Skip to main content Skip to search
14 Feb 2017
3 min 1 sec
Video Overview
Creators: 
Dawa Tshering, Lhakpa Dema

The women of Chungkha village perform the song “The Small Mountain” (Lungpa Chung Chung) during the village’s annual archery contest. The lyrics to the song express an aspiration that everyone enjoy the happiness emanating from the light of a golden and silver bird that was born in a golden mountain. This is an exhilarating song. While singing it, performers clap their hands and rotate their bodies to the left and to the right. The rhythm of the singing increases slowly; and the final verses are sung in a fast-paced tempo.  

 

སྐྱུང་ཁའི་ཨམ་སྲུ་ཚུ་གིས་ གཡུས་ཁའི་ལོ་མདའི་སྐབས་སུ་ ལུང་པ་ཕྱུང་ཕྱུང་ཟེར་མི་ ཞབས་བྲོ་འདི་རྐྱབ་ཨིནམ་ད་ གླུ་གཞས་འདི་རྐྱབ་པའི་སྐབས་ ཞབས་བྲོ་རྐྱབ་མི་ཚུ་ལགཔ་ཐལ་རྩེད་རྡུང་  གཟུགས་གཡས་དང་གཡོན་ལུ་ པད་སྐོར་འགྱིར་ཡི་ར་རྐྱབ་མས། ཞབས་བྲོའི་སྒྲ་དབྱངས་འདི་ གོ་ལེ་སྦེ་ཡར་སེང་འབད་དེ་ མཇུག་བསྡུ་ཡི་བསྡུ་ཡི་ར་ ཚིག་མགྱོགས་དྲགས་སྦེ་ཞིནམ་ལས་ མཇུག་བསྡུཝ་ཨིན། 

 

Transcript search
No results found for this search
0 of 0
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ལུང་པ་ཕྱུང་ཕྱུང་གསེར་གྱི་རི་ལ་དགའ་བ་ལ། །གསེར་གྱི་རི་ལ་སྐྱིད་པ་ལ། །གསེར་གྱི་རི་ལ་གསེར་མཚོ་ཆགས་ན་དགའ་བ་ལ། །གསེར་བྱ་ཆགས་ན་སྐྱིད་པ་ལ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    གསེར་མཚོ་འདི་ལས་གསེར་ཤིང་འཁྲུངས་ན་དགའ་བ་ལ།། གསེར་ཤིང་འཁྲུངས་ན་སྐྱིད་པ་ལ།། གསེར་ཤིང་འདི་ལ་གསེར་བྱ་ཆགས་ན་དགའ་བ་ལ།། གསེར་ཤིང་འདི་ལ་གསེར་བྱ་ཆགས་ན་སྐྱིད་པ་ལ
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    གསེར་བྱ་སྤུན་གསུམ་གནམ་ལུ་སྡིང་ན་དགའ་བ་ལ། །གནམ་ལུ་སྡིང་ན་སྐྱིད་པ་ལ། །གནམ་ལ་གཞའ་དང་འོད་ཀྱིས་སྤུབས་ན་དགའ་བ་ལ། ། འོད་ཀྱིས་སྤུབས་ན་སྐྱིད་པ་ལ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ས་གཞི་འདི་ལ་ཕུན་སུམ་ཚོགས་ན་དགའ་བ་ལ། །ཕུན་སུམ་ཚོགས་ན་སྐྱིད་པ་ལ། །ལུང་པ་ཕྱུང་ཕྱུང་དངོས་ཀྱི་རི་ལ་དགའ་བ་ལ། །དངོས་ཀྱི་རི་ལ་སྐྱིད་པ་ལ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    དངོས་ཀྱི༌རི༌ལ༌དངོས༌མཚོ༌ཆགས་ན་དགའ་བ་ལ། །དངོས་མཚོ་ཆགས་ན་སྐྱིད་པ་ལ། །དངོས་ཤིང་འདི་ལ་དངོས་བྱ་ཆགས་ན་དགའ་བ་ལ། །དངོས་བྱ་ཆགས་ན་སྐྱིད་པ་ལ། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    དངོས་བྱ་སྤུན་གསུམ་གནམ་ལ་སྡིང་ན་དགའ་བ་ལ། །གནམ་ལུ་སྡིང་ན་སྐྱིད་པ་ལ། །གནམ་ཁ་གཞའ་དང་འོད་ཀྱིས་སྤུབས་ན་དགའ་བ་ལ། །འོད་ཀྱིས་སྤུབས་ན་སྐྱིད་པ་ལ། །