Skip to main content Skip to search
18 Jun 2018
5 min 5 sec
Video Overview
Creators: 
Sonam Tobgye

Tshering Dema from Khoma village sings "Sharla Jagar," an old boedra song. This local song relates  the performance of a ritual that requests prosperity from sacred trees such as the Ngayab Nyenpa, Nakong Nyudri vessel tree and Jabthra to the only qualified teacher, to the Mighty Lord and to the barmaid.

༉  ཤར་ལ་རྒྱ་གར་ཟེར་མི་འབོད་སྒྲ་རྙིང་ཤོས་འདི་ ལྷུན་རྩེ་རྫོང་ཁག་ཁོ་མ་གཡུས་ཚན་ནང་གི་གླུ་གཞས་ཅིག་ཨིན་མི་འདི་ཚེ་རིང་སྒྲོལ་མ་གིས་འཐེན་ཏེ་འདུག གླུ་གཞས་འདི་གིས་དམིགས་བསལ་གྱིས་ རིམ་གྲོ་དང་ཞི་བདེ་འཐོབ་ནི་ ཞི་བདེ་འདི་ཡང་རྩ་ཆེ་བའི་ [ཤིང་རྔ་ཡབ་སྙན་པ་དང་གཞོངམ་དང་འདྲ་བའི་?]སྣ་ཀོང་སྨྱུག་འབྲི་ དེ་ལས་[རྟོགས་པ་དང་ལྡན་པའི་དཀོན་མཆོག་?]དང་མཚོ་སྨན་ལུ་[ཇབ་ཐྲ་?]འབད་བའི་ཆེད་དུ་སྟོན་ཏེ་འཁྲབ་སྟོན་འབད་དེ་འདུག གླུ་གཞས་འདི་དང་ཕུ་ལས་ཁོ་མ་གཡུས་ཚན་ནང་འཐེན་ཏེ་ཡོདཔ་མ་ཚད་ ད་ལྟོ་ཡང་ཕམ་རྒན་ཤོས་ཚུ་གིས་ དུས་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་ས་ལས་ཕར་ཡང་འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • Tshering Dema: ཤར་ལ་རྒྱ་གར་རི་གི་རྩ་བ་ན་གཡང་ཁུག་ཉིད། །རྒྱ་གར་ལ་རི་གི་རྩ་བ་ན་གཡང་ཁུག་སོ། ། ཤིང་ལ་རྔ་ཡབ་སྙན་པའི་ཤིང་གཅིག་ཡོད་གཡང་ཁུག་ཉིད། །རྔ་ཡབ་ལ་སྙན་པའི་ཤིང་གཅིག་ཡོད་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: འདི་ཚུ་སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་སོ། ། མཚན་ལྡན་བླ་མ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་སོ། །བླ་མ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཕྱི་མ་ཡར་འདྲེན་སྐྱོང་བའི་ཞལ་བཞེས་ཡོད་གཡང་ཁུག་ཉིད། །ཡར་འདྲེན་སྐྱོང་བའི་ཞལ་བཞེས་ཡོད་གཡང་ཁུག་སོ། ། ཤར་ལ་རྒྱ་གར་རི་གི་རྐེད་པ་ན་གཡང་ཁུག་ཉིད། །རྒྱ་གར་རི་གི་རྐེད་པ་ན་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: [ན་ཀོང་སྨྱུག་བྲིས་བུམ་པའི་?]ཤིང་གཅིག་ཡོད་གཡང་ཁུག་ཉིད། །[སྨྱུག་བྲིས་བུམ་པའི་?]ཤིང་གཅིག་ཡོད་གཡང་ཁུག་སོ། ། འདི་ཚུ་སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: དབང་ཆེན་དཔོན་པོ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་ཉིད། །དཔོན་པོ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་སོ། ། ཕྱི་མ་བཀའ་གྲོལ་གན་བའི་ཞལ་བཞེས་ཡོད་གཡང་ཁུག་ཉིད། །བཀའ་གྲོལ་གན་བའི་ཞལ་བཞེས་ཡོད་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཤར་ལ་རྒྱ་གར་རི་གི་རྩེ་མོ་ན་གཡང་ཁུག་ཉིད། །རྒྱ་གར་ལ་རི་གི་རྩེ་མོ་ན་གཡང་ཁུག་སོ། ། ཤིང་ལ་རྒྱབ་ཁྲ་གནོན་པའི་ཤིང་གཅིག་ཡོད་གཡང་ཁུག་ཉིད། །རྒྱབ་ཁྲ་ལ་གནོན་པའི་ཤིང་གཅིག་ཡོད་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: འདི་ཚུ་སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལུ་ཕུལ་རྒྱུ་མེད་གཡང་ཁུག་སོ། ། ཆང་མ་ཨ་མ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་ཉིད། །ཆང་མ་གཅིག་གི་ཕྱག་སུ་(ལུ་)ཕུལ་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཕྱི་མ་གླུ་གར་འབྱུང་བའི་བཞེས་བཞེས་ཡོད་གཡང་ཁུག་ཉིད། །གླུ་གར་འབྱུང་བའི་ཞལ་བཞེས་ཡོད་གཡང་ཁུག་སོ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ལགས་སོ།། །།
    ཚེ་རིང་སྒྲོལ་མ