Skip to main content Skip to search
15 Dec 2011
4 min 15 sec
Rating
0
No votes yet
Video Overview
Creators: 
Unknown

Two women tell amusing stories to each other.

Show More

  • ད་དེང་སང་འོན་མི་ཚང་མ་ད་ང་ཚོ་ལྷ་སའི་ནང་ལ་ཡོད་རེད་བ།
  • འོན།་་
  • མི་ཚང་མ་མག་ཇང་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག་བ།
  • རེད།
  • གང་ག་མག་ཇང་དགའ་པོ་ཞེ་བུ་གཅིག་འདུག།
  • བྱས་ཙང་མག་ཇང་དགའ་པོ་ཞེ་དྲག་བྱས་ཨ་ནི་གད་མི་ཞི་དྲག་བསླང་ཤག་ག་རེ་བྱེད་གཱ།
  • ལགས།་
  • འོན་ཨ་ནི་མག་ཇང་ལ་ཡ་ད་ཉི་མ་གཅིག་དེ་ཡོད་རེད་བ་ག་རེ་ཟེར།
  • ཨ་ཅག་ལགས་གཅིག་ཡོད་རེད་ཟེར་རེད་བ།
  • འོན།
  • དེ་ཆོས་རྟིག་བརྒྱབ་ག་ཕྱིན་པ་རེད་ཟེར་ཨ་ནི་ཆོས་རྟིག་བརྒྱབ་ག་ཕྱིན་བྱས་ཨ་ནི་མིས་ཨ་    ་ནི་མས་ཨེ་འདྲས་ཟེར་ལབས་བྱས་ཀུ་ཞོག་ལགས༼་ཀུ་ཆིས་༽ཟ་ཟ་རྡིས་གཅིག་ཀྱོན་དང་ཟེར།
  • ཆོས་རྟིག་ཀྱོན་དང་མ་གསུང་པ་བྱས་ཟ་རྡིས་ཀྱོན་དང་ཟེར།
  • ཟ་རྡིས་གཅིག་ཀྱོན་གནང་དང།
  • མག་ཇང་ལ་དབྱིངས་ཞི་བུ་ཞུགས་པ་རེད་དཱ།
  • འོན་མག་ཇང་ལ་དབྱིངས་ཞུགས་མིས་ཆོས་རྟིག་བརྒྱབ་ཡ་ཟེ་ཡ་དེ་ཆོས་རྟིག་ཟེར་མ་ལབས་པ་བྱས་ཟ་རྡིས་ཟེར་ཟ་རྡིས་ཟེར་ཡ་དེ་རྦད་ཆོས་རྟིག། ད་ང་ཚོས་ལས་ཁུངས་ནང་ལ་ཡང་ཨི་འདྲ་བྱས་པ་རེད་གད་མོ་བསླངས་པ་རེད་ད་ནམ་རྒུན་ཁོ་ཚོ་རྟགས་པར་རེ་ཞིག་རྩེད་མོ་ཞི་དྲག་རྩེ་གིས་རེད་ད་མག་ཇང་རྩེ་མོ་རེད་བ།
  • རེད།
  • རྩེ་༼ཨ་ནི་༽དེ་ནས་ད་ཡོན་ག་བར་བསླེབ་སོང་ཡོན་ག་བར་བསླེབ་སོང་ཟེར་ཡོན་དུག་སི་བསྐོར་འགྲོ་གི་རེད་བ་ཤར་ལྷོ་ནུབ་བྱང་ཟེར་ཡོན་འགྲོ་གི་རེད་བ།
  • འོན།
  • ད་མི་འཁྲབ་སྟོན་བྱེད་པའི་སྒང་དེར་རེད།
  • འོན།
  • ད་འཁྲབ་སྟོན་ལེའུ་ག་བར་བསླེབ་ཡོད་ན་ལེའུ་ད་གསུམ་པ་ཙམ་གཅིག་བསླེབ་གྲབས་མེད་འགྲོ།
  • འོན།
  • ཨ་ནི་ང་ཚོ་དེ་གཅིག་ཡོད་རེད།
  • འོན།
  • ཁོང་གིས་ཡར་ཡོང་བྱས་ད་ཡོན་ག་བར་བསླེབ་སོང་ཡོན་ག་བར་བསླེབ་སོང་ཟེར་འོ་ཨེ་འདྲ་ལབ་བྱས་ཨ་ནི་རྦད་མི་༼གང་ག༽གད་མོ་རེད་འོ་ཨེ་འདྲ་ལབས་བྱས་འོའོ་ད་བྱས་ཙང་མག་ཇང་གི་གད་མོ་མང་པོ་གཅིག་བསླང་གིས་འདུག་གཱ་ད་དཱ།
  • ཁ་སང་ནས་ཟ་ཁང་ནང་ཨི་འདྲས་ཟེར་བྱས་པ་རེད་ཟེར།
  • ༼ཨ་ནི་༽ངས་རང་ལ་གཅིག་བཤད་ཡང་འོ།
  • འོན།
  • ༼ཨ་ནི་༽ཨ་ཅག་ལགས་གཅིག་ཡོད་རེད་ཟེར། 
  • འོན།
  • ཨ་ནི་ནམ་རྒྱུན་མག་ཇང་ཞི་བུ་བརྒྱབ་ཀྱིས་ཡོད་རེད་ཟེར་རེད་བ།
  • ཨ་ལེ་་་་།
  • ད་མག་ཇང་བརྒྱབ་ད་ཉི་མ་གཅིག་ཆོས་ཆོས་རྟིག་བརྒྱབ་གཱ་ཕྱིན་པ་རེད་ཟེར་རེད་བ།
  • འོན།
  • དགོན་པར་དགོན་པར་ཕྱིན་པ་རེད་འོའི་ཙི་དགོན་པ་ཕྱིན་བྱས་ཨ་ནི་མི་ཡེ་གེར་ཡར་ཆོས་རྟིག་བརྒྱབ་ས་དེར་བསླེབ་དུས་ཡཱ་སྐུ་ཞབས་ལགས་ཀུ་ཆིས་ཟ་རྡིས་གཅིག་ཀྱོན་གནང་དང་ཟེར། ཧཧཧཧཧཧ།
  • ཆོས་རྟིག་བརྒྱབ་གནང་མ་གསུང་པ་བྱས་ཟ་རྡིས་བརྒྱབ་གནང་གསུང་པ་ཡིན་གྱི་རེད།
  • འོ་ད་རྟག་པར་མག་ཇང་བརྒྱབ་ཨ་ནི་ཟ་རྡིས་ཀྱོན་ཟ་རྡིས་ཀྱོན་ལབས་པ་རེད་བ། ཨ་ནི་དེར་མི་སེམས་དབྱིངས་སོ་སོའི་ད་དུང་གཅིག་ཧ་མ་གོ་བ་བྱས་བྱས་སྐུ་ཞབས་ལགས་ཀུ་ཆིས་ཟ་རྡིས་བརྒྱབ་རོག་གནང་ཟེར་བྱས་ཧཧཧཧཧཧ།་ཨ་ནི་ད་དུང་ཡོད་རེད་ཨ་ནི་ད་དུང་ང་ཚོས་ལས་ཁུངས་ནང་ཡོད་རེད་བ་ཨ་ནི་ཡང་ཁོ་ཚོ་མག་ཇང་དགའ་པོ་ཡོད་རེད།
  • འོན།
  • ཨ་ནི་རྟག་པར་རེ་ཞིག་མག་ཇང་བརྒྱབ་བྱས་ཨ་ནི་མག་ཇང་མི་དུག་སི་ཤར་ལྷོ་ནུབ་བྱང་ཟེ་༼ཡོན་༽བསྐོར་བ་ཟེར་ཡས་གཅིག་འགྲོ་གི་རེད་བ་་༼ཡོན་༽བསྐོར་བ་ཨ་ནི་༼ཡོན༽ཟེར་དགོས་རེད་ད་ཡོན་ག་ཚད་བསླེབ་སོང་ཨ་ནི་འཁྲབ་སྟོན་བྱེད་པའི་སྒང་དེར་ཡང་ད་ལེའུ་གསུམ་པ་ཙམ་བསླེབ་དུས་མོ་རང་ཡར་འགྲོ་རན་གི་ཡོད་རེད་ཨ་ནི་དེ་བརྒྱབ་ལོགས་དེར་བསླེབ་དུས་ད་ཡོན་ག་བར་བསླེབ་སོང་ཡོན་ག་བར་བསླེབ་སོང་ཟེར་ཧཧཧཧཧཧ་་་་མི་༼གང་འགའ༽ཚང་མ་གད་མོའི་ཏིག་ཙམ་རིང་ཁ།
  • ཁོང་གི་ཆོབ་ལ།
  • འོན་བརྗེད་པ་རེད་དཱ་རྦད་དེ།
  • འདི་འདྲ་བྱས་པ་རེད་ཁ་སང་ནས་ཟ་ཁང་གཅིག་ནང་ང་ཚོ་ཁ་ལག་ཟ་གར་འགྲོ་དུས་ཙམ་པ་ཡང་བུ་མོ་ལོ་ཆུང་ཆུང་གཅིག་ད་སུ་པན་གི་ཞལ་ས་མ་ཤེས་པ་བྱས།
  • འོན།
  • ཨ་ནི་ད་ལྟ་ཁ་ལག་རྐྱེལ་མཁན་བུ་མོ་དེས་རྒྱག་པོས་ཞུས་ག་བྱས་ཞུས་པ་རེད།
  • འོན།
  • བུ་མོ་དེས་རྒྱག་པོ་མི་དགོས་སུ་པན་གཅིག་གཏེར་རོགས་གནང་བྱས་པ་རེད་་་་ཧཧཧཧ
  • བྱས་ཙང།
  • ང་ཚོ་ནི་གད་མོའི།
  • འོ་ཨི་འདྲས་དེངས་སང་དེ་འདྲ་ཆོབ་ཞི་བུ་འདུག་གཱ། ད་བྱས་ཙང་སྔོན་མ་ཁོ་ཚོས་ཨི་འདྲ་ལབས་པ་རེད་བྱས་ཙང་ཁོ་ཚོ་སྔོན་མ་ང་ཚོ་དེར་འཁྲབ་སྟོན་བྱེད་མཁན་ལོ་ཆུང་ཆུང་ཨི་འདྲ་ཡོད་རེད་ད་ཁོ་ཚོ་ཁག་གཅིག་ཞལ་ས་ཞེ་དྲག་ཤེས་གི་ཡོད་མ་རེད་བ་ཨ་ནི་ཁོ་ཚོ་གཅིག་གི་ནང་ལ་འཁྲིད་བྱས་ཨ་མ་ལགས་ཀྱིས་ཐུག་པ་བག་ཐུག་བཀོལ་པ་རེད་ཟེར་རེད་བ་ཨ་ནི་ཐུག་པ་བག་ཐུག་བཀོལ་བྱས་ཨ་ནི་མི་ཨི་འདྲ་ཟེར་ལགས་དེ་ཛོབ་དང་ཁུ་བ་དང་ཟེ་ཡ་གཅིག་ཡོད་རེད་བ་ཨ་ནི་དེའི་ཞལ་ས་ལ་ཡང་ཀྲུམ་ཁུ་ཟེར་ཁུལ་བྱེད་གི་ཡོད་རེད་བ།
  • རེད་རེད།
  • ཨ་ནི་ཀྲུམ་ཁུ་ཟེར་ཁུལ་བྱེད་ཀྱི་རེད་ད་བྱས་ཙང་ཨ་ནི་ཞལ་ཐུག་བཀྱག་དུས་ཨ་ནི་གཉེར་པ་དེས་བྱས་བྱས་ད་ཞལ་ཐུག་མཆོད་ཟེར་ད་ཡང་ཁོང་ཚོས་མཁྱེན་འཚར་ཨི་འདྲ་བསླབ་ད་སྔོན་ནས་སྐད་ཆ་ཨི་འདྲ་དྲིས་བྱས་ཛོར་ཛོར་ཛོར་ཟེར་ཡ་དེ་ད་ཀྲུམ་ཁུ་ཟེར་ན་དེ་ཛོར་ལ་བརྫོ་རེད་ཟེ་ཟེར་ལབས་པ་རེད་ཟེར།
  • འོན།
  • ཨ་ནི་ཞུ་གུར་ང་ཚོ་ཕེ་གེར་ཕྱིན་ཨ་ནི་ཨ་མ་ལགས་གི་ཐུག་པ་བཀྱག་པ་རེད་ཟེར་རེད་བ།
  • འོན།
  • ཨ་མ་ལགས་ཀྲུམ་ཁུ་མིན་ཀྲུམ་ཁུ་མིན་ཛོབ་ཡིན་ཛོབ་ཡིན་ཀྲུམ་ཁུ་ཨ་ནི་ཡིན་ནའང་ལགས་སོ་ལགས་སོ་ཨ་མ་ལགས་ད་དུང་ཕེ་ནས་ཛོབ་དུག་སི་བླུག་གི་ཡོད་རེད་ཨ་མ་ལགས་ཀྲུམ་ཁུ་མིན་ཛོབ་ཡིན་ཛོབ་ཡིན་ཨ་མ་ལགས་ད་ཛོབ་བླུག་གི་ཡོད་ཟེར་མ་ལགས་གཅིག་དང་དབུས་ཐུག་བྱས་ཨི་འདྲ་ལབས་པ་རེད་ཟེར་ཧཧཧཧཧཧ།་
  • བྱས་ཙང་ད་ཨ་འདྲ་ཆོབ།
  • ཆོབ་ཚ་བ་ལ།
  • ཨེ་འདྲ་རེད་ཤག།