Video Overview
བཅོ་ལྔ་ལྷ་མོ་དང་ བཀྲིས་ལྷ་མོ་གིས་ རྟ་མགོ་མི་ཆགས་ཟེར་མི་འདི་ ཆུ་ཁ་རྫོང་ཁག་ སྐྱུང་ཁ་གཡུས་ཀྱི་ མདའི་འབའ་སྐྱོར་ནང་སྦེ་ བཅོ་ལྔ་ལྷ་མོ་གིས་ ཞབས་བྲོ་འདི་འཁྱིད་ཞིནམ་ལས་ བཀྲིས་ལྷ་མོ་གིས་ཆ་རོགས་འབདཝ་ཨིན་མས། ཞབས་བྲོ་འདི་ནང་ རྟ་མགོའི་གཙུག་ལག་ཁང་དང་ འདིའི་མཐའ་འཁོར་གྱི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་མས། རྟ་མགོའི་གཙུག་ལག་ཁང་འདི་ རིགུ་ཆགས་ཏེ་ཡོདཔད་ ཉིམ་ཤར་བའི་དུས་ཚོད་ཁར་ གངས་སེངྒེ་འདི་གངས་གུ་ལས་ཕར་ཚུར་འགྱོ་དོ་ཡོདཔ་ད་ ཤཝ་འདི་སྤང་ནང་ ཕར་ཚུར་འཁྱམས་སྡོདཔ་ཨིན་ཟེར་མས།
- Chungkha
- བཅོ་ལྔ་ལྷ་མོ་དང་བཀྲིས་ལྷ་མོ Chonga Lhamo and Tashi Lhamoརྟ་མགོ་རྟ་མགོ་མི་ཆགས་རྟ་མགོ་ཆགས་ལ། །རྟ་མགོ་རི་གི་མདའ་མོ་ཆགས་ནི་ཡོང། །དགུང་ས་འཐོན་མོ་མི་ཆགས་མཐོན་མོ་ཆགས་ལ། །དགུང་དང་ཁྲི་གདུགས་ཉི་མ་ཆགས་ནི་ཡོང། །
- བཅོ་ལྔ་ལྷ་མོ་དང་བཀྲིས་ལྷ་མོ Chonga Lhamo and Tashi Lhamoརྟ་མགོ་རྟ་མགོ་མི་ཆགས་རྟ་མགོ་ཆགས་ལ། །རྟ་མགོ་རི་གི་མདའ་མོ་ཆགས་ནི་ལས་ཡོང། །དགུང་སྟོད་མཐོན་མོ་མི་ཆགས་འཐོན་མོ་ཆགས་ལ། །དགུང་དང་སྟག་སེང་དཀར་མོ་ཆགས་ནི་ལས་ཡོང། །
- བཅོ་ལྔ་ལྷ་མོ་དང་བཀྲིས་ལྷ་མོ Chonga Lhamo and Tashi Lhamoརྟ་མགོ་རྟ་མགོ་མི་ཆགས་རྟ་མགོ་ཆགས་ལ། །རྟ་མགོ་རི་གི་མདའ་མོ་ཆགས་ནི་ལས་ཡོང། །སྤང་གཤོང་མཐོན་མོ་མི་ཆགས་འཐོན་མོ་ཆགས་ལ། །སྤང་དང་ཤཝ་རྒས་རྭ་བཅུ་འཁྱམས་ནི་ལས་ཡོང། །
- བཅོ་ལྔ་ལྷ་མོ་དང་བཀྲིས་ལྷ་མོ Chonga Lhamo and Tashi Lhamoརྟ་མགོ་རྟ་མགོ་མི་ཆགས་རྟ་མགོ་ཆགས་ལ། །རྟ་མགོ་རི་གི་མདའ་མོ་ཆགས་ནི་ལས་ཡོང། །