Video Overview
The story of the fox and the elephant is a fictional story with a moral. The story is about a fox and an elephant who were best friends. One day, however, the fox planned to deceive the elephant. So, the fox took the elephant to a village and made him destroy a garden. The fox pretended to hunt chickens in the middle of the night. After some time the fox barked loudly and ran away. The fox's body is very light, but the elephant could not run as quickly. Thus, the elephant could not escape being beaten severely by the owner of the garden. As their home was on the opposite side of a river, they had to cross the river to get back home. The fox waited on the river bank because he could not cross by himself. The elephant agreed to carry him on his back, but when they were halfway across the river, the elephant went to sleep in the water, claiming he had severe pain throughout his body (after having been beaten). The central themes of the story are deception and revenge.
- Bongo
- Bongo
- Chukha
- ཟླ་བ་ཚེ་རིང་ Dawa Tsheringད་ མ་པ་ ཨ་རྒས་ ང་བཅས་ནཱ་གིས་ གསུངས་དོ་བཟུམ་སྦེ་རང་ ཏེ་ གནམ་མེད་ས་མེད་ འ་ སྤྲོ་བ་ཆེ་ཏོག་ཏོ་གི་སྲུང་ཅིག་རང་ཨིན་ཟེར་ཞུ་ནི་ལགས། མ་པ་ དོན་དག་ཡོད་ཟེར་ཞུ་ནི་ལགས་འ་ནཱི་ དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ མ་པ་སྲུང་འདི་ ནཱ་བུ་ཚུ་གིས་ ཧེ་མ་ལས་རང་གོ་གོ་འོང་ སྔོན་མ་སྔོན་མ་འ་ནཱི་ གླངམོ་ཆེ་གཅིག་དང་ ང་བཅས་འ་ནཱི་ འ་དོམ་གཅིག་ཡོདཔ་མས་ལགས།
- ཟླ་བ་ཚེ་རིང་ Dawa Tsheringད་ ཁོ་འདི་འ་ནཱི་ འ་དོམ་འདི་དང་ འ་ནཱི་གླངམོ་ཆེ་ གནམ་མེད་ས་མེད་ ཆ་རོགས་འཆམ་ཏོག་ཏོ་ཅིག་སྦེ་སྡོད་ཡི་ ཟེར་ཨིན་མས་ལགས། ད་ འ་ནཱི་འབདཝ་ད་ལུ་ ད་ འ་དོམ་འདི་གི་སེམས་ཁ་ལུ་འདི་ ཚར་ཅིག་འབདཝ་ད་ལུ་ གླངམོ་ཆེ་འདི་ལུ་ ཏེ་ ཁོ་གནམ་མེད་ས་མེད་འ་ནཱི་ [ཞལ་ཐུག་?]ཅིག་འབད་གེ་ཟེར་ བསམ་པ་ ངན་ ངན་པ་ཅིག་སྐྱེས་ནུག་བ་ལགས། ད་ འ་ནཱི་སྦེ་འབདཝ་ད་ལུ།
- ཟླ་བ་ཚེ་རིང་ Dawa Tsheringཚར་ཅིག་འབདཝ་ད་ལུ་ ཏེ་ འ་དོམ་འདི་ཡང་ གནམ་མེད་ས་མེད་ ལྟོ་བཀྱེས་སུ་ཅིག་འབད་སྦེ་ ད་འབདན་ གཡུས་ ད་འ་ནཱི་ ཁོང་ གཡུས་ཚུར་ཁར་ཨིནམ་འདྲས་སྦོ་ ད་ ཕར་ཁ་ཐུག་ལུ་ ཏེ་ ད་ གཡུས་ཚན་ཅིག་ཡོདཔ་འདྲས་སྦོ་ འ་ནཱ་ལུ་ ཏེ་ བར་ན་ལུ་ ཆུ་བརྒལ་སྦེ་འགྱོ་དགོ་དོ་ཡོདཔ་མས། གཡུས་ཚན་ནང་ལྷོདཔ་ད་ ལྷོད་ལྷོད་བར་ན།
- ཟླ་བ་ཚེ་རིང་ Dawa Tsheringཏེ་ འ་ནཱི་ཕར་གཡུས་ཁ་ལུ་ ཏེ་ ཚར་གཅིག་འབདཝ་ད་ལུ་ ཏེ་ ཁོང་གཉིས་ཀུ་འགྱོ་གེ་ཟེར་ འ་དོམ་འདི་གིས་བསྟུན་གྲོས་འབད་འབདཝ་མས་ གླངམོ་ཆེ་འདི་ལུ་ ཏེ་ གླངམོ་ཆེ་འདི་གིས་ཡང་བཏུབ་ཟེར་ ད་ ང་ཁྱོད་ལུ་ཆ་རོགས་འབད་གེ་ ད་ ཁྱོད་ ཏེ་ ཁྱོད་ཆ་རོགས་འབད་བར་ཕར་འགྱོ་གེ་ཟེརཝ་མས་ལོ་ ད་ འ་ནཱི་སླབ་སྦེ་འབདཝ་ད་ལུ་ ཏེ་ དེ་འབདཝ་ད་ ཁོ་གིས་ཆུ་བརྒལ་མི་ཚུགས་ ཟེར་སླབ་སླབ་མས།
- ཟླ་བ་ཚེ་རིང་ Dawa Tsheringའ་ནཱི་ འ་དོམ་འདི་གིས་ ཏེ་ གླངམོ་ཆེ་གིས་སླབ་སླབ་མས་ བཏུབ་ དེ་འདི་ཁྱོད་ར་ ནང་དོག་མི་དགོ་ ཏེ་ ང་གིས་ ཏེ་ ཆུ་འདི་ ཏེ་ རབ་རུབ་བཏང་སྟེ་ ཏེ་ ང་གིས་ཁྱོད་ལུ་ཆ་རོགས་འབད་སྦེ་བརྒལ་ནི་རང་མམ་ཟེར་ འ་ནཱི་སྦེ་ ཁོང་གཉིས་ཀུ་ ཏེ་ ཡར་སོང་ནུག་ ཏེ་ ལགས། ཏེ་ མར་ ཆུའི་མཐའ་མར་ལྷོདཔ་ད་ལུ་ ཏེ་ འ་དོམ་འདི་གིས་ ཏེ་ གླངམོ་ཆེ་འདི་གི་ཐོག་ཁར་འཛེགས་སྦེ་ ཏེ་ ཆུ་འདི་ ཏེ་ དེ་སྦེ་ཕར་ ཆུའི་ཕར་ཁར་ དེ་སྦེ་བརྒལ་སོང་ནུག་ལགས།
- ཟླ་བ་ཚེ་རིང་ Dawa Tsheringཏེ་ ཕར་ལྷོདཔ་ད་ལུ་ ཁོང་གཉིས་ ཁོང་གཉིས་ཀུ་གནམ་མེད་ས་མེད་ གནམ་བསྲོ་སྦེ་ ཕྱི་རུ་ དེམ་ཅིག་ཁར་ལྷོད་ལྷོདཔ་མས། ཏེ་ མི་འདི་ཚུ་ཡང་ ག་ཡང་ཉལ་ ཏེ་ གནམ་མེད་ས་མེད་ ཁུ་སིམ་སིམ་སྦེ་ཨིན་མས་ལོ། ཏེ་ འ་ནཱི་འབདཝ་ད་ལུ་ ད་འབདན་ ཏེ་ད་ ཁྱོད་རང་ ཁྱོད་རང་ ཏེ་ ཕར་ གུན་ཆ་འདི་ཚུ་ཟ་ནི་ ཏེ་ ག་ཅི་གུ་ཅིག་ ཚོད་ཞིང་འདི་ཚུ་ནང་ལས་ཕར་ གནོདཔ་སྐྱེལ་ནི་ཡོད་རུང་རང་སྐྱེལ་སྨ་རེད་ ཟེར་སླབ་སླབ་མས།
- ཟླ་བ་ཚེ་རིང་ Dawa Tsheringའ་དོམ་འདི་གིས་ ཏེ་ ཁོ་འདི་ཕར་ བྱ་འདི་ཚུ་འཐུ་ཟ་ནི་སྦེ་ ཏེ་ ཕར་ གནམ་མེད་ས་མེད་ འ་ནཱི་སྦེ་ འབད་འབདཝ་མས་ ད་ འ་ནཱི་སྦེ་འབདཝ་ད་ལུ་ ཏེ་ རོགས་ གླངམོ་ཆེ་འདི་ ཚོད་ཞིང་ནང་འཛུལ་སྦེ་ ཏེ་ གུན་ཆ་ བཅག་ཟ་སྦེ་སྡོད་སྡོདཔ་མས། ཏེ་ ཟ་སྡོདཔ་ད་ལུ་ ཏེ་ ཁོ་གིས་ གནམ་མེད་ས་མེད་ [ཞལ་ཐུག་?]འབད་འབདཝ་མས། དེ་ལས་ གནམ་མེད་ས་མེད་སྐད་རྐྱབ་ འའུ་ཟེར་ ཏེ་ གནམ་མེད་ས་མེད་ སྐད་རྐྱབ་སྦེ་
- ཟླ་བ་ཚེ་རིང་ Dawa Tsheringདེ་ལསན་ མི་འདི་ཚུ་ ག་ཅི་འབདཝ་ཨིན་ན་ཟེར་མནོ་སྦེ་ ཕྱི་ཁར་འཐོན་བལྟཝ་ད་ལུ་ གླངམོ་ཆེ་འདི་མར་ ཚོད་ཞིང་ནང་ལུ་ ཏེ་ གུན་ཆ་འདི་ཚུ་བཅག་ཟ་ ཏེ་ འ་ནཱི་བཟུམ་སྦེ་སྡོད་ནུག་ཟེར་ཨིན་མས། ཏེ་ ཁོ་འདི་ ཏེ་ བྱོག་ཡར་སོང་ནུག་ ཁོང་ ཁོ་གནམ་མེད་ས་མེད་ འ་ནཱི་ གཟུགས་ཡང་ཆུང་སུ་ཅིག་སྦེ་ འབད་ནི་འདི་གིས་ ཏེ་ གནམ་མེད་ས་མེད་ ཏེ་ གླངམོ་ཆེ་གིས་ ཡར་བཀོ་བཞག་སྦེ་ ཏེ་ ཁོ་བྱོག་ཡར་སོ་ནུག
- ཟླ་བ་ཚེ་རིང་ Dawa Tsheringཏེ་ འ་ནཱི་འབདཝ་ད་ གླངམོ་ཆེ་འདི་ གནམ་མེད་ས་མེད་ ཏེ་ རོགས་ཀྱིས་ རྡུང་ ད་འབདན་ རྟས་ཐག་གིས་རྡུང་ གནམ་མེད་ས་མེད་སྦོ་ གནམ་མེད་ས་མེད་བསྡུ་སྦེ་ ཁོ་ བུང་འགམ་ཆི་ནུག་ ཏེ་ ལགས། ཏེ་ འ་ནཱི་ ཏེ་ འ་ནཱི་འ་དོམ་འདི་ ཏེ་ ཁོ་མར་ ཆུའི་མཐའ་མར་ གཡིབ་སྦེ་སྡོད་སྡོདཔ་མས་ཁོ་ རྡོ་ཅིག་གི་རྒྱབ་ཁར་འཛུལ་སྦེ་ གཡིབ་སྦེ་སྡོདཔ་ད་ལུ་ གླངམོ་ཆེ་གནམ་མེད་ས་མེད་ བུང་འགམ་སྦེ་ འོང་མས་ལོ་དེམ་
- ཟླ་བ་ཚེ་རིང་ Dawa Tsheringད་འབདན་ ཏེ་ འ་ནཱི་ འ་དོམ་འདི་ག་ཏེ་ཡོད་རུང་ཡོད་ ཁོ་བསྒྲལ་རང་བསྒྲལ་ནི་ཟེར་ གསད་རང་གསད་ནི་ཟེར་འབད་འབདཝ་མས། ཏེ་ མར་ལྷོདཔ་ད་ལུ་ ཁོ་ ཁོ་ད་ཆུ་བརྒལ་ བརྒལ་སོང་ནུག་ ཆུའི་མཐའ་མར་ལྷོད་སྦེ་ ཏེ་ འ་ནེ་སྦེ་ཕར་དང་ཚུར་བལྟ་བལྟཝ་མས། བལྟཝ་ད་ལུ་ ཏེ་ འ་དོམ་འདི་ ཕར་ མ་མཐོང་ལོ་ཁོ་གིས་ ད་འབདན་ང་རང་ཕར་འགྱོ་སྦེ་ ཏེ་ ཨ་ཙི་ཅིག་ངལ་ཅིག་འཚོ་དགོ་པས་ཟེར་ ཆུ་བརྒལ་ ཕར་ ཆུའི་ཕར་ཁར་འཐན་སྦེ།
- ཟླ་བ་ཚེ་རིང་ Dawa Tsheringཏེ་ ངལ་འཚོ་དགོ་པས་ཟེར་ ཏེ་ ཁོ་ར་ ཆུ་བརྒལ་ནི་འབདཝ་ཅིག་ ཏེ་ འ་དོམ་འདི་ད་རུང་ ཡར་ལས་རྒྱུགས་འོང་སྦེ་ ཁོའི་སྒལ་ཏོག་གུ་འཛེགས་འཛེགསཔ་མས། ཏེ་ འཛེགཔ་ད་ལུ་ཏེ་ གླངམོ་ཆེ་གིས་སླབ་སླབ་མས། དབའི་ ཏེ་ ཁྱོད་གནམ་མེད་ས་མེད་ལྟས་ངན་ཨིན་མས། ཕར་ ཏེ་ ང་ནཱ་ ང་རང་རྐྱངམ་ཅིག་བཀོ་བཞག་སྦེ་ ཏེ་ ཁྱོད་སྐད་རྐྱབ་ འ་ནཱི་སྦེ་ ཏེ་ འགྱོཝ་མས་ ཏེ་ ཏེ་ ང་ཕར་ མི་ མི་འདི་ཚུ་ལས་ གནམ་མེད་ས་མེད་སྦོ་བསྡུ།
- ཟླ་བ་ཚེ་རིང་ Dawa Tsheringགནམ་མེད་ས་མེད་ འ་ནཱི་སྦེ་འབད་ཡི་ ཟེར་སླབ་ད་ལུ་ འ་ ད་ ཁྱོད་དགོངསམ་མ་ཁྲེལ་ཤིག་ད་ ད་ ང་གནམ་མེད་ས་མེད་ ལཱ་འཛོལ་སོང་ནུག ད་ ང་ཤེས་རང་མ་ཤེས་པར་ཟེར་ ཏེ་ ཁོ་གནམ་མེད་ས་མེད་ ཏེ་ ལྷུ་ལྷུཝ་མས་ ཏེ་ གླངམོ་ཆེ་གནམ་མེད་ས་མེད་ལྷུ་སྦེ་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཁོ་ ཏེ་ ཕར་ ཁོ་ཆུ་བརྒལ་མི་ཚུགས་པས་ ཏེ་ ཏེ་ བུཚུ་ གླངམོ་ཆེ་མེད་པ་ཅིན་ ཁོ་ཚུར་རང་ལུས་ནི་མས་བ།
- ཟླ་བ་ཚེ་རིང་ Dawa Tsheringའ་ནཱི་སྦེ་ ཏེ་ སྒལ་ཏོག་ཁར་འཛེགས་སྦེ་ ཕར་ཆུའི་སྦུག་ཁ་ལྷོད་སོངཔ་མས་ ཏེ་ དེ་ལས་ གླངམོ་ཆེ་འདི་གིས་ ནཱ་ལས་ཕར་ སྤ་ ད་རེས་འབདན་ཏེ་ ཡར་ལས་ མི་ མི་འདི་ཚུ་གིས་རྟས་ཐག་དྲང་ ཏེ་ ཡར་ལས་མར་རྒྱུགས་ཡི་ཟེར་ གནམ་མེད་ས་མེད་ འུ་སྡུག་ཡི་ད་ ང་ ཨ་ཙི་ཅིག་ ཆུ་ནང་ འ་ནཱི་སྦེ་ ཁོ་ ཉལ་དགོ་པས་ཟེརཝ་མས་ལོ།
- ཟླ་བ་ཚེ་རིང་ Dawa Tsheringདེ་ལས་ ཁོ་ ཆུ་ནང་ཉལཝ་ད་ འ་ནཱི་ ཏེ་ འ་དོམ་འདི་ ཁོ་ཐོག་ཁར་འདུག་བ་ ཏེ་ འ་ནཱི་འབདཝ་ད་ལུ་ ཏེ་ ཉལཝ་ཨིན་ཟེར་ ཏེ་ ཁོ་མར་ ཆུ་ནང་ཐིམ་སོང་ནུག་ ཏེ་ ཏེ་ ཐིམ་སྦེ་ ཏེ་ གླངམོ་ཆེ་འདི་ ཕར་ ཕྱི་ཁར་ ཆུ་ཕར་ཁར་འཐོན་སྦེ་ ཁོ་ངལ་འཚོ་སྦེ་སྡོད་སྡོདཔ་མས། དེ་ལས་ འ་དོམ་འདི་ གནམ་མེད་ས་མེད་ ཆུ་ནང་ལས་འཐོན་མ་ཚུགས་པར་ དཀའཝ་སྤྱད་ ཁོ་ ཕར་རྒྱུགས་ ཚུར་རྒྱུགས་སྦེ་ དེ་ལས་ ཏེ་
- ཟླ་བ་ཚེ་རིང་ Dawa Tsheringཏེ་ མཇུག་རང་ཁོ་གིས་ ཏེ་ རྩ་འགེངས་སྟེ་རང་འཐོན་ཚུགས་ནུག ན་འཐན་རང་བུང་འགམ་ཆི་ནུག ཏེ་ དེ་ལས་ འ་དོམ་འདི་ དབའི་ ཏེ་ ག་དེ་སྦེ་སྨོ་ ཏེ་ ཁྱོད་ཀྱིས་འདི་ ཏེ་ ཕར་ལས་ཚུར་ ཆ་རོགས་འབད་གེ་ཟེར་རང་སླབ་སྦེ་ ཏེ་ ཆུ་སྦུག་ཁར་ལྷོདཔ་ད་ལུ་ ཏེ་ ང་རང་རྐྱངམ་ཅིག་ཕར་བཀོ་བཞག་སྦེ་ ཏེ་ ཏེ་ ཏེ་ མ་པ་ སྔོན་མ་ལས་ འ་ནཱི་སླབ་ནུག་བ་ ཏེ་ འ་ནཱི་ གླངམོ་ཆེ་གིས་ དབའི་ ཏེ་ ཁྱོད་ག་ཅི་འབད་འདི་བཟུམ་སྦེ་
- ཟླ་བ་ཚེ་རིང་ Dawa Tsheringའ་ནཱི་ སྐད་རྐྱབ་བྱོག་ ང་རང་རྐྱངམ་ཅིག་ ཏེ་ ཡར་བཀོ་བཞག་སྦེ་ ཏེ་ ཁྱོད་སྐད་རྐྱབ་སྦེ་ ག་ཅི་འབད་འགྱོ་འགྱོཝ་སྨོ་ ཟེར་སླབ་ད་ ཏེ་ ང་མ་པ་ལས་རང་ ཏེ་ ང་རའི་ལང་ཤོར་རང་དེ་སྦེ་ཨིན་ ཏེ་ ཕྱི་རུ་འ་ནཱི་སྦེ་འགྱོཝ་ཅིག་ང་ མ་པ་ལས་རང་སྐད་རྐྱབ་དགོ་ཟེར་སླབ་ ཏེ་ གླངམོ་ཆེ་གིས་འ་ནཱི་ སེམས་ཁར་བཞག་སྦེ་ དེ་ལས་ ཕར་ཆུའི་མཐའ་མར་ལྷོད་སྦེ་ འབདཝ་ད་ལུ་ ཏེ་ འ་དོམ་གྱིས་སླབ་ད་ལུ་ ཏེ་ གླངམོ་ཆེ་གིས་ཡང་ ཏེ་ འ་ནཱི་སྦེ་ ཁོ་གི་ལན་འཇལ་ནི་གི་དོན་ལས་སླབ་སླབ་མས།
- ཟླ་བ་ཚེ་རིང་ Dawa Tsheringདབའི་ ང་ ཆུའི་སྦུག་ཁར་ལྷོདཔ་ཅིག་ ང་ཡང་གནམ་མེད་ས་མེད་ལང་ཤོར་ཚུད་དེ་རང་ཨིན་ད་ འ་ནཱི་འདི་ ཏེ་ ཆུའི་སྦུག་ཁར་ལྷོདཔ་ཅིག་ ང་ཚར་གཅིག་ཉལ་རང་ཉལ་དགོ་ཟེར་སླབ་སླབ་མས། དབའི་ འདི་བསྒང་འདི་ ཏེ་ ཤི་ནི་རང་འབད་ཡི་ ཏེ་ང་ ཆུ་ ཆུ་གིས་འཕྱག་སྟེ་འབག་ནི་རང་འབད་ཟེར་ འ་ནཱི་སྦེ་སླབ་མས་ལོ།
- ཟླ་བ་ཚེ་རིང་ Dawa Tsheringཏེ་ འ་ནཱི་འབདཝ་ད་ལུ་ ད་ སྲུང་འདི་གི་བཅུད་འབད་བ་ཅིན་ མ་པ་ བསམ་ངན་རོགས་ལུ་མནོ་བ་ཅིན་ ཏེ་ ལས་ངན་རང་ལུ་འཁོར་ཟེར་ ཏེ་ མ་པ་གཅིག་གི་གཅིག་ལུ་འ་ནཱི་བཟུམ་སྦེ་ དེམ་ རོགས་ལུ་མནོ་བ་ཅིན་ ཏེ་ ཟོགཔ་མནོ་བ་ཅིན་ ཏེ་ འདི་གི་ལས་འདི་ཡང་ རང་ལུ་འཁོར་ཏེ་གིས་སྦེ་ ཏེ་ འ་ནཱི་བཟུམ་སྦེ་ ཏེ་ རང་ལུ་ཡང་སྡུག་བསྔལ་མྱོངམ་ཨིན་ཟེར་ འ་ནེམ་ཅིག་ཨིན་མས་ལགས།། །།