Skip to main content Skip to search
20 Jun 2018
6 min
Video Overview
Creators: 
Duptho, Sonam Chophel

Pema Wangdi and group from Thrakthri village in Sakteng Gewog sing the boedra song “Kesangla”, which literally means ‘A Fortunate One’. This song is very popular in Merak and Sakteng. The song was sung while serving rounds of Ara (local alcohol), in Brokpa, filling the atmosphere of the occasion with a light-hearted melody. They usually sing and dance until midnight, or until everyone agrees to call it a night. 

 

སག་སྟེང་རྒེད་འོག་ ཁྲག་ཁྲི་གཡུས་ཚན་ལས་ པདྨ་དབང་འདུས་ཀྱིས་འཐེན་མི་ བོད་སྒྲའི་གླུ་གཞས་སྐལ་བཟང་ལ་ཟེར་མི་འདི་ མེ་རག་དང་སག་སྟེང་གི་གཡུས་ཚན་ནང་ གནམ་མེད་ས་མེད་ སྐད་གྲགས་ཅན་ཅིག་ཨིན་མས། ཞབས་བྲོ་འདི་གཙོ་བོ་ར་ ང་བཅས་རའི་ ཨ་རག་དྲང་བའི་སྐབས་ འབྱོགཔ་འདི་ཚུ་གིས་འཐེནམ་ཨིནམ་ད་ ཁོང་གིས་ དེ་བསྒང་ སྐལ་བཟང་ལ་གི་གཙོས་པའི་ ཞབས་བྲོ་གཞན་ཡང་རྐྱབ་སྟེ་ ནུབ་ཕྱེད་ཚུན་ཚོད་དང་ ཡང་ན་མཇུག་བསྡུ་གེ་ཟེར་མ་སླབ་ཚུན་ཚོད་ འཕྲོ་མཐུད་ར་རྐྱབ་ཨིན་མས། 

 

Transcript search
No results found for this search
0 of 0
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་བཞུགས་ཆེ་ལ། །ཡ་ལ་རྩ་རི་གནས་ནང་གི་སྨྱུང་མ་ནི། །ཡ་ལ་རྩ་རི་གནས་ནང་གི་སྨྱུང་མ་ནི་ལ། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་གནས་ལ་འདི་ལ། །ཡ་ལ་དར་ཤིང་གནས་འཕྱར་བ་དར་ལ་ནི་འཕྱར། །ཡ་ལ་དར་ཤིང་གནས་འཕྱར་བ་དར་ལ་ནི་འཕྱར། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་གོང་མ་རྟིང་ན། །ཡ་ལ་བཅག་ན་མེ་ཏོག་ཕུལ་བཀྲ་ལ་ནི་ཤོག །ཡ་ལ་བཅག་ལ་ནི་མེ་ཏོག་ཕུལ་བཀྲ་ལ་ནི་ཞུ། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་ཆོས་ལ་ཕུལ་ན། །ཡ་ལ་བླ་མའི་འཛོམས་ཀྱང་ཆོས་སྒྲ་ལ་ནི་ཞུ། །ཡ་ལ་བླ་མའི་འཛོམས་ཀྱང་ཆོས་སྒྲ་ལ་ནི་ཞུ། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་ལ་འདི་ལ། །ཡ་ལ་ཆོས་ཀྱི་གནས་ལ་བཤད་གྲཱ་ལ་ནི་ཞུ། །ཡ་ལ་ཆོས་ཀྱི་གནས་ལ་བཤད་གྲཱ་ལ་ནི་ཞུ། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སྐད་བཟང་ལ་སྨྱུང་མ་ནི་ལ་འདི་ལ། །ཡ་ལ་འབུབ་ཡི་ནད་འབུབ་ལ་སྒྲ་ལ་ནི་ཞུ། །ཡ་ལ་འབུབ་ཡི་ནད་འབུབ་ལ་སྒྲ་ལ་ནི་ཞུ། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    བཀའ་དྲིན་ཆེ་ ལགས་སོ་ལགས།