Skip to main content Skip to search
04 Jul 2018
9 min 32 sec
Video Overview
Creators: 
Norzin Lhamo

Aum Lemo from Nubi Gewog leads the Nubi Zhem. Though it is called Nubi Zhem in general, it is composed of different classical Bhutanese songs, all with auspicious lyrics. Aum Lemo is the main lead of Nubi Zhem due to the high quality of her voice and her overall integrity of performance. This zhem is about the flourishing of Dharma in Bhutan through great and renowned masters such as Buddha, Triple Gem and Guru Rinpoche. It is about praying to them and chanting their mantras for the wellbeing of all sentient beings.

༉  ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ལས་ ནུབ་སྦིས་གཞསམོ་གི་འགོ་དཔོན་ ཨམ་གླེ་མོ་ཟེར་མི་གིས་ ནུབ་སྦིས་གཞསམོ་འདི་འཐེན་ཏེ་ཡོདཔ་ཨིན། གཞསམོ་འདི་ ནུབ་སྦིས་རྒེད་འོག་གི་ཨམ་སྲུ་ཚུ་གིས་འཁྲབ་ནི་ཡོདཔ་ཨིན་མས། སྤྱིར་བཏང་གླུ་གཞས་འདི་ལུ་ ནུབ་སྦིས་གཞསམོ་ ཟེར་སླབ་ཨིན་རུང་ གླུ་གཞསམོ་འདི་ ཆོས་དང་འབྲེལ་བའི་གླུ་ཚིག་འབདཝ་ལས་ གདངས་དབྱངས་དང་འཁྲབ་ལུགས་དེ་ཡང་ སྐྱོན་གང་ཡང་མེད་པར་ གནམ་མེད་ས་མེད་འཇའ་ཆི་ཆི་འབད་འཁྲབ་སྟེ་ བྱིན་རླབས་ཅན་སྦེ་བརྩི་འཇོགས་འབདཝ་ཨིན་མས། ཨམ་གླེ་མོ་འདི་ སྐད་ཧོན་ཏོང་ཏོ་ཡོདཔ་མ་ཚད་ ཞབས་ཁྲའི་ལེའུ་ཡང་ལེགས་ཤོམ་སྦེ་རྐྱབ་ཤེསཔ་ལས་ མོ་གཞསམོ་གི་གཙོ་ཅན་ཅིག་སྦེ་བརྩིཝ་ཨིན་མས། གཞསམོ་འདི་གི་མིང་ཡང་ གནས་བསྐལ་པ་བཟང་པོའི་འཛམ་གླིང་ནང་ ཟེར་སླབ་ཨིནམ་ད་ འ་ནཱི་གཞསམོ་འདི་ གུ་རུ་རིན་པོ་ཆེ་ལ་སོགས་པ་ཚུ་གིས་ རྒྱལ་ཁབ་ནང་ནང་པའི་ཆོས་དར་བའི་སྐོར་ལས་ཨིནམ་མ་ཚད་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་སྨོན་ལམ་བཏབ་ནི་དང་ སྔགས་གདངས་དབྱངས་བཟུམ་སྦེ་འཐེན་པའི་སྐོར་ལས་ཨིན་མས།

Transcript search
No results found for this search
0 of 0
  • གླེ་མོ་
    Lemo: ཡ་ཡ། གནས་བསྐལ་པ་བཟང་པོའི་འཛམ་གླིང་ནང་། །ལྷ་མཆོག་འགྱུར་ཡ་ཤཱཀྱ་རྒྱལ་པོ་བྱོན་ཡ། ། ཆོས་ཐེག་པ་གསུམ་གྱི་འཁོར་ལོ་བསྐོར། །མི་དད་པ་ཡ་ཅན་ཚུ་འཕགས་པ་ཐོབ་ཡ། །
  • གླེ་མོ་
    Lemo: སྐྱབས་བསླུ་མེད་དཀོན་མཆོག་གསུམ་ཞེས་གྲགས། །མཚན་ཐོས་ཚེ་ཡ་ངན་སོང་གསུམ་ལས་གྲོལ་ཡ། ། སྤྱིར་བསླུ་མེད་དཀོན་མཆོག་ལྷ་རུ་བཟུང་། །སྒོས་ཨོ་རྒྱན་ཡ་པདྨ་གསོལ་བ་འདེབས་ཡ། །
  • གླེ་མོ་
    Lemo: ཆོས་སྙིང་པོ་བཛྲ་གུ་རུ་འགྱངས། །ཚེ་ད་རིས་ཡ་སྐྱིད་པའི་བདེ་བ་འཐོབ་ཡ། ། ཚེ་ཕྱི་མ་དག་པའི་ཞིང་དུ་འགྲོ། །[ཞོམ་ཨ་ལེ་ཡ་ཟེར་རོ་?]མཆོད་པ་ཕུལ་ཡ།། །།