Skip to main content Skip to search
15 Feb 2017
4 min 5 sec
Rating
0
No votes yet
Video Overview
Creators: 
Dawa Tshering, Thinley Dorji

 གླུ་གཞས་ལྷ་དར་དགའཝ་ཟེར་མི་འདི་ ཐིམ་ཕུག་རྫོང་ཁག་ ལྕམ་སྒང་གཡུས་ཚན་ལས་ ཐང་ཀ་དཔལ་འབྱོར་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་གིས་ གསོལ་མཆོད་ཀྱི་དོན་ལུ་ གསད་ནི་སྦེ་ སྤང་དགའ་ཏོག་ཏོ་ཅིག་ནང་བཏགས་བཞག་མི་ གཡག་ལྷ་དར་གྱི་ མནོ་ཐངས་ཀྱི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིན་པས།  ཚིག་ནང་གཡག་འདི་ རྩ་བཟའ་སྡོད་སའི་ འབྲུག་གི་རི་མཐོ་དྲགས་ ཉམས་དགའ་ཏོག་ཏོ་འདི་དང་ ཁོ་རྩ་ག་དེ་སྦེ་ བཟའ་སྡོད་སྡོདཔ་ཨིན་ནའི་སྐོར་ལས་ འགྲེལ་བཤད་རྐྱབ་ཨིནམ་ད་ ཁོ་གི་ཇོ་བདག་ལུ་ སྟོབས་ཤུགས་ཅན་གྱི་དཔོན་གྱིས་ གསོལ་མཆོད་ཀྱི་དོན་ལུ་ གསད་དགོཔ་སྦེ་ བཀའ་གནངམ་ལས་ ཁོ་གི་ དགའ་བའི་དུས་ཚོད་འདི་ རྫོགས་སོང་ཡི་ཟེར་ཨིན་པས། འདི་འབདཝ་ལས་ གཡག་ལྷ་དར་གྱི་ ཁོ་དུས་སྟོན་གྱི་དོན་ལུ་ གསད་ནི་ཨིན་པའི་ མྱ་ངན་ཚུ་སླབ་ཨིནམ་ད་ གླུ་གཞས་འདི་ ཧན་ཏོང་ཏོ་དང་ ཚོར་སྣང་ཅན་ཅིག་ཡོད་རུང་ འཐེན་མི་འདི་གིས་ ཚིགས་བཅད་དག་པ་ཅིག་བརྗེད་སོངམ་ལས་ མཇུག་བསྡུ་མི་ཚུགས་པས།

Show More

  • གཡང་ཀ་དང་ཆ་རོགས Yangka and friends
    སྐལ་བ་བཟང་པོ་གཅིག་དང་བཟང་པོ་གཉིས་ལ། ། སྐལ་བ་བཟང་པོ་མཇལ་བའི་རྟེན་འབྲེལ་བཟང་། ། སྐལ་བ་བཟང་པོ་མཇལ་བའི་རྟེན་འབྲེལ་བཟང་། །
  • གཡང་ཀ་དང་ཆ་རོགས Yangka and friends
    ཕྱི་ནང་ཡོན་ཏན་ཐོབ་པ་སེམས་རེ་དགའ་ལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ། །
  • གཡང་ཀ་དང་ཆ་རོགས Yangka and friends
    སེམས་ལ་དགའ་བ་གཅིག་དང་སྐྱིད་པ་གཉིས་ལ། ། སེམས་ལ་དགའ་བ་དྲིན་ཅན་སློབ་དཔོན་ཚུ། ། སེམས་ལ་དགའ་བ་དྲིན་ཅན་སློབ་དཔོན་ཚུ། །
  • གཡང་ཀ་དང་ཆ་རོགས Yangka and friends
    ཕ་མ་གཉིས་ལས་ལྷག་པར་སེམས་རེ་དགའ་ལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ། །
  • གཡང་ཀ་དང་ཆ་རོགས Yangka and friends
    གཙུག་རྒྱན་དཀོན་མཆོག་མི་རྗེ་དཀོན་མཆོག་འདི་ལ། ། གཙུག་རྒྱན་དཀོན་མཆོག་མངའ་བདག་རིན་པོ་ཆེ། ། གཙུག་རྒྱན་དཀོན་མཆོག་མངའ་བདག་རིན་པོ་ཆེ། །
  • གཡང་ཀ་དང་ཆ་རོགས Yangka and friends
    སྐུ་ཚེ་ཞབས་པད་བརྟན་པ་སེམས་རེ་དགའ་ལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ། ། སེམས་ལ་དགའ་བའི་གླུ་གར་ལྷ་ལུ་ཕུལ།། །།