Video Overview
Namgay Wangchuk from Serphu village sings "Rila Chenpo," a zhungdra song. The slope of the mountain is covered with flowers; and its top, with "balu and sulu." The song says a fortunate man should offer this golden water, flowers, and "balu and sulu" as an oblation to gods. Namgay Wangchuk has learned this song from his grandmother, but he says its origins are unknown.
- Lhuntse
- Khoma
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: རི་བོ་ལ་ཆེན་པོ་རི་གི་རྩ་བ་ན་ལ། །རི་བོ་ལ་ཆེན་པོ་རི་གི་རྩ་བ་ན། །ཨ་རོགས་ཚོ་ཆུ་མར་འགྲོ་འགྲོ་འགྲོ་འདི་ལུ་གསེར་གཅིག་འཁྲུངས། །ཨ་རོགས་ཚོ་ཆུ་མར་འགྲོ་འགྲོ་འགྲོ་འདི་ལུ་གསེར་གཅིག་འཁྲུངས། །
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: ཆུ་མར་འགྲོ་འགྲོ་འདི་ལུ་གསེར་གཅིག་འཁྲུངས་ན། །ཆུ་མར་འགྲོ་འགྲོ་འགྲོ་འདི་ལུ་གསེར་གཅིག་འཁྲུངས་ན། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་ཡོན་ཆབ་ཕུལ། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་ཡོན་ཆབ་ཕུལ། །
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: རི་བོ་ལ་ཆེན་པོ་རི་གི་སྐེད་པ་ན་ལ། །རི་བོ་ལ་ཆེན་པོ་རི་གི་སྐད་པ་ན། །ཨ་རོགས་ཚོ་ས་ཡར་གྱི་ཐམས་ཅད་གུར་གུར་མེ་ཏོག་ཤར་ཡོད། །ཨ་རོགས་ཚོ་ས་ཡར་གྱི་ཐམས་ཅད་གུར་གུར་མེ་ཏོག་འཁྲུངས་ཡོད། །
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: ས་ཡར་གྱི་ཐམས་ཅད་གུར་གུར་མེ་ཏོག་འཁྲུངས་ན། །ས་ཡར་གྱི་ཐམས་ཅད་གུར་གུར་མེ་ཏོག་འཁྲུངས་ན། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་མེ་ཏོག་ཕུལ། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་མེ་ཏོག་ཕུལ། །
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: རི་བོ་ལ་ཆེན་པོ་རི་གི་རྩེ་མོ་ན་ལ། །རི་བོ་ལ་ཆེན་པོ་རི་གི་རྩེ་མོ་ན། །ཨ་རོགས་ཚོ་ས་ཡར་གྱི་ཐམས་ཅད་བ་ལུ་སུ་ལུ་འཁྲུངས་ཡོད། །ཨ་རོགས་ཚོ་ས་ཡར་གྱི་ཐམས་ཅད་བ་ལུ་སུ་ལུ་འཁྲུངས་ཡོད། །
- རྣམ་རྒྱལ་དབང་ཕྱུག་Namgay Wangchuk: ས་ཡར་གྱི་ཐམས་ཅད་བ་ལུ་སུ་ལུ་འཁྲུངས་ན། །ས་ཡར་གྱི་ཐམས་ཅད་བ་ལུ་སུ་ལུ་འཁྲུངས་ན། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་བསང་ཅིག་བཏང་། །ཨ་རོགས་ཚོ་ཕོ་བསོད་ནམས་ཅན་གྱིས་ལྷ་ལུ་བསང་ཅིག་བཏང་། །