Video Overview
Kato Kyi from Sonak village in Tsekhok tells the story of a fool's impossible plans for the future.
བརྙན་འདིར་སྐྱེས་པ་ཞིག་གི་མངོན་འགྱུར་བྱེད་ཐབས་བྲལ་བའི་མ་འོངས་པའི་འཆར་གཞི་ལ་ཟུར་ཟ་དང་འཕྱ་སྨོད་བྱས་ཡོད།
བརྙན་འདིར་ཁྱིམ་ཚང་དབུལ་པོ་ཞིག་ཡོད་པ་དང་རེ་ཞིག་སྐྱེས་པས་ཆུང་མ་ལ། ངས་ཨ་ཁུ་རྒྱལ་བོ་ཚང་གི་ལུག་འདེད་སའི་ལམ་ཁ་རུ་ཚེར་མ་བཙུག་ནས། ཚེར་མའི་སྟེང་དུ་གསོག་པའི་བལ་གྱིས་བོང་བུ་ཞིག་ཉོ་རྒྱུ་ཡིན་ཟེར། ཆུང་མས་ཁྱོས་བོང་བུ་ཉོས་རྗེས་ང་རང་དེ་ཞོན་དེ་ཕ་ཡུལ་འགྲོ་རྒྱུ་ཟེར་བས། སྐྱེས་པས་ཁྱོས་ངའི་བོང་བུ་གསོད་རྒྱུ་རེད་ཟེར་ནས་གཅེར་རྡུང་བྱས་ནས་ཆུང་མ་གསད། འདིས་སྐྱེས་པ་དེས་གླེན་རྟགས་ཀྱི་སྤྱོད་པ་ལ་ཟུར་ཟུ་བྱས་ཡོད་ལ། ད་ལྟའང་འཚོ་བའི་ཁྲོད་ཀྱི་ལས་ལ་མི་བརྩོན་ཞིང་སྟོང་འདང་ཁོ་ནར་དགའ་བའི་མི་ལ་འདི་འདྲའི་གཏམ་རྒྱུད་ལ་བཏཻན་ནས་འཕྱ་སྨོད་དང་ཟུར་ཟ་བྱེད་པ་ཡིན།
本段视频讲述了一个愚人的未来计划,即可笑又的一段小故事,常用来来醒悟那些麻木不仁,好吃懒做,任凭空想的人。
这段视频讲了一位愚蠢的丈夫的行为。他自以为想到了个妙计,想象着荆棘上的羊毛卖了再买一头驴并把想法告诉了妻子,妻子说等你买了驴我要骑着它去看看娘家。丈夫一怒火把妻子给打死,理由是会把我的驴给累死的。就凭着空想把妻子给杀了,这是有多苯。现在在日常生活中经常用类似以这样的故事来醒悟那些麻木不仁,好吃懒做,任凭空想的人。
- གླེན་པ་བཟའ་བ་གཉིས་ཡོད།
- དེ་ནས་སྐྱེས་པ་དེ་ཡིས།
- ཁྱིམ་མཚེས་ན་རྒྱལ་བོ་ཞིག་ཡོད་པ་རེད།
- ཨ་ཁུ་རྒྱལ་བོ་ཚང་གི་ལུག་གི་ལམ་གན་ན་སང་ཉིན་ངས་ཚེར་མ་འཛུག་རྒྱུ་ཞེས་བཤད།
- ཅིའི་ཕྱིར་ཞེས་དྲིས་པར།
- ཚེར་མ་བཙུག་ན་ལུག་ཕར་ལ་འགྲོ་དུས་འཕྲུག་ན་སྟེང་ལ་བལ་ཐོགས།
- ཚུར་ལ་ཡོང་དུས་འཕྲུག་ན་ཡང་སྟེང་ལ་བལ་ཐོགས།
- ངས་དེ་གསོག་ནས།
- རྗེས་ནས་བཙོང་སྟེ་བོང་བུ་ཞིག་ཉོ་དགོས་ཞེས་བཤད།
- ཆུང་མ་ཡིས་་་ཨོ་སྐྱིད་ནང་།
- ཁྱོད་ཀྱིས་བོང་བུ་ཞིག་ཉོས་ན་དེར་ཞོན་ནས་ང་ཡང་ཡུལ་ལ་གཅིག་འགྲོ་དགོས་ཟེར།
- ཁྱོད་ཀྱིས་ངའི་བོང་བུ་ལ་ཞོན་ནས་གསོད་རྒྱུ་ཡིན་ནམ་ཞེས།
- ཆུང་མ་ལ་རྡུང་ནས་བསད་པ་རེད།