་ཡོང་དུས་ཙམ་པ་་་་་་
    instantly when (we) returned down to the school in that way.......
  • རྒན་ལགས་ཀྱིས་མ་མཁྱེན་ནའི་༿ན་ཡང་༾རྒན་བདག་གིས་མཁྱེན་བྱས། ཡང་རྦད་དེ་ཁ་ལ་ཉེས་དག་དྲག་མ་གཟེད་དགོས་རེད་པཱ།  རེད་རེད།
    Even if the teacher did not notice (it), the captain would notice ............Again, completely....(We) had to receive a satisfying sound punishment, right? That is right.
  • སྨྱུག་ལྕག་ཅི་དག་ཞེ་དྲག་གཟེད་གནང་ཡོད་རེད་ད།
    Right, (you) have received a lot of bamboo whack.
  • འུ་་་སྨྱུག་ལྕག་གཟེད་བྱས་འགྲམ་པའི་དེ་བར་ལ་རྨ་ཡའི་༿ཡང་༾བཟོ་གྲབས་བྱས་པ་རེད་ད་ལགས།
    Yeah. Because of getting bamboo whack, (I) almost had a bruise around the cheek also.
  • པུ་གུའི་༿ཕྲུ་གུའི་༾སྒང་ལ་དངོས་གནས་རྩེ་མོ་རྩེ་ས་ཞེ་དྲག་ཡོད་མ་རེད།་་་་རེད་པ་ལགས་
    During the childhood, there were not that many places for games, right?
  • རྩེ་མོ་རྩེ་ཡག་༿ཡས་༾ཞེ་དྲག་ཟེ་གའི་༿གང་ཡང་༾ཡོད་མ་རེད་ལགས།
    Right, there were not that many games to play.
  • དགུན་ཁ་བྱས་་་
    That was winter.....
  • དབྱར་ཀ་སླེབས་སོང་ན་ང་ཚོ་ཆུ་བརྒལ་གག་འགྲོ་ག་བྱེད་ཀྱི་རེད།
    When the summer came we would go swimming.
  • དབྱར་ཁ་སླེབས་སོང་ན་ཡང་ཆུ་བརྒལ་ཡག་༿ཡས་༾སྐྱིད་པོ་ཞེ་པོ་ཡོད་རེད
    When the summere came (we would have) a very pleasant swimming to do.
  • འོང་ཁའི་དཀྱིལ་ལ་འགྲོ་དགོས་རེད་པ།
    We had to go to the middle of the field, right?
  • ཡང་འོང་ཁའི་དཀྱིལ་ལ་ཕྱིན། 
    Again, we would go to the midst of the field.
  • ཡང་ཡར་པ་ལ་ཡར་༿ཡ་གིར་༾གང་བུ་སྨིན་སོང་ན།་ ཡང་འོང་སྲུང་བས་མིག་མ་མཐོང་པ་བྱས། ཡང་གང་བུ་རྐུ་མ་བརྐུས།་
    And then, there if (pea pod) was ripe, then, (we would) steal the (pie pod) without being seen by the overseer of the field.
  • ཡང་འཁྱེར།་་་་
    And then take it.
  • ཡང་ད་གར་འོང་སྲུང་བས་ཅིག་དེད་ཡོང་དུས་ཙམ་པ་་་་་། དུག་སློག་ཅི་དག་མཆན་ཁུང་འོག་ལ་བཅུག
    And when the overseer chases (us) like that we even tucked the clothes underneath our underarm
  • དམར་ཧྲང་ང་བོས་༿བྲོས་༾འགྲོ་དགོས་རེད་པ་
    and run in naked, right?
  • དམར་ཧྲང་ང་བོས་༿བྲོས་༾འགྲོ་དགོས་རེད་པ།
    When we ran in naked......
  • རེད་རེད་རེད།ཨཾཾཾ
    Right, right, right.
  • དེ་མིན་པའི་ད་ང་ཚོར་རྩེད་མོ་རྩེ་ཡག་༿ཡས་༾ཞེ་དྲག་ཟེ་གའི་༿གང་ཡང་༾
    Othre than that we (we did not have......) that many games to play.
  • ཡིན་ནའི་ང་ཚོ་་་་སྟོན་ཀ་སླེབས་དུས་ཡང་བྱ་འཕིར་བཏང་ཀར་བྱེད་ཀྱི་རེད་་
    However we....When the fall came, (we) would fly kite.
  • ཧ།་་་་་སྟོན་ཀ་སླེབས་དུས་ད་ཡང་དཔེ་་་་དེ་སྐྱིད་པོ་ཞེ་པོ་ཅིག་ཡོད་རེད་རེད་པ་་་ཁྱོན་ནས་་་
    Ha ( excitement expression), when the fall comes, again..that is a lot of fun. That is a lot of fun, right?
  • དཔེ་ནག་པོ་བསགས་ཚར་པ་རེད་་
    A darn good one. ?????????????
  • ་ལྷགས་པ་བསིལ་བསིལ་འདྲ་ཅིག་རྒྱབ་
    Cool breeze blows by.
  • ཨ་ལའི་སྔན་༿སྔོན་༾ལ་རྦད་དེ་ཁོ་ར་༿ཁོ་རང་༾སྐུད་པ་ར་༿འདྲ་དེ་ཚོ་ཅིག་ཉོས༎
    First (we) would buy those strings.
  • རེད།
    Right.
  • འདིར་ཡང་།
    Here also............
  • བརྣག་བཏང་ག་བྱེད། འོང་རེད།
    (We) send out the string. ???????????????
  • བརྣག་ར་༿འདྲ་༾དེ་ཅིག་བཏང་ག་བྱེད།་
    (We) send out the sort of string ?????????????
  • བྱ་འཕིར་གྱི་འཁོར་ལོ་འདི་འདྲས་ར་ཅིག་༿འདྲ་ཅིག༾བྱས།་་་་
    The wheel for the kite is something like this. ????????????
  • ཨ་ནི་་་འདི་འདྲས་ཅིག་ལ་བྱ་འཕིར་ར་༿འདྲ་༾དེ་ཅིག་གློད་བཞག་དུས་ཙམ་པར་་་་་
    Around that time, when you let the kite go ??????????????????
  • གནམ་དགུང་ཡར་པ་ལ་གློད་བཞག་ཡོད་དུས་་་་་
    up in the sky
  • ཀྱས་་་དཀར་ཁྲ་གཞུག་སྦྱར་ནག་པོ། རྐུབ་མ་འཚིག་ན་སྐུད་པ་གློད་ཟེར་གག་བྱེད།
    We say, 'Hey, the white kite with the black tail, if you are not afraid (if your ass is not burnt) let the string go.' ????????????????????
  • ད་གར་འཛིངས་རྒྱབ་དུས་ཙམ་པར་་་་་་
    there when the strings get tangled
  • འོང་རེད་རེད་
    Yes, exactly.
  • ཀྱས་་་་བཏང་ངར་ཡོད་ད་་་་་ཡོད་ད་ཟེར།
    (When the strings get tangled), (we) say, 'hey, I send this out, I send this out'. ????????????????
  • ་་་་་་་་་་་་ཟེར་དུས་ཙམ་པར་སྐྱིད་པོ་ཞེ་པོ་ཅིག་ཡོད་རེད་པ་་་
    and it was very pleasant (when you say that).
  • རེད།
    Right.
  • ད་ཨ་ལའི་དེ་བཏང་ཤུལ་རིང་ཀར་སྐྱིད་པོ་་་རེད་དེ་་་་་་་
    It is fun while (you) are flying a kite....but
  • རེད་་་།
    Right.
  • རྦད་དེ་གནམ་དགུང་ལ་ཡ་ཁ་གདངས་མིག་བལྟས་བསྡད་དུས་ཙམ་ནས་
    Because of staring at the sky above with mouth open,
  • དེ་དུས་མིག་ལའི་སྐྱོན་བྱེད་ཉན་༿མཁན་༾བཟོ་ར་ཅིག་་་་་་
    later even the eyes....
  • རེད།་་་་ད་དུང་དེ་བར་ལ་ཡ་ལག་པར་ཅི་དག་རྨ་བཟོ་མྱོང་།
    Right.....(We) even had bruises over here on the hand.
  • འཁོར་ལོ་ལག་པར་ཟིན་བསྡད་པ་རེད་པ་་་འདུག་ཟེ་
    (We were) holding the wheel this way...like this..
  • འོང་ལག་པར་ཅི་དག་རྨ་ད་་་་རྨ་དྲག་མ་བཟོ་གི་རེད་ཁྱོན་ནས།
    Even the hands (had) sound bruises.
  • འོང་འདི་འདྲས་རེ་ཅིག་མ་གཏོགས་ཀྱི་གཞན་་་
    Except for ths kind of thing,
  • དེང་སང་ར་པོ་༿འདྲ་པོ་༾བྱས་བྱས་ཞེ་པོ་དེ་འདྲས་གའི་ཡོད་མ་རེད།
    we did not have any other things like (they have ) these days.
  • རེད་་་དེ་དུས་པུ་གུར་༿ཕྲུ་གུར་༾རྩེ་མོ་རྩེ་ས་ཡོད་མ་རེད་པ་་་་་་
    Right. Back then there was not any place to play for the kids.
  • སྐབས་དེ་དུས་ང་རང་ཚོ་པུ་གུ་ཅིག་་་་་བུ་མོས་ཐག་མཆོངས་རྒྱབ་ཡག་༿ཡས་༾ར་པོ་༿འདྲ་པོ་༾དེ་འདྲས་དང་་་་་་
    During that time, we kids had games like jump rope played by the girls and
  • ཐེ་བེ་རྒྱག་ཡག་༿ཡས་༾ར་པོ་༿འདྲ་པོ་༾་་་་ཐེ་བེ་རྒྱག་ཡག་༿ཡས་༾རེད་པོ་དེ་འདྲས་ད་་་་
    And hacky sack game.... playing the game such as hacky sack and...
  • ཨ་ནི་་་ང་ཚོ་པོ་ལོ་རྒྱག་གར་བྱེད་དགོས་རེད་པ་
    And then, we had to play ball.
  • ང་ཚོ་པོ་ལོ་རྒྱག་ཡག་དང་་་
    We had ball (to play) and
  • ཡང་ཨ་ཅུག་རྒྱག་ཡག་ཡོད་རེད་ད་་
    also ajub (shin bone game) to play. ????????????????
  • ཨ་ཅུག་རྒྱབ་ཀྱི་རེད་པ། འོང་རེད།
    We played ajub (shin bone game), right? ???????????????????
  • ཨ་ཅུག་སྐྱིད་པོ་ཞེ་པོ་ཅིག་རྒྱབ་ཡག་ཡོད་རེད་ད་་་
    We had a very pleasant ajub (shine bone game) to play. ?????????????
  • རེད རྩེ་མོ་རྩེ་ས་ཡག་པོ་རེད་ད།
    Right, it was a good place for game.
  • རྩེ་མོ་རྩེ་ས་ཡག་པོ་ཞེ་དྲག་རེད།
    It wasa very good place for game. And now.....
  • རེད་པ། ད་སྣ་ཀ་འཛོམས་པོ་ཟེ་མ་རེད། མ་རེད་པ་ལ་།
    There were not any varieties, right?
  • ད་རེད་དེ་ལའི་ཡང་་་
    Even though it was the case,
  • དེང་སང་རྦད་དེ་པུ་གུ་༿ཕྲུ་གུ་༾དེ་ཚོ་ད་དངོས་གནས་དྲང་གནས་རྩེ་མོ་རྩེ་ཡག་༿ཡས་༾དང་
    these days now the kids really have good games to play and
  • དེ་ཚོ་ད་གང་མ་ཚད་ཀྱི་ཡག་པོ་རེད་ད་ཅིག་་་་
    those are all extremely good.
  • འཕྲུལ་འཁོར་ཁོ་ར་༿ཁོ་རང་༾བྱས། གློག་གི་དེ་འདྲས་བྱས་བྱས་ཡག་པོ་ཞེ་པོ་ཅིག་འདུག་དེ་ལའི་་་་རེད་ལ་་་་་
    They are all machines and .... such as electronics etc. (which) are good.Even though (they are all) extremely good, That is right.
  • ད་ཡིན་ནའི་ང་རང་ཚོ་རྩེ་མོ་རྩེ་ཡག་༿ཡས་༾དེ་དང་མ་འདྲ་བས་ཡང་དེ་ཉེན་ཁ་ཆེ་མདོག་ཁ་པོ་ར་༿འདྲ་༾ཅིག་མཐོང་གི་འདུག་ག
    unlike our games, they appear to be quite dangerous also.
  • རེད། ཉེན་ཁ་ཏོག་ཙམ་ཡོད་རེད་པ་་་་མོ་ཏྲ་༿རླངས་འཁོར་༾བཏང་ཡག་༿ཡས་༾དང་། ད་ག་ནང་བཞིན་རྐང་འཁོར་བཞོན་ཡག་དང་་་་འབག་འབག་བཞོག་ཡག་ 
    Right. Driving a car, similarly riding a bike and motorbike are quite dangerous, right?
  • དེ་ཚོ་ཉེན་ཁའི་ཏིག་ཙ་༿ཏོག་ཙམ་༾རེད་པ།
    They are bit dangerous also, right? ?????????????????????????
  • ཉེན་ཁ་ཞེ་པོ་ཡོད་རེད་པ་་་་
    There is a big danger, right?
  • ད་ང་ཚོས་འདི་བྱེད་དུས་ཙམ་པ་མང་པོ་དང་དེ་འདྲས་ཟེ་ད་གའི་༿གང་ཡང་༾ཡོད་མ་རེད་དེ་ལས་ཡང་ཉེན་ཁ་ཟེ་གའི་༿གང་ཡང་༾ཡོད་མ་རེད།
    Considering our situations, even though we did not have a lot and so on, there was not that much danger either.
  • ཉེན་ཁ་ཟེ་གའི་༿གང་ཡང་༾ཡོད་མ་རེད་
    There was not that much danger also.
  • གློད་བཞག་ན་འགྲོ་རྒྱུ་རེད་་་་་་་་་་་
    If you let (it) go (it) would go.
  • གའི་གའི་༿གང་ཡང་༾ཡོད་མ་རེད་
    No problem at all. ???????????????
  • གློད་བཞག་ན་ད་ག་པར་འགྲོ་ནའི་ལས་སོ་སོ་འགྲོ་རྒྱུ་རེད་པ་
    If (you) let (it) go, (it) would go wherever (it) had to.
  • རེད་རེད་རེད་
    Right, right, right.
  • འོང་ད་ཆུང་དུས་ང་རང་ཚོ་འཚོ་བ་ཨ་འདྲས་༿འདི་འདྲས་༾ར་ཅིག་༿འདྲ་ཅིག་༾བསྐྱལ་པ་རེད་པ་
    Ok, this is how we spent our life when we were little, right?
  • རེད་རེད་་་་
    Right, right.
  • རེད་ད་འོང་  ཡ་ད་་་ཨ་ལས་ཆབ་ཅིག་མཆོད་དང་
    That is right. Ok, now please have a drink.
  • ཧ་་་་ད་དུས་ཚོད་ཟེར་ཡག་དེ་མགྱོགས་པོ་དེ་འདྲས་འགྲོ་གི་ཡོད་རེད་ད་་་་
    Huh! Now this so-called time passes that fast. Indeed.
  • མིག་ཡུག་ཙམ་ཅིག་ལ་ཕྱིན་སོང་ང།
    (It) went like a moment.
  • ཕྱིན་སོང་ལ་
    Yes, it did.
  • མིའི་མི་ཚེ་ཟེར་ཡག་༿ཡས་༾འདི་ཞི་མིའི་ཨ་སྟོང་རེད་ཟེར་དངོས་གནས་རེད་འདུག་ག་
    The saying that this so-called human's life span is (like) the yawn of a cat is absolutely true.
  • ད་ཡིན་ཐག་ཆོད་ཁོ་རང་རེད་ཤག