Video Overview
Gai' is a mother cow and considered as a sacred animal. During the Gai Tihar festival, Hindus worship the cow and apply tika to a cow's forehead as well as hang a flower garland around her neck. The cow signifies prosperity and wealth. The cow is revered as a mother and is sacred for the Hindus. During the Diwali festival with spectacular lighting, the women of Lhotsham in southern Bhutan sing a song called "Bhailoni". A group of women get together and sing Bhailoni door-to-door, blessing the house and family in return for money and refreshments.
༉ ཧིན་དྷུའི་ལུགས་ལས་ དཱི་ཝ་ལིའི་ལོ་གསར་བརྩི་སྲུང་འབད་བའི་སྐབས་ལུ་ གོ་རུ་ཏཱི་ཧར་ཟེར་འབད་སྲོལ་ཡོད་དོ་བཟུམ་སྦེ་ར་ གའི་ཏཱི་ཧར་ཟེར་འབད་སྲོལ་ཡོདཔ་ད་ དེ་སྐབས་བ་ལུ་མེ་ཏོག་བཏགས་ ཀྲི་ཀ་སྦྱར་ ལྷ་ལུ་གསོལཝ་བཏབ་སྦེ་འབད་སྲོལ་འདུག དེ་སྦེ་འབད་དགོ་མི་དེ་ཡང་ ལོ་གཅིག་གི་རིང་ ཨོཾ་བཞོ་འཐུང་པ་གིས་མ་ཚད་ རྟས་ཐག་གིས་དྲངས་ མ་བཏུབ་པའི་ལཱ་ལེ་ཤ་འབད་འབདཝ་གི་བཤགས་པ་བཟུམ་ཅིག་སྦེ་འབད་དོ་ཡོདཔ་ད་ དཱི་ཝ་ལི་ལོ་གསར་གྱི་སྐབས་ལུ་ ཕོ་རྒྱ་ཚུ་གིས་དྭཝ་ཤྭ་རིའི་ཞབས་ཁྲ་རྐྱབ་སྲོལ་ཡོད་དོ་བཟུམ་སྦེ་ ཨམ་སྲུ་ཚུ་གིས་ཡང་ བའི་ལོ་ནི་ཞབས་ཁྲ་རྐྱབ་སྟེ་སྒོ་བཤལ་རྐྱབ་སྦེ་འགྱོ་སྲོལ་ཡོདཔ་ཨིན་མས།
- Tsirang
- ད་རེས་ ང་བཅས་ གནམ་ལོ་ ༢༠༡༤ གི་ དཱི་བ་ལི་བརྩི་སྲུང་ཞུ་དོ། ད་རེས་འདི་ དཱི་བ་ལི་ བརྩི་ནིའི་ གྲ་སྒྲིག་འབད་དོ། དཱི་བ་ལི་འདི་ ཉིནམ་ ༥ སྦེ་ བརྩི་ནི་ཡོད། འདི་ཡང་ ཨོལ་ཏི་ཨར་བ་ཏི་ཨར་ འདི་ལས་ གླང་ཏི་ཨར་དང་བའི་༼ཀྲི་ཀ༽། ང་བཅས་ཀྱི་ བ་གུ་ མེ་ཏོག་ བཏག་ནིའི་དོན་ལུ་ གྲ་སྒྲིག་འབད་ད། ནཱ་གིས་གཟིགས་ཚུགས། འདི་ ང་བཅས་རང་ ཕམ་གྱི་སྐབས་ལས་རང་ འབད་དེ་འོང་འོངམ་ཨིན།Kota Rai:/ཀོ་ཏཱ་རཱའི།:
- དོན་དག་འདི་ ང་བཅས་ཀྱིས་ བ་གི་ཨོམ་མཐུང་ འདི་ལས་ བ་ལུ་ དྲང་དྲངམ་གྱི་ སྡིག་པ་ཚུ་ བཤགས་པ་ ཕུལ་ནིའི་དོན་ལུ་ཨིན། མ་གཞི་འདི་ ང་བཅས་རའི་ ལམ་སྲོལ་ཅིག་ཨིན།Kota Rai:/ཀོ་ཏཱ་རཱའི།:
- འགྱོ་པ་སོང་། གཡས་སྦེ་རུང་ གཡོན་སྦེ་རུང་ ཆུ་དང་ཅིག་ཁར་ བསྐོར་ར་ཚར་གསུམ་རྐྱབ་སྦེ་ ཆུ་བླུགKota Rai:/ཀོ་ཏཱ་རའི།:
- དྲོ་པ་ ང་བཅས་ཀྱིས་ བ་ལུ་ གུས་བཏུད་ ཞུ་ནིའི་དོན་ལས་ ནོར་ལྷ་ལུ་ གུས་བཏུད་ཞུཝ་ཨིན། འདི་ཡང་ ལོ་གསརཔ་འདི་ལས་ ནད་མུ་གེ་ཚུ་ཞི་སྟེ རྒྱུ་ནོར་དང་ ལྡན་བཅུག་ཟེར་བའི་ སྨོན་ལམ་བཏབ་སྦེ་ ནོར་ལྷ་གི་ སྐུ་པར་གུ་༼ཀྲི་ཀ༽སྦྱརཝ་ཨིན། འདི་ལས་ ང་བཅས་ཨམ་སྲུ་ཚུ་༼བཱ་འི་ལོ༽འཐེན་འགྱོཝ་ཨིན།Kota Rai:/ཀོ་ཏཱ་རའི།: