Skip to main content Skip to search
13 Feb 2017
4 min 2 sec
Video Overview
Creators: 
Dawa Tshering, Lhakpa Dema

Local people from Chungkha village in Chukha District perform the song and dance “The Fortunate Era” (Kelpa Zangsong) during the village’s annual archery contest. The dance is “disturbed” many times by archers who come back and forth from the competition grounds, and by children who play around the area. The song conveys a meaningful message regarding the universal availability of religious practice. The root guru, the song says, is present at every corner of the universe, and even beyond the universe. The song also talks about the good fortune of being born as a human being, and receiving blessings from religious masters.

 

ཆུ་ཁ་རྫོང་ཁག་ སྐྱུང་ཅུང་གཡུས་ཚན་གྱི་ མི་འདི་ཚུ་གིས་ བོད་སྒྲའི་གླུ་གཞས་ སྐལ་པ་བཟང་སོང་ལ་ཟེར་མི་འདི་འཐེནམ་ཨིནམ་ད་ འདི་ཡང་ གཡུས་ཁའི་ཉིན་གྲངས་གསུམ་གྱི་ ལོ་མདའི་དུས་སྟོན་གྱི་སྐབས་སུ་ རྐྱབ་རྐྱབ་ཨིན། ཏེ་ཞབས་བྲོ་འདི་ མདའ་རྩེདཔ་ཚུ་གིས་ ཕར་འགྱོ་ཚུར་འོང་འབད་བའི་སྐབས་དང་ ཨ་ལུ་འདི་ཚུ་ རྩེདམོ་རྩེ་བའི་སྐབས་ ཚར་ལེ་ཤ་ཅིག་ར་ བར་ཆད་རྐྱབ་མས། ཞབས་བྲོ་འདི་ནང་ ང་བཅས་རའི་ འཛམ་བུ་གླིང་འདི་ནང་ དམ་པའི་ཆོས་སྒྲུབ་ནིའི་ གོ་སྐབས་སྦོམ་ཡོདཔ་སྦེ་ སླབ་ཨིནམ་ད་  ང་བཅས་རའི་ རྩ་བའི་བླམ་འདི་ འཇིག་རྟེན་དང་ འཇིག་རྟེན་ལས་འདས་པ་གཉིས་ཆ་རའི་ནང་ བཞུགས་ཡོད་ཟེར་མས། ད་རུང་གླུ་གཞས་འདི་ནང་ ཚེ་ད་རེས་ མི་ལུས་རིན་པོ་ཆེ་ཐོབ་ བླམ་འདི་ཚུ་ལས་ དམ་པའི་ཆོས་ཞུ་ཚུགས་མི་འདི་ སྐལ་བ་བཟངམ་ཨིནམ་སྦེ་སླབ་མས། 

 

Transcript search
No results found for this search
0 of 0
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    རྫོང་གསར་གསེར་ལས་སྟེང་ལ། །དྲིན་ཆེན་ཙ་བའི་བླ་མ། ། སྐལ་པ་བཟང་སོང་ལ། །ང་ཡི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་། ། ནོར་བུ་བཟང་སོང་ལ། །ངའི་ནོར་བུ་ཨོ་ལོའི་གླུ་ལ་གསན་གནང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤར་ལ་རི་གསུམ་འཛོམས་ས། །ཤིང་ཆེན་འཛོམས་པ་འཁྲུངས་ཡོད། ། སྐལ་པ་བཟང་སོང་ལ། །ངའི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་། ། ནོར་བུ་བཟང་སོང་ལ། །ངའི་ནོར་བུ་ཨོ་ལོའི་གླུ་ལ་གསན་གནང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤིང་ཆེན་ཆེ་བའི་རྩེ་ལ། །(གནས་ཆེན་རང་དང་་་་)གཡུ་ཡི་ལྡུམ་ར་འཁྲུངས་ཡོད། ། སྐལ་པ་བཟང་སོང་ལ། །ང་ཡི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།། ནོར་བུ་བཟང་སོང་ལ། །ང་ཡི་ནོར་བུ་ཨོ་ལོའི་གླུ་ལ་གསན་གནང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤིང་ཆེན་བར་པའི་རྩེ་ལ། །ལྷ་ཤིང་ཤུགས་པོ་འཁྲུངས་ཡོད། ། སྐལ་པ་བཟང་སོང་ལ། །ང་ཡི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་།། ནོར་བུ་བཟང་སོང་ལ། །ང་ཡི་ནོར་བུ་རི་ཨོ་ལོའི་གླུ་ལ་གསན་དང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤིང་ཆེན་ཆུང་བའི་རྩེ་ལ། །བ་ལུ་སུ་ལུ་འཁྲུངས་ཡོད། ། སྐལ་པ་བཟང་སོང་ལ། །ང་ཡི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་། ། ནོར་བུ་བཟང་སོང་ལ། །ང་ཡི་ནོར་བུ་ཨོ་ལོའི་གླུ་ལ་གསན་གནང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤིང་ཆེན་ཆུང་བའི་རྩེ་ལ། །བསངས་ཤིང་བཅག་ཤོག་ཟེརཝ་མས། ། སྐལ་པ་བཟང་སོང་ལ། །ང་ཡི་ནོར་བུ་རེ་རེ་ཅིག་འཁྲུངས་སོང་། ། ནོར་བུ་བཟང་སོང་ལ། །ང་ཡི་ནོར་བུ་ཨོ་ལོའི་གླུ་ལ་གསན་གནང་། །
  • བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ
    ཤིང་ཆེན་ཆུང་བའི་རྩེ་ལ། །ཇ་བཞེས་པ་ཅིན་འདྲ་འོང་མདའ་རྐྱབ་ནི་གི།