Video Overview
Tsomo from Gartsé village in Tsekhok tells the story of how a meat-loving man ruined his family by eating all of their cattle.
བརྙན་འདིར་སྔོན་རྒད་པོ་ཤ་དགའ་ཞིག་གིས་ཁྱིམ་ཚང་གི་བ་གླང་ཡོད་ཚད་ཟོས་ཚར་བ་དང་། མཇུག་མཐར་ཟ་རྒྱུ་གཅིག་ཀྱང་མེད་སོང་བའི་གཏམ་རྒྱུད་བརྗོད་ཡོད།
བརྙན་འདིར་སྔོན་ཁྱིམ་ཚང་ཞིག་ལ་བ་མོ་བརྒྱ་ཡོད་པ་དང་། རྒད་པོ་ནི་ཤ་དགའ་ཞིག་ཡིན་པས། ཉིན་འགའི་བར་ཏུ་བ་མོ་རེ་བསད་ནས་ཤ་ཟོས་པས་མཐའ་མར་བ་མོ་གཅིག་ཀྱང་མ་ལུས་པ་རེད། དེ་ནས་རྒན་མོས་ཤུལ་ན་ལུས་ཡོད་པའི་བ་མོའི་ནུ་མ་དེ་ཁྱེར་ནས་བུད་སོང་བ་དང་ནུ་མ་དེ་བྲག་ངོས་ལ་བརྒྱབ་བས། འབྱར་ནས་འོ་མ་མང་པོ་ཡོང་བ་རེད། རྒན་མོས་ཉིན་རེ་ལ་འོ་མ་ཟོ་གང་རེ་རྒད་པའི་སྒོ་ཁར་བཞག་པ་དང་རྒད་པོས་དེ་ཤེས་ནས་ནུ་མ་དེའང་ཟོས། ཡང་རྒན་མོ་ས་ཆ་གཞན་ཞིག་ལ་སོང་བ་དང་གཅན་གཟན་དག་གི་འདུག་ཁང་ལ་སླེབས་ནས་དེ་ཚོའི་ཇ་མ་བྱས། རྒད་པོས་རྗེས་འདེད་བྱས་ནས་ས་དེ་རྙེད་པ་དང་རྒན་མོའི་ཉལ་སའི་འོག་ནས་ས་དུང་ཞི་བརྐོས་ཏེ་གཞའ་ཡང་། མཇུག་མཐར་ཤེས་སོང་བས་ཁོ་གཉིས་ཀ་གཅན་གཟན་གྱིས་ཟོས།
这段视频讲述了一对夫妇有一百头头牛,由于丈夫特别爱吃肉,把所有的牛都被他吃完了,最后连食物都没有的故事。
从前有一户人家有一百头牛,丈夫特别爱吃肉,每隔几天都会宰一头牛。最后连一头牛是趁着妻子不在的时候宰了,妻子伤心失落拿着牛的乳头走了,但是可喜的是乳头里既然可以挤牛奶。之后妻子每天都会带一桶牛奶悄悄地放在丈夫家,但是他发现是妻子后找到了她,又是趁妻子不在时把牛的乳头也吃了。妻子又走了,无意间到了猛兽居住的地方,让她做了它们的厨娘。丈夫得知后又找到了,妻子让他藏在卧处下面每天会给他食物。最后丈夫因为多嘴被猛兽发现,把它们两个都吃掉了。
- གནའ་སྔ་མོ་ཞིག་ལ་རྒན་རྒོན་གཉིས་ཡོད།
- རྒན་རྒོན་གཉིས་ལ་བ་མོ་བརྒྱ་ཡོད།
- རྒད་པོས་བ་མོ་ཐམས་ཅད་བཤས་བཤས་ནས་ཚར་སོང་བ་རེད།
- བ་གླང་གཉིས་ལུས་པ་རེད།
- རྒན་མོས་དེ་གཉིས་མ་བཤའ།
- རྗེས་ནས་འུ་གཉིས་ལ་འཚོ་བ་རོལ་ཐབས་ཡོད་པ་མ་རེད་ཅེས་བཤད་པ་ན།
- རྒད་པོས་ཉིན་ཞིག་ལ་རྒན་མོ་ཆུ་ཁུར་ཏུ་སོང་ཤུལ་ནས།
- རྒད་པོས་བ་གླང་གཉིས་ཀ་བཤས་པ་ཡིན།
- རྒན་མོས་ངའི་ཆུ་འདི་ལོངས་དང་ཞེས་པ་ན།
- སྡོད་དང་ངས་ལྷམ་གོན་རྗེས།
- ཆུ་འདི་ལོངས་དང་ཞེས་པ་ན།
- སྡོད་དང་ངས་སྐ་རགས་བཅིངས་རྗེས།
- དེ་འདྲ་བཤད་ནས་བར་སྐབས་ཤིག་ལ་རྒན་མོས་ཆུ་ས་ཐོག་ཏུ་བཞག་ནས་ཡོང་བ་ན།
- རྒད་པོས་བ་མོའི་ཤ་ཟ་བཞིན་ཡོད།
- བ་མོ་གཅིག་གི་ནུ་མ་ཐབ་ཐོག་ལ་བཞག་ཡོད།
- རྒན་མོ་ལ་བ་བརྒྱ་དྲིན་ཟེར།
- བ་གཅིག་གཡང་ཟེར་ཞེས་སྔོན་ལའང་རྒད་པོས་དེ་བཤས་པ་རེད།
- འདི་གཅིག་པོ་དངོས་ནས་བཤའ་མི་རུང་།
- འུ་གཉིས་ཀྱི་འཚོ་བ་རོལ་ཐབས་མེད་ཟེར་བ་ན།
- ཡང་དེ་བཤས་ནས་ཤ་ཟ་བཞིན་པའི་སྐབས་ལ།
- ནུ་མ་ཐབ་ཐོག་ལ་བཞག་ཡོད་པ་དེ་རྒད་པོས་བླངས་མེད་པར།
- རྒན་མོས་དེ་རུམ་དུ་བསྡུས་ནས་ལྡོམ་སོང་བ་རེད།
- ལྡོམ་ནས་བྲག་གསེང་ཞིག་ལ་སོང་ནས།
- བྲག་ང་སྙིང་རྗེ་རེ་གཟིགས།
- ངའི་ནུ་མ་འདི་ལོངས་ཞེས་ནས།
- བ་མོའི་ནུ་མ་བྲག་ཐོག་ཏུ་བརྒྱབ།
- དེའི་ནང་ནས་འོ་མ་ཡོང་བ་རེད།
- མོས་དེ་འཐེན་ནས་བསྡད་པ་རེད།
- མོ་རང་བ་མོས་འོ་མ་དེས་ཁ་རྒྱགས་ཐབས་བྱས།
- བར་སྐབས་ཤིག་ལ་ཡང་རྒད་པོ་དེ་རྟོགས་རྒྱུ་རེད་འདོད་ནས།
- མོས་ཞོ་འོ་མ་གྱོ་པུ་གང་ཁྱེར་སོང་ནས་དཀར་ཁུང་ནང་ནས་བལྟས་པ་ན།
- རྒད་པོས་ཐལ་འགམས་ནས།
- འདི་རྒན་མོའི་སྐལ་ཡིན།
- འདི་ངའི་སྐལ་ཡིན་བྱས་ནས་ཐལ་བ་ཡར་མར་བཞག་ནས་བསྡད་ཡོད།
- རྒན་མོས་ཞོ་འོ་མ་གྱོ་པུ་གང་བོ་དཀར་ཁུང་ནས་མར་འཕངས།
- རྒད་པོས་ཨ་ཕ་དྲན་ཨ་མ་དྲན།
- རྒན་མོ་དགའ་ལྡན་མི་དྲན་ཞེས་ནས་རེམ་མར་མིད་པ་ཡིན།
- རྒན་མོར་ཕྱིར་སོང་བ་ཡིན།
- ཕྱིར་ཉིན་ནངས་མོར་ཁ་བ་བབས་འདུག
- རྒན་མོའི་རྗེས་དེད་ནས།
- ཁངས་ཐལ་རྡུལ་ཙམ་འབབ་རོགས།
- རྒན་མོའི་རྗེས་རྙེད་རོགས་ཞུ་ཞེས་ནས།
- ཁོ་རང་དེ་ནས་རྒན་མོའི་རྗེས་དེད་དེ་སོང་བ་ན།
- རྒན་མོ་བྲག་གསེང་ཞིག་ན་ཡོད།
- ནུ་མ་བྲག་ཐོག་ཏུ་བརྒྱབ་ཡོད་པ་དེ་འཐེན་བཞིན་འདུག
- ཨ་ཙི། རྒན་མོ། འདི་ཇི་འདྲའི་སྐྱིད་པ་ལ།
- ནུ་མ་མ་གཏོགས་མི་དགོས་ཞེས་པ་ན།
- རྒན་མོས་ནུ་མ་འགོག་མི་རུང་།
- དེའི་སྟོད་ཕྱོགས་ནས་གཅུན་གཏོང་མི་རུང་།
- འཀོག་འགྲོ་བ་རེད། དེ་བཀོག་ཚེ་འཚོ་བ་རོལ་ཐབས་མེད་ཟེར།
- ནུ་མ་འཐེན་པ་དངསྟོད་ཕྱོགས་ནས་གཅུན་བཏང་།
- ནུ་མ་བཀོག་སོང་བ་རེད།
- དེ་ནས་ཡང་རྒན་མོ་ལྡོམ་སོང་བ་རེད།
- ལྡོམ་ནས་འགྲོ་བའི་ལམ་བར་དུ་དགོ་དག་འགྲོ་བ་མཐོང་།
- དགོ་དགོ་གཡང་གླ་ཆོ་ཞེས་ཞེས་པ་ན།
- དགོ་མ་བུ་ཆོ་རྒན་མོའི་མདུན་དུ་ཡོང་།
- རྒན་མོས་བྲག་གསེང་ཞིག་ན་དེ་འཐེན་ནས་བསྡད་ཡོད།
- ཡང་རྒད་པོ་རྗེས་དེད་དེ་ཐོན་པ་ཡིན།
- ངས་ཁྱོད་དགོ་ཡི་མགོ་ནས་འཛིན་རོགས་བྱེད་ཞེས་པ་ན།
- ཁྱོད་མ་ཡོང་་དང་འགྲོགས་སྲིད་པ་རེད།
- ངས་མ་གཏོགས་འདི་ཁྲིད་མི་ཐུབ་ཞེས་པ་ན།
- རྒད་པོས་དགོ་ཡི་མགོ་ནས་བཟུང་།
- དེ་ནས་ཁྱོས་པུ་གཏོང་མི་ཉན། ཞོག་རྒྱུ་རེད་ཟེར།
- ཡང་པུ་ཟེར་བ་བཏང་ནས་དགོ་ཞོག་སོང་བ་རེད།
- དེ་ནས་རྒན་མོས་འཚོ་བ་རོལ་ཐབས་མི་མདུག
- ད་ཅི་བྱེད་བསམས་ངུ་ཞོར་དུ་བུད་སོང་བ་རེད།
- བྲག་གསེང་ཞིག་ན་བྲག་ཁུང་མཐོན་པོ་ཞིག་གི་ནང་དུ།
- སྡེར་ཁ་བསྒྲིགས་ཡོད་པ་དང་ཐབ་ཀའང་བཅོས་ནས།
- ཉལ་སའང་རྕྭ་སོགས་ཀྱི་མང་པོ་བཅས་ཡོད་པ།
- དེའི་ནང་དུ་སོང་ནས་མོས་ཟ་མ་སོགས་ཟས་ནས།
- འདིའི་ནང་ཅི་ཞིག་ཡོང་ངམ་བསམ་པའི་སྐབས་དེར་ལ།
- དགོང་མོར་འདྲེ་སྲིན་འདྲ་བ་ཏག་ཏག་ཐོན།
- དེ་ནས་མོ་རང་ཅིག་གི་ཉལ་སའི་ནང་དུ་ཉལ་བ་ན།
- ངའི་ཉལ་སའི་ནང་ན་ཅིག་ཡོད་གི་ཟེར།
- དེ་འུ་ཚང་གི་གསེར་ནག་གི་རྡོ་རིལ་ཡིན་རྒྱུ་རེད་ཅེས་བཤད་པར་མ་རེད་ཟེར།
- འུ་ཚང་གི་ཅ་རྐོ་མར་རིལ་སོང་བ་ཡིན་ནམ་ཞེས་པར་མ་རེད་ཟེར།
- རྩམ་པ་མར་རིལ་སོང་བ་ཡིན་ནམ་ཞེས་པར་མ་རེད།
- ངའི་ཉལ་སའི་ནང་ན་ཡོད་གི་ཞེས་པ་ན།
- བལྟས་པ་ན་རྒན་མོ་ཞིག་ཡོད།
- རྒན་མོ་ལ་ཁྱོད་ཅི་བྱེད་དུ་ཡོང་བ་ཡིན་ཞེས་པ་ན།
- ང་མ་འགྲིག་པར་ལྡོམ་ནས་ཡོང་བ་ཡིན་ཞེས་པ་ན།
- དེ་ནས་རྒན་མོ་ལ་ང་ཚོའི་ཨ་མ་བྱས་དང་ཟེར་ནས་ཨ་མ་བྱས་ནས་བསྡད་པ་ཡིན།
- ཨ་མ་ཡིན་ཁུལ་བྱས་ནས་དགོང་མོའི་དུས་ནའང་དེ་དག་ཡོང་བ་རེད།
- ཨ་མ་ང་ལ་ཁག་ཁག་ཐར་ཐར།
- མོ་ལ་ཟ་མ་བསྐོལ་ནས་འཇོག་དགོས་ཞེས་པ་ན།
- ཡ་ཞེས་ནས་མོས་ཟ་མ་སྐོལ་ནས་བསྡད།
- དེ་འདྲ་བྱས་ནས་བསྡད་ཡོད་པའི་སྐབས་ལ།
- ཕྱིར་ཉིད་དེ་དག་ལ་ལུང་ལ་སོང་བའི་རྗེས་ནས།
- རྒད་པོ་ཡོང་བ་རེད།
- ཁྱོད་འདི་ལ་ཡོང་མི་རུང་།
- འུ་གཉིས་ཀ་འཆའ་སྲིད་པ་ཐར་ནི་མ་རེད་ཅེས་པ་ན།
- ད་ཅི་བྱེད་དམ་བསམ་ནས།
- ཟ་མ་ཟ་རུ་བཅུག་རྗེས་ས་དུང་ཞིག་བརྐོས་རྗེས་
- དེའི་ནང་དུ་བཅུག་ནས་ཐོག་ལ་གདན་ཞིག་བཏང་སྟེ་བཙོག་ནས་བསྡད།
- དེ་ནས་ཡང་དེ་དག་ཐོན་པ་དང་།
- ཨ་མ་ང་ལ་ཁག་ཁག་ཐར་ཐར་ཨ་མ་ང་ལ་ཁག་ཁག་ཐར་ཐར་ཟེར་ནས།
- རྒད་པོ་ལ་ཁྱོས་ཁ་གྲགས་མི་རུང་ཟེར།
- རྒད་པོས་དེའི་འོག་ནས་རྒན་མོ་ང་ལ་ཁག་ཁག་ཐར་ཐར་ཟེར།
- གན་ཅི་ཞིག་རེད་དམ་གན་ཅི་ཞིག་རེད་དམ་ཟེར་བ་ན།
- ཨ་མས་པུ་ཤོར་བ་རེད་ཟེར།
- པུ་མ་རེད་ཟེར།
- ཡང་ཨ་མ་ང་ལ་ཁག་ཁག་ཐར་ཐར་ཟེར་བ་ན།
- ཡང་རྒན་མོ་ང་ལ་ཁག་ཁག་ཐར་ཐར་ཟེར།
- གན་ཅི་ཞིག་རེད་དམ་ཟེར་བ་ན།
- ངས་པུ་ཤོར་བ་རེད་ཟེར།
- པུ་མ་རེད་ཟེར་ནས་བཟུང་བ་རེད།
- རྒད་པོ་དང་རྒན་མོ་གཉིས་ཀ་ཟས་པ་ཡིན།