Skip to main content Skip to search
15 Dec 2011
3 min 11 sec
Rating
0
No votes yet
Video Overview
Creators: 
Unknown

Gentlemen tell amusing stories to each other.

Show More

  • ང་རང་གཅིག་ཨུ་ཚུགས་ཚུགས་འདྲ་གཅིག་རེད་པཱ་ལགས་།
  • ད་གཞུ་གུ་ལ་ཡར་ཡར་སླེབས་དུས་ཙམ་པ་ཁོ་་འདི་ཚོ་བརྗེད་པའི་བཟོ་འདྲ་པོ་བྱེད་ཀྱི་འདུག་གཱ
  • རེད་རེད་།
  • ད་ག་ལེར་ག་ལེར་མར་།
  • ད་སྒྲུང་གཅིག་གསུང་དང་ཡ་འགྲིག་གི་ཡོད་རེད་།
  • བྱས་ཙང་སྔན་མ་མི་ཚང་གཅིག་ཡོད་རེད་ཟེར་དེ་ལ་ཨ་མ་གཅིག་ཡོད་རེད་ཟེར་ཨ་མ་འདི་ཡང་མི་མོ་རང་གཅིག་འདི་པར་ཡང་ཚོད་ཟིན་པོ་འདྲ་པོ་ཅིག་ཡོད་པ་འདྲ་འདུག་གཱ། རྣམ་ཀུན་ཡིན་སུ་རྒྱུ་ན་སྐུ་ཞབས་ལགས་གཅིག་གདན་འདྲེན་ཞུས་བྱས་ཨ་ནི་འདི་མི་གཟུངས་བསྡུས་གཅིག་ཞལ་ཁ་ཕྱེ་གི་ཡོད་པ་འདྲ་འདུག་གཱ འདི་བྱེད་དུས་ཙམ་པ་མི་སྐུ་ཞབས་འདི་དངོས་གནས་དྲང་གནས་མི་འགོ་འདྲ་པོ་བཙུགས་ནས་མར་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པའི་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཟེར་འདི་བར་དུ་བསྐྱལ་གནང་། ཡང་ཡར་ཕེབས་ ཡང་ཡིག་གྲངས་ཨང་གཉིས་པ་ནས་ཚུགས་གནང་གི་ཡོད་པ་འདྲ་འདུག་གཱ ཨ་ནི་དེ་དུས་སྐུ་ཞབས་འདི་སྙུང་གི་ཡོད་རེད་ཟེར་སྐུ་ཞབས་འདི་སྙུང་པ་རེད་ཟེར
  • འོ་ཡ།
  • ད་དེ་དུས་སྒོ་འགྲམ་ནས་ཡར་ཨ་མདོ་གཅིག་སླེབས་པ་ཟེར་རེད་པཱ། དེས་ན་ཨ་མ་མོ་རང་ཡང་བདེ་པོ་གའི་མེད་པ་བྱས་ད་ཨ་མདོ་ལགས་ཀྱིས་ཐུགས་རྗེས་གཟིགས་རོགས་གནང་། ད་ང་ལ་ཕྱག་མོ་གཅིག་གནང་རོགས་གནང་། ཨ་ནི་ཡར་འཛུལ་ཡོང་པ་རེད་ཟེར་ཡར་གདན་་འདྲེན་ཞུས་བྱས་ད་ང་མོ་རྒྱབ་བྱས་ཨེ་འདྲས་ཟེར་གའི་ཡོད་པ་མ་རེད་བྱས་པ་རེད་ཟེར་། ཨ་ནི་སྐུ་ཞབས་ལགས་ཁྱེད་རང་ཕྱག་དཔེ་བདེ་ལོས་ཡོད་ཟེར་དྲིས་པ་རེད་ཟེར་། ང་དཔེ་ཆ་བདེ་པོ་འདྲ་པོ་ཅིག་ཡོད་ཟེར་ག་བྱས་པ་རེད་ཟེར་། ཨ་ནི་འོ་དེ་ལ་བརྒྱད་སྟོང་པ་གཅིག་ཕུལ་བྱས་ཨ་ནི་ཅོག་གིས་ཀློག་ག་བྱས་པ་འདྲ་བརྒྱད་སྟོང་པ་འདི་། འདི་ནས་མར་འགྲོ་དུས་ཙམ་པར་མུ་ལི་མུ་ལི་མུ་ལི་མུ་ལི་་་་་་་་་ཟེར་བྱས་ཡར་ཡོང་དུས་ཙམ་པ་ཡང་མུ་ལི་མུ་ལི་མུ་ལི་མུ་ལི་་་ཟེར་བྱས་བྱས་ཀློག་གི་ཡོད་པ་འདྲ་འདུག་གཱ། དེ་དུས་ཨ་མ་འདི་ཁྱོན་ནས་ཡིད་ཆེས་མི་འདུག་གཱ་ལགས།
  • འོང་འོང་།
  • ཁྱད་མཚར་། རྣམ་ཀུན་ང་ཚོའི་སྐུ་ཞབས་ཀྱིས་ཡར་འདུག་སེ་རེ་རེ་བསྐྱལ་བྱས་ནས་འདི་ནས་ཡར་ཕེབས་ཨ་ནི་གཞི་ནས་འདི་མར་འགོ་ཚུགས་ཡོང་གི་འདི་ནི་མི་མར་འགྲོ་དུས་གཅིག་གིས་ཡར་ཡོང་དུས་གཉིས་ཆར་ལོག་འདི་བྱེད་ཀྱིས་ཟེར་ལབ་པ་འདྲ་འདུག་གཱ།
  • ཧེ་ཧེ་ཧེ་ཧེ་།
  • ཨ་ནི་སྐུ་ཞབས་འདི་། སྐུ་ཞབས་ག་འདྲས་ཡིན་ན་། སྔན་མ་ང་ཚོའི་སྐུ་ཞབས་ཕྱག་དཔེ་ཀློག་དུས་ཙམ་པར་མར་འདུག་སེ་ཁར་གཏུགས་བྱས་ཨ་ནི་འདི་ནས་ཡར་ཕེབས་། ཡང་འདི་ནས་དབུ་ཚུགས་འདུག་སེ་འདི་ནས་མར་འགྲོ་གི་བྱས་པ་འདྲ་འདུག་གཱ ཁོ་ཆོས་གནས་འདི་ཚིག་པ་ཟ་། ག་རེ་། རྨོ་བོ་འདི་སྦུག་ལ་ཡ་ཡང་བསྐྱར་སྟོང་ཀྱང་འགྲོ་དགོས་རེད་པས་ཟེར་།
  • ཧ་ཧ་ཧ་ཧ་་་་།
  • ཧ་ཧ་ཧ་ཧ་་་་་།
  • ཧ་ཧ་ཧ་ཧ་་་་་་།
  • ཨཱ་རོའོ་་་་་་་་་།
  • ཨི་ཧི་ཧི་ཧི་་་་། འོ་ཨེ་འདྲས་ཡོད་རེད་། ཧི་ཧི་ཧི་ཧི་་་་་།
  • ཧི་ཧི་ཧི་ཧི་་་་།
  • ཧི་ཧི་ཧི་ཧི་་་་འདི་ཡང་དངོས་གནས་ག་རེ་ཟེར་།
  • ལགས་།
  • རབ་འབྱོར་རབ་སྤུངས་ཐད་ཤག་ཟེར་བྱས་བྱས་།
  • ལགས་འོང་ལགས་།
  • འོ་འདི་འདྲ་པོ་འདྲ་གཅིག་རེད་། སྔན་མ་བྱས་ཙང་ཆོས་གནས་ལགས་གཅིག་གི་རྩ་ལ་ཡ་དང་པོ་མི་ཨ་མ་ལགས་འདིས་ཡང་ད་གིན་ནང་བཞིན་འདྲ་པོ་འདྲ་གཅིག་རེད་ཤག།
  • ལགས་འོང་།
  • ཆོས་གནས་གཅིག་གདན་འདྲེན་ཞུས་ཨ་ནི་ཆོས་གནས་ལགས་འདིས་ཨ་ནི་རབ་འབྱོར་འདི་ནས་གཅིག་བྱས་མས་བྱས་རབ་འབྱོར་རབ་འབྱོར་ཟེར་རབ་འབྱོར་མང་པོ་ཞེ་དྲགས་ཡོད་རེད་པཱ་མི།
  • འོ་རེད་།
  • ད་དེ་འདྲས་ཡོད་རེད་བྱས་ད་ཉིན་མ་གཅིག་ཆོས་གནས་གཅིག་གདན་འདྲེན་ཞུས་བྱས་ནས་ཨ་ནི་ཆོས་ཀློག་པ་རེད་ཟེར་ ཆོས་ཀློག་དུས་ཙ་ནས་ཁོས་འོ་འོ་འོ་འོ་་་་ཟེར་འདྲ་མ་གཏོགས་རབ་འབྱོར་གཅིག་ཡང་ཡོད་མ་རེད་ཟེར་།
  • འོ་འོ་་་ཨ་ལས་།
  • དེ་ནས་གང་ཙམ་སོང་ནས་ཨ་མ་འདིས་ད་སྐུ་ཞབས་ལགས་ནམ་རྒྱུན་ནི་ང་ཚོའི་ཆོས་གནས་ལགས་འདི་ཚོས་རབ་འབྱོར་མང་པོ་ཞིག་གསུང་གི་ཡོད་ད་རེས་སྐུ་ཞབས་ལགས་ཀྱིས་རབ་འབྱོར་གཅིག་ཀྱང་གསུང་གི་མི་འདུག་ག་རེ་ཡིན་ནམ་ཟེར་བྱས་བྱས་འོང་འོང་འོང་འོ་རབ་འབྱོར་གང་འགའ་འདི་ལ་སྤུངས་བསྡད་ཤག་རབ་འབྱོར་རབ་འབྱོར་རབ་འབྱོར་རབ་འབྱོར་།
  • ཧ་ཧ་ཧ་ཧ་་་་་་།
  • ཧེ་ཧ་ཨེཧེ་ཧེ་་་་་་།
  • ཧེ་ཧེ་ཧེ་ཧ་ཨེ་་་་་།
  • ད་རབ་འབྱོར་གྱིས་རྦད་སྤུངས་བསྡད་
  • ལགས་། རབ་འབྱོར་གྱིས་རྦད་སྤུངས་བསྡད་།
  • རབ་འབྱོར་གང་འགའ་རབ་སྤུངས་ཐད་ཤག་ཟེར་གྱི་ཟེར་།
  • ཧ་ཧ་ཧ་ཧ་་་་་།
  • ཧི་ཧ་ཨིཧི་ཧི་་་་་།
  • འོ་ཞུས་ཙང་ལགས་། ཨོའོ་འདུག་སེ་ཕེབས་པ་ད་ག་ཨ་ནི་གད་མོ་ཤོར་ཡས་འདྲ་ཅིག་ཡོད་རེད་ད་།
  • ་་ག་རེ་ཟེར་དགོས་རེད་པས་ང་རང་ཚོ་གཅིག་བསྟན་ཤིག་ཚ་པོ་འདྲ་པོ་བྱས་ཕར་འདྲ་པོ་གཅིག་འཛོམས་ཚུར་འདྲ་པོ་གཅིག་འཛོམས་བྱེད་དུས་ཙམ་པཱ་་གང་འགའ་ཡའི་བསྟན་ཤིག་ཚ་པོ་བྱས་བཤད་རྒྱུ་ཡའི་མང་པོ་འདྲ་པོ་བྱས་དགོད་བྲོ་པོ་ཞིག་ཡོང་གི་ཡོད་པ།་   
  • རེད་རེད་དཱ་།
  • གད་མོས་ཆོབ་རེད་དཱ་།
  • འོ་དེ་དུས་ད་འཚོ་བ་