Skip to main content Skip to search
27 Jun 2018
5 min 27 sec
Video Overview
Creators: 
Duptho, Sonam Chophel

This is an account of the sacred stupa called "Chorten Kora" in eastern Bhutan. The stupa is surrounded by mountains, a town, and a turquoise river—Kholing River—that flows nearby. Tenzin Dorji, from Thimphu, explains the historical, religious and cultural context of Chorten Kora. The stupa is thought to have been built 1740 or 1745 by Lama Ngawang Loday, nephew of Lama Jangchhub Gyeltshen who was essential in spreading Buddhism to Tashi Yangtse. Lama Loday built this replica of Jarung Khashor Chorten of Babo village in Nepal in memory of his late uncle, Lama Jangchhub Gyeltshen, and to subdue a demon in the valley. The stupa is also known as Chenga Kora, Dakpa Kora and Namgang Kora depending on the nationality of the devotees. Because people from Tawang, in India, contributed hugely to the stupa by offering religious objects and relics, it received the names Chenga Kora or Dakpa Kora to pay tribute to the people from this locality. Furthermore, it is also called as Namgang Kora since the Thirteenth Je Khenpo Yonten Thaye (1771-1775) consecrated the stupa after the completion of its construction, which lasted for twelve years. At the occasion, he performed the cycle of teaching called Dechog Khorlo Dompa; hence, the day is observed as the Bhutanese day.

འ་ནཱི་འདི་ འབྲུག་གི་ཤར་ཕྱོགས་རྫོང་ཁག་ བཀྲིས་གཡང་རྩེའི་ གཡུས་ཀྱི་སྦུགས་ལུ་བཞེངས་ཡོད་པའི་ མཆོད་རྟེན་བསྐོར་རའི་ལོ་རྒྱུས་ཨིནམ་ད་ མཆོད་རྟེན་འདི་ཡང་ ཁྲོམ་གྱི་འོག་ལུ་ གངས་སྦོམ་ཚུ་གིས་མཐའ་བསྐོར་ཏེ་ མཁོ་ལོང་ཆུ་འདི་ཟུརལས་སྦེ་ བབས་ཏེ་ཡོདཔ་ཨིན། ཏེ་གློག་བརྙེན་འདི་ནང་ བཀྲིས་གཡང་རྩེ་ལས་ ད་ལྟོ་ཐིམ་ཕུག་ལུ་སྡོད་མི་ བསྟན་འཛིན་རྡོ་རྗེ་གིས་ མཆོད་རྟེན་བསྐོར་རའི་ ལོ་རྒྱུས་སླབ་པའི་སྐབས་ སྤྱིར་བཏང་མཆོད་རྟེན་འདི་གནམ་བཞེངས་ཡི་ག་ གཏན་གཏན་ཅིག་སྦེ་ངོས་འཛིན་མེད་རུང་ སྤྱི་ལོ་ ༡༧༤༠ ལས་ ༡༧༤༥ འི་བར་བཞེངས་ཡོདཔ་སྦེ་མས། ཏེ་མཆོག་རྟེན་འདི་ཡང་ བཀྲིས་གཡང་རྩེ་ལུ་ དམ་པའི་ཆོས་དར་ཁྱབ་གནང་མི་ བླམ་བྱང་ཆུབ་རྒྱལ་མཚན་གྱི་སྐུ་ཚཝ་ བླམ་ངག་དབང་བློ་གྲོས་ཀྱིས་ ཁོ་རའི་ཨ་ཞང་ བླམ་བྱང་ཆུབ་རྒྱལ་མཚན་གྱི་རྗེས་དྲན་གྱི་དོན་ལུ་ ནཱེ་པཱལ་ལུ་ཡོད་པའི་ མཆོད་རྟེན་བྱ་རུང་ཁ་ཤོར་བཟུམ་སྦེ་ བཞེངས་གནང་གནངམ་མས། ཏེ་མཆོད་རྟེན་འདི་ འབྲུག་གི་རྗེ་མཁན་ཁྲི་རབས་ ༡༣ པ་རྗེ་ཡོན་ཏན་མཐའ་ཡས་ཀྱིས་ ལོ་ངོ་ ༡༢ ཀྱི་རིང་ལུ་ བདེ་མཆོག་འཁོར་ལོ་སྡོམ་པའི་ཆོས་གནང་སྟེ་ རབ་གནས་མཛད་གནངམ་ལས་ཚུར་ མཚན་ཡང་གནམ་སྒང་བསྐོར་ར་ཟེར་ ད་ལྟོའི་བར་ན་ཡང་འབད་ནི་འདུག། མཆོད་རྟེན་འདི་བཟོ་རྣམ་མ་འདྲཝ་སྦེ་ཡོདཔ་མ་ཚད་ བྱིན་རླབས་ཅན་ཅིག་སྦེ་བརྩི་དོ་ཡོདཔ་མ་ཚད་ མཆོད་རྟེན་གྱི་ལོ་རྒྱུས་དང་ རྒྱལ་ཁབ་གཉིས་ཀྱི་ལམ་སྲོལ་བརྗེ་སོར་འབད་ཐབས་ལུ་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་ལས་ ལོ་བསྟར་བཞིན་དུ་ གནས་བསྐོརཔ་ཚུ་རྒྱུན་མ་ཆད་པར་འོངམ་ཨིན།

Transcript search
No results found for this search
0 of 0
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ལགས་སོ། ད་ང་རའི་ངོ་སྤྲོད་ཞུ་བ་ཅིན་ ངེ་གི་མིང་བསྟན་འཛིན་རྡོ་རྗེ། ཏེ་ད་ང་ར་སྡོད་ས་འདི་ ཕར་ཐིམ་ཕུག་ ཏེ་Group of handicraft & textile ནང་འབད་དོ། ད་ལྟོ་འདི་ ང་ནཱ་སྐབས་བབ་འདི་ནཱ་ལུ་ མཆོད་རྟེན་བསྐོར་རའི་བཛྲ་གུ་རུ་དུང་སྒྲུབ་ཚོགས་པ་གི་ཡོངས་ཁྱབ་དྲུང་ཆེན་ཨིན་པ་ལས་བརྟེན་ཏེ་ ནཱ་གི་མཆོད་རྟེན་ ནཱ་འབོ་འབོཝ་ཨིན།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ད་ ནཱ་གི་མཆོད་རྟེན་གཅིག་ལས་འབད་བ་ཅིན་ ༡༧༤༥ ད་གཅིག་ལས་འབད་བ་ཅིན་ ༡༧༤༠ ཟེར་ཡོདཔ་ཨིན་ལགས། ཏེ་ འ་ནཱི་འབདཝ་ད་ ད་ནཱ་བཞེངས་མི་འདི་ ག་གིས་བཞེངས་ནུག་ ཟེར་བ་ཅིན་ བླམ་ངག་དབང་བློ་གྲོས་ཀྱིས་འབད་བཞེངས་གནང་ནུག་ ཟེར་ཞུ་ནི། བླམ་ངག་དབང་བློ་གྲོས་ཀྱིས་བཞེངས་པའི་སྐབས་སུ་ལུ་ ནཱ་ལུ་ ད་མཁོ་ལོང་སྟོད་སྨད་བར་གསུམ་ཟེར་ཡོད་ལགས། ང་བཅས་མཁོ་ལོང་ཆུ་གི་ སྟོད་སྨད་བར་གསུམ་ ཨ་ནཱི་གི་ན་ལུ་བཞེངས་པའི་སྐབས་སུ་ལུ་ ལོ་འབད་བ་ཅིན་ ལོ་༡༢ [འབད་མི་ཚུ་ནཱ་འབོ་འབོཝ་ཨིན་པས་ ཟེར་ཞུ་ནི།?]
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: དེ་ལས་ ལོ་ ༡༢ བཞེས་ཚར་ཞིན་ན་ ཏེ་ནཱ་ལུ་ བཅོ་ལྔ་བསྐོར་ར་ གནམ་གང་བསྐོར་ར་ཟེར་མི་གཅིག་ ང་ལུ་དྲི་བ་བཀོད་གནང་དེས་ ད་བཅོ་ལྔ་བསྐོར་ར་ཟེར་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཡར་མོན་[ཏ་ཝང་?] ཨ་རུ་ན་ཅལ་ ཡར་ལུ་ཚོགས་སུམ་ན་ཟེར་མི་ གཡུས་ཚན་ན་ལུ་ ཚོགས་སུམ་ན་ལུ་ འདི་ལུ་ ཟླ་དཀར་ཟླ་ནག་ཟེར་གཉིས་ཡོདཔ་ཨིན་ལགས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ཏེ་ ཟླ་དཀར་ཟེར་བ་ཅིན་ ཤ་གི་རིགས་གསད་ནི་ལོ་ ཤ་[དགོངས་སུ་?]འབད་ནི་ལོ་ མ་པ་ལས་མེདཔ་ཨིན། ཟླ་ནག་ཟེར་མི་འདི་ཚུ་ལུ་འབད་བ་ཅིན་ ཤ་ལུ་ལོངས་སྤྱོད་མི་འདི་གིས་ གཡུས་ཚན་གཅིག་ཡོད་བ་ ཨ་ནཱ་ལས་ ནཱ་ལུ་ ནཱ་ང་བཅས་ར་ ཏེ་བཀྲིས་རྟགས་བརྒྱད་ ནོར་བུ་ཆ་བདུན་ འདོད་ཡོན་ལྔ་ བཀྲིས་རྫས་བརྒྱད་ཟེར་ ཕུལ་བའི་སྐབས་སུ་ལུ་ ནཱ་ལུ་ ནོར་བུ་རིན་པོ་ཆེ་ རྟ་མཆོག་རིན་པོ་ཆེ་ བཙུན་མོ་རིན་པོ་ཆེ་ ཟེར་མི་སྐབས་སུ་ཁ་ལུ་ ནཱ་ལུ་གཟུངས་འདི་ ཡར་ལུ་སྲོག་ཤིང་ནང་ལུ་ ནཱ་ལས་ཟེར་ མཁའ་འགྲོམ་ཅིག་ ནཱ་ལུ་ཕུལ་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ ཏེ་ནཱ་ལུ་ བཅོ་ལྔ་བསྐོར་ར་ཟེར་འབད་མི་འདི་ ང་བཅས་ཀྱི་ནཱ་ལུ་ ཡར་མོན་མང་ཆེ་ཤོས་ཅིག་ ཡར་མོན་ཏ་དབང་གི་མི་ཚུ་འོངམ་ཨིན།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: འདི་ལུ་ ཏེ་ང་བཅས་ཀྱིས་ ཏེ་ནཱ་ནང་གཟུངས་ཕུལ་མི་འདི་ལུ་ རྗེས་དྲན་འབད་ནི་གི་དོན་ལས་ ཏེ་བཅོ་ལྔ་བསྐོར་ར་ཟེར་སླབ་ཨིན་ལགས། མ་གཞི་ བཅོ་ལྔ་བསྐོར་ར་ལུ་ དག་པ་བསྐོར་ར་ཟེར་སླབ་ནི་ཡོདཔ་ཨིན། ཏེ་དག་པ་བསྐོར་ར་ཟེར་སླབ་དགོ་མི་རྒྱུ་མཚན་འདི་ ཏེ་ང་བཅས་བཀྲིས་གཡང་རྩེ་གི་ཁ་ལས་འབད་བ་ཅིན་ དག་པ་ཟེར་བ་ཅིན་ ཡར་ཨ་རུ་ན་ཅལ་ལུ་གོ་འོང་། ཏེ་བསྐོར་ར་ཟེར་བ་ཅིན་ ནཱ་བསྐོར་ར་མས། དེ་འབད་བ་ལས་བརྟེན་ཏེ་ དག་པའི་བསྐོར་ར་ཟེར་མི་འདི་ བཅོ་ལྔ་བསྐོར་ར་ དེ་སྦེ་ཡར་སོང་ནུག་ ཟེར་ཞུ་ནི།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: དེ་ལས་ གནམ་གང་བསྐོར་ར་ཟེར་མི་འདི་ ནཱ་མཆོད་རྟེན་འདི་བཞེངས་པའི་སྐབས་སུ་ ལོ་༡༢ བཞེས་ཚར་བའི་ཤུལ་ལུ་ ཏེ་ནཱ་ལུ་ རབ་གནས་འདི་ རྗེ་ཡོན་ཏན་མཐའ་ཡས་ཀྱིས་ ཆོ་ག་འབད་བ་ཅིན་ བདེ་མཆོག་འཁོར་ལོ་སྡོམ་པ་གི་ཆོས་འཁོར་བསྐོར་ཏེ་གིས་སྦེ་ ནཱ་རབ་གནས་མཛད་པའི་ཉིནམ་ཨིན་པ་ལས་བརྟེན་ཏེ་ ཏེ་ང་བཅས་རའི་ནཱ་འབྲུགཔ་གི་ཉིནམ་ཨིན་པ་ལས་བརྟེན་ཏེ་གིས་སྦེ་ ནཱ་ལུ་ གནམ་གང་བསྐོར་ར་ཟེར་མི་འདི་ འབྲུག་པའི་བསྐོར་ར་ཟེར་མི་ རྒྱུ་མཚད་འདི་ལས་བརྟེན་ཏེ་ཨིན་མས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ངག་རྒྱུན་གྱི་ཐོག་ལས་འབད་བ་ཅིན་ ད་ཕར་ ནེ་པལ་ ཕར་བལ་པོ་གི་གཡུས་ ཕར་གྱི་ཏེ་བྱ་རུང་ཁ་ཤོར་ལས་ ཏེ་ཕར་ལས་དཔེ་བླངས་བླངསམ་ཨིན་ ཟེར་ཨིན་མས་ལགས། འདི་ལུ་བླམ་ཁོང་གཉིས་འདུག་ལགས། གཅིག་ཡར་ད་ལྟོ་ཨ་རུ་ན་ཅལ་གྱི་ཁ་ཐུག་ ཡར་སྤང་ཙི་ནང་ གཅིག་ང་བཅས་ནཱ་ལུ་ ཏེ་བཀྲིས་གཡང་རྩེ་ ཟེར་མི་སླབ་ལགས་ ཡར་ཨ་རུ་ན་ཅལ་མི་ཚུ་ ནཱ་ལུ་ག་ཅི་སླབ་སྨོ་ཟེར་བ་ཅིན་ ནཱ་ལུ་ བདུད་རོང་ཟེར་སླབ་འོང་ལགས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: བདུད་ཟེར་བ་ཅིན་ གཡང་རྩེ་པའི་ཁ་ལུ་ འདྲེ་ལུ་སླབ་ཨིན། རོང་ཟེར་བ་ཅིན་ ཚལ་མ་ལུ་སླབ་ཨིན། དེའི་མིང་བཏགས་ཏེ་ བདུད་རོང་ཟེར་ཨིན་མས་ལགས། ནཱ་བདུད་རོང་ལུ་ ནཱ་ལུ་མཆོད་རྟེན་ནཱ་ལུ་གཅིག་དང་ དེ་ལས་ཡར་ སྒོར་ཟམ་མཆོད་རྟེན་ཟེར་ཞུཝ་ཨིན་ལགས། ཨ་རུ་ན་ཅལ་ སྤང་ཙི་ནང་ལུ་ཡོད་མི་འདི་ སྒོར་ཟམ་མཆོད་རྟེན་ འདི་ཡར་གྱི་འདི་ ང་གིས་མ་མཇལ། ཏེ་ནཱ་གི་ཁ་རྒྱུན་ལས་འབད་བ་ཅིན་ ཡར་གྱི་འདི་ ཨ་ཙི་ཙི་ དབྱིབས་འབད་བ་ཅིན་ ང་བཅས་ནཱ་གི་ ད་སྨོན་ལམ་གང་བཏབ་གྲུབ་པའི་རྟེན་བཟང་མཆོད་རྟེན་བསྐོར་ར་བཟུམ་ཅིག་མེད་ཟེར་ཨིན་མས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ད་ཕར་ལས་ནེ་པལ་ལུ་ ཁོང་བླམ་གཉིས་ཕར་བྱོན་ཞིན་ན་ དཔེ་བཟོ་བའི་སྐབས་སུ་ལུ་ ནཱ་གཡང་རྩེ་གི་མཆོད་རྟེན་འདི་ ང་བཅས་ཤིང་གུ་ དཔེ་བཟོ་སྟེ་འབག་འོང་འོངམ་ཨིན་ ཟེར་ཨིན་མས། ཏེ་ཡར་སྤང་ཙི་ནང་གི་འདི་ ལ་ཕུག་ལུ་བཟོ་འབང་འོངམ་ལས་བརྟེན་ཏེ་ ཨ་ཙི་ཙི་བཟོ་བཀོད་འདི་ ཡར་གྱི་ཨ་ཙི་ཙི་སོ་སོ་དང་ ནཱ་གི་སོ་སོ་ཡོད་ཟེར་ཨིན་མས། མ་པ་ ཨིན་ནི་འདི་ དཔེ་འདི་ ཕར་ཀཊ་མན་དྲུ་ ཏེ་ཕར་བྱ་རུང་ཁ་ཤོར་ལས་དཔེ་བླངས་ཏེ་ཡོད་ ཟེར་ཨིན་མས་ལགས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ཏེ་ ང་ར་གིས་ཡང་ ཧ་ལམ་ཚར་ཁལ་ལྷག་སྟེ་ར་ ཕར་བྱ་རུང་ཁ་ཤོར་བསྐོར་ར་ཡང་བཏང་ཡི། ནེ་པལ་ལུ་འགྱོ་ཡི། དེ་འབདཝ་ད་ལུ་ བཟོ་བཀོད་འདི་ ང་བཅས་ནཱ་ལུ་ ཕར་གྱི་དང་མ་འདྲཝ་སྦེ་ ནཱ་གི་ཡ་མཚན་ཆེ་ཏོག་ཏོ་སྦེ་ བལྟ་རུང་འཇའ་བ་ལུ་ ཏེ་མཛེས་ཏོག་ཏོ་ ང་བཅས་ར་འབྲུག་པའི་བཟོ་རིག་བཅུ་གསུམ་གྱི་ འདི་ཚུ་ག་ར་ ནཱ་བལྟ་བ་ཅིན་ ང་བཅས་ཀྱི་ནཱ་ལུ་ མཆོད་རྟེན་ཅིག་སྦེ་མཇལཝ་ཨིན་ལགས། ཏེ་མཐའ་འཁོར་ག་ར་ ཏེ་མཆོད་རྟེན་སྡེ་བརྒྱད་ག་ར་ ནཱ་ལུ་ཚང་སྟེ་ཡོད་ཟེར་ཞུ་ནི་ལགས།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: ནཱ་འོང་མི་གིས་ ད་ཅི་ཞུ་དོ་བཟུམ་སྦེ་ ནཱ་གི་མཆོད་རྟེན་གི་གཟུངས་འདི་ཡར་ ཏེ་མོན་ཏ་ཝང་ལས་ཨིན་པ་ལས་བརྟེན་ཏེ་ གཅིག་ཨ་ནཱི་གི་རྗེས་དྲན་མས། གཉིས་ཟེརཝ་ད་ལུ་ ཏེ་ཁོང་ར་ཚུ་ སྔོན་མ་ཕམ་བཟང་པོ་ཚུ་གི་ཁ་ཐུག་ལས་ནཱ་ལུ་ བསྐོར་ར་གནང་རུང་ཡང་ནཱ་ ཚོང་འབྲེལ་འཐབ་ས་ཡང་ ནཱ་གཡང་རྩེ་ལུ་ཨིནམ་པ་ལས་བརྟེན་ཏེ་ གཅིག་ཚོང་འབྲེལ་གྱི་ གཅིག་རོགས་ ཡར་གྱི་ནང་གཟུངས་འདི་ མཆོད་རྟེན་བཟང་མོ་ ནཱ་བཞུགས་པ་ལས་བརྟེན་ཏེ་ ཁོ་རང་གི་རྗེས་དྲན།
  • བསྟན་འཛིན་རྡོ་རྗེ་
    Tenzin Dorji: གསུམ་ཟེར་ད་ལུ་ ཏེ་སྔོན་མ་ལས་འབད་འབདཝ་གི་ལམ་སྲོལ་ཅིག་ ཁོང་ཡང་འདུག་བ་ལགས། ཨ་ནཱི་འབད་བ་ལས་བརྟེན་ཏེ་ ཡར་གྱི་མི་ཚུ་ནེ་སྦེ་འོངམ་ཨིན་ཟེར། ཏེ་ང་བཅས་ཀྱི་ནཱ་གི་མི་ཚུ་ ཡར་གྱི་ཏ་ཝང་གཏོར་བརྒྱ་ལོ་ ཏ་ཝང་དུང་འགྱུར་ཟེར་ ང་བཅས་ཀྱིས་སྔོན་མ་དེ་སྦེ་འགྱོ་སྲོལ་ཡོདཔ་ཨིན། འདི་ཚུ་ཡང་ ཏེ་ང་བཅས་ནཱ་གི་མི་དང་ཡར་གྱི་མི་ སྔོན་མ་ལས་ར་ ཚོང་འབྲེལ་འབད་ས་ཅིག་རུང་ ལམ་ལུགས་འབད་ས་ འབྲེལ་བ་འདི་དེ་སྦེ་ར་འཐབ་སྟེ་སྡོད་ནུག་ ཟེར་ཞུ་ནི།། །།