Video Overview
The first few verses of this song contain very sad words so it is often performed during sad or melancholy situations. At the end of the song, however, the lyrics turn to words of praise to our fourth king Jigme Singye Wangchuck. Judging by its last verse, it is likely that people might have sung and performed this song with great happiness and pride in the past. This song can be sung in three different tunes; furthermore, there are different versions of the lyrics.
བཀྲ་ཤིས་གཡང་རྩེ་རི་བྱུང་ལས་ སངས་རྒྱས་རྡོ་རྗེ་གིས་འཐེན་མི་གླུ་གཞས་ སྐལ་བཟང་ལ་འདི་ གོང་གི་ཚིག་ཚུ་ལུ་བལྟ་བ་ཅིན་ སེམས་སྐྱོ་བའི་གནས་སྐབས་ཅིག་ནང་འཐེན་ནི་གི་གླུ་གཞས་བཟུམ་ཅིག་ཡོདཔ་ཨིན་རུང་ མཇུག་གི་ཚིག་ འཇིགས་མེད་སེང་གེ་དབང་ཕྱུག །སྐལ་བཟང་ལ། སྔར་ལས་དར་ཞིང་རྒྱས་སོང་། ཟེར་འཐེན་དོ་ཡོདཔ་ལས་ འདི་ལུ་བལྟ་བ་ཅིན་ འབྲུག་རྒྱལ་བཞི་པ་མི་དབང་མངའ་བདག་རིན་པོ་ཆེ་ལུ་བསྟོད་པའི་སྒོ་ལས་ སེམས་དགའ་བའི་དཔའ་ཉམས་བསྐྱེད་དེ་འཐེན་འཐེནམ་བཟུམ་སྦེ་ཡང་མཐོངམ་ཨིན་པས། ག་དེ་སྦེ་ར་ཨིན་རུང་ གླུ་གཞས་སྐལ་བཟང་ལ་འདི་ གདངས་དབྱངས་མ་འདྲཝ་ལྷམ་པ་གསུམ་དེ་ཅིག་འཐེན་ནི་ཡོད་ས་ལས་གཅིག་ཁོ་གིས་འཐེནམ་ཨིན་པས། དེ་མ་ཚད་ ཚིག་ཡང་ཨ་ཙི་རེ་མ་འདྲཝ་སྦེ་འདུག།
- Jamkhar
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ་ [འདབ་གསང་] རླུང་གི་གཤོག་པོ་ཡ་ལ་སྐལ་བཟང་ལ། །མི་གཙང་དྭངས་ཀྱི་ལོག་སོང་། །The fortune one......wings of the wind, leaves and dirt. The fortune one.Impurities are returned back with the help of purifier.
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི་ སྐལ་བཟང་ལ་ མི་གཙང་དྭངས་ཀྱི་ལོག་སོང་།The fortune one. The impurities are returned back with the help of purifier.
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ་ འགྲོ་དགོས་འགྲོ་དགོས་བསམ་པ་ཡ་ལ་ སྐལ་བཟང་ལ། །ཕ་ཡུལ་རང་ལ་མིན་འདུག །The fortune one. Thought to go and go. The fortune one.I have no homeland.
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི་ སྐལ་བཟང་ལ་ཕ་ཡུལ་རང་ལ་མིན་འདུག །The fortune one. I have no homeland
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ་སྡོད་གེ་སྡོད་གེ་བསམ་པ་ཡ་ལ་ སྐལ་བཟང་ལ། །མ་ཡུལ་ང་ལུ་མིན་འདུག །The fortune one. Thought of staying and staying. The fortune one.I have no mother land.
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི སྐལ་བཟང་ལ་མ་ཡུལ་ང་ལུ་མིན་འདུག །The fortune one. I have no motherland.
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ་ཆུང་ཚེ་ཕ་མའི་གསོ་བ་ཡ་ལ་ སྐལ་བཟང་ལ། །ཕ་མ་བཀའ་དྲིན་ཆེ་སོང་། །The fortune one. For nurturing while small. The fortune one.Thank you my parents.
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི་ སྐལ་བཟང་ལ་ ཕ་མ་བཀའ་དྲིན་ཆེ་སོང་། །The fortune one. Thank you my parents.
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ་ སྦོམ་ཚེ་མི་གི་གཡོག་པོ་ཡ་ལ་ སྐལ་བཟང་ལ། །ཚེ་སྔོན་ལས་ཀྱི་བསྐོས་སོང་། །The fortune one. On growing became people's servant. All because of the past life's karma
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི་ སྐལ་བཟང་ལ་ ཚེ་སྔོན་ལས་ཀྱི་བསྐོས་སོང་། །The fortune one. All because of the past life's karma.
- སངས་རྒྱས་རྡོ་རྗེ Sangay Dorjiསྐལ་བཟང་ལ འཇིགས་མེད་སེང་གེ་དབང་ཕྱུག་ཡ་ལ་ སྐལ་བཟང་ལ། །སྔར་ལས་དར་ཞིང་རྒྱས་སོང་། །The fortune one. Jigme Singye Wangchuck. May flourish ever from past
- སངས་རྒྱས་རྡོ་རྗེ Sangay Dorjiཡ་ལ་ནི་ སྐལ་བཟང་ལ་ སྔར་ལས་དར་ཞིང་རྒྱས་སོང་། །The fortune one. May flourish ever from past.
- སངས་རྒྱས་རྡོ་རྗེ Sangay Dorjiལགས་སོ་ལགས།Thank you.